མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་རྡོག་རོལ་གཏོང་བཞིན་མཚམས་འཇོག་དགོས་སྐོར་ནན་སྐུལ་བྱས་འདུག

ཁ་སང་ཟླ་འདིའི་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐེངས་ ༤༧ པ་མཇུག་སྒྲིལ་བ་དང་བསྟུན། ཚོགས་ཆེན་གྱི་མཐའ་མའི་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་སྐབས། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམས་ནས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་ཐོབ་ཐང་ཁག་ལ་གུས་གཙི་དགོས་པའི་ནན་སྐུལ་བྱས་ཡོད་འདུག

ཁོ་ཚོའི་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ནང་། རྒྱལ་སྤྱི་དང་རྒྱལ་ནང་གི་་ཁྲིམས་སྒྲིག་འབྲུ་དོན་བཞིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་གུས་གཙི་དགོས་པར་ང་ཚོས་ནན་སྐུལ་བྱེད་ཀྱི་ཡོད། ཤར་ཏུར་ཀི་སི་ཐན་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པ་མ་ཟད། ཡུ་གུར་མི་རིགས་ཀྱི་གཙོས་གྲངས་ཉུང་མི་རིགས་གཞན་ལ་ཆབ་སྲིད་ཀྱི་བསམ་བློ་བཅོས་བསྒྱུར་སྲིད་བྱུས་འཛིན་གྱི་ཡོད་པ་དང་། བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་དང་སྐྱེ་སྒོ་འགོག་པའི་སྲིད་བྱུས་འཛིན་གྱི་ཡོད་པ་སོགས་ལ་ང་ཚོར་མུ་མཐུད་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གིས་བཙན་དབང་ཐོག་ནས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པར་ང་ཚོས་གདོང་ལེན་བྱེད་པའི་གཅིག་གྲོས་བྱུས་ཡོད། ཅེས་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལྷན་ཚོགས་དང་གླེང་སྟེགས་ནང་ཐའེ་ཝན་མཉམ་ཞུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག

ཡང་གསར་འགོད་གསལ་བསྒྲགས་ནང་། སྟོབས་ཆེན་རྒྱལ་ཁབ་ཁག་བདུན་གྱིས། རྒྱལ་སྤྱིའི་སྤྱི་ཚོགས་ནང་བཙན་དབང་ཅན་གྱི་དཔལ་འབྱོར་སྲིད་བྱུས་དང་དེ་ལག་བསྟར་བྱེད་ཕྱོགས་ཁག་ལ་མཉམ་འབྲེལ་གྱིས་གདོང་ལེན་བྱ་རྒྱུ་ཡིན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལག་བསྟར་བྱེད་པ་དང་འགན་འཁྲི་ལེན་པའི་ཞུ་སྐུལ་བྱེད་བཞིན་ཡོད། ཅེས་བརྗོད་དེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོམ་རའི་ནང་དཔལ་འབྱོར་གྱི་སྟོབས་ཤུགས་སྤྱད་དེ་རྒྱལ་ཁབ་གཞན་ལ་དབང་ཤེད་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དང་། རྒྱལ་སྤྱིའི་ཚོང་ལས་ཀྱི་ཁྲིམས་སྒྲིག་ལ་གུས་གཙི་དགོས་པའི་ནན་སྐུལ་བྱས་ཡོད་འདུག་ལ།  ར་ཤི་ཡ་གཞུང་གིས་ཡུག་རེན་ (Ukraine) ས་མཚམས་དང་ཁུ་རི་མེ་ཡཱ་ (Crimea) ནང་དམག་སྡེ་རྒྱ་བསྐྱེད་བྱེད་པ་སོགས་ཀྱིས་ཁུལ་དེར་བརྟན་བརླིང་མེད་པ་བཟོས་པར་བློ་འཚབ་ཡོད་སྐོར་གྱི་སྐྱོན་བརྗོད་ཀྱང་བྱས་འདུག

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་གི་སྨན་ཁབ་འགྲོ་བ་མི་ཡོངས་ལ་འདྲ་མཉམ་གྱིས་ཐོབ་ཐབས་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་དེར་གདོང་ལེན་བྱེད་ཕྱོགས། ཏོག་དབྱིབས་གཉན་རིམས་རྗེས་ཀྱི་འཛམ་གླིང་གི་བུ་མོའི་སློབ་གསོ་དང་བུད་མེད་ཀྱི་ལས་ཀ་སྤྲོད་ཕྱོགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་གདོང་ལེན་བྱེད་ཕྱོགས་དང་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་བརྟན་བརླིང་། དྲ་ཐོག་གི་འཇབ་རྒོལ་དང་གནས་ཚུལ་འཁྱོག་བརྗོད་བྱེད་པ། ཨི་རན་དང་ཨ་ཧྥི་གྷ་ནི་སི་ཐན་ནས་ཨ་རིའི་དམག་མི་ཕྱིར་འཐེན་བྱས་པ་སོགས་ཀྱི་ཐད་གླེང་སློང་བྱུང་ཡོད་འདུག་ལ། ད་རེས་སྟོབས་ཆེན་རྒྱལ་བདུན་གྱི་ཚོགས་ཆེན་ཐོག་རྒྱ་གར་དང་ཨོ་གླིང་། ལྷོ་ཀོ་རི་ཡ་དང་ལྷོ་ཨ་ཧྥི་རི་ཁ་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཁག་དང་ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་ (ASEAN) ཀྱི་སྤྱི་ཁྱབ་དྲུང་ཆེ་བཅས་སྐུ་མགྲོན་གྱི་ཚུལ་དུ་གདན་ཞུ་བྱས་ཡོད་འདུག་ནའང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤན་ཀར་ (Jaishankar) ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་འཐུས་མིའི་ཚོགས་ཆུང་གི་འཐུས་མི་གཉིས་ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པར་བརྟེན་དྲ་ལམ་ནས་མཉམ་ཞུགས་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པས་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་འགལ་ཟླ་བསླངས་ཡོད་པར་བརྟེན། ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ནི་ཨ་རིའི་བྷལ་ཌན་སྲིད་གཞུང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་བསྐྱར་དུ་ཕྱོགས་གཅིག་ཏུ་བསྡུ་བའི་གོ་སྐབས་བཟང་པོ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཚོགས་ཆེན་གྱི་སྔོན་དུ་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) ལགས་ཀྱིས། ང་ཚོའི་དམིགས་ཡུལ་ནི་རྒྱ་ནག་བཀག་འགོག་བྱེད་པ་དང་རྒྱ་ནག་མར་འཐེན་ཐབས་བྱ་རྒྱུ་དེ་མ་རེད། ཅེས་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་རྒྱ་ནག་ཚུད་པའི་རྒྱལ་ཁབ་སུ་རུང་གིས་མགོ་རྟིང་སློག་ཐབས་བྱེད་བཞིན་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། ཅེས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་ཤུགས་ཆེན་བྱ་དགོས་སྐོར་བརྗོད་ཡོད་པ་རེད།

འདས་ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཨ་རིའི་ནང་འཚོགས་རྒྱུའི་ཐག་གཅོད་བྱས་ཡོད་ནའང་། ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་བརྡལ་ཕྱིན་པར་བརྟེན་དངོས་སུ་ཐུག་འཕྲད་བྱས་ཏེ་འཚོགས་ཐུབ་མེད་པ་རེད། སྟོབས་ཆེན་རྒྱལ་ཁབ་བདུན་ནི་ཕྱི་ལོ་ ༡༩༧༣ ཐོག་མར་ཨ་རི་དང་འཇར་མན་ནུབ་མ། ཧྥ་རན་སི་དང་དབྱིན་ཡུལ་བཅས་མཉམ་འཛོམས་བྱས་ཏེ་དཔལ་འབྱོར་དང་འབྲེལ་བའི་ཐོག་མཉམ་འབྲེལ་དང་ཐག་གཅོད་བྱེད་ཀྱི་ཡོད་ལ། རིམ་བཞིན་རྒྱ་བསྐྱེད་བྱུང་སྟེ་ད་ལྟ་ཉི་ཧོང་དང་ཁེ་ན་ཌ། ཨི་ཊ་ལེ་བཅས་ཁ་སྣོན་བྱུང་སྟེ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མཐུན་ཚོགས་ཞིག་ཏུ་གྱུར་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ལོར་ཨུ་རུ་སུའི་མཐུན་ཚོགས་སྟོབས་ཆེན་རྒྱལ་ཁབ་ཁག་ནང་མཉམ་ཞུགས་བྱས་པར་བརྟེན་སྟོབས་ཆེན་རྒྱལ་ཁབ་བརྒྱད་ (G8) ཆགས་ཡོད་ནའང་། ཕྱིས་སུ་ཨུ་རུ་སུས་ཁུ་རི་མེ་ཡཱ་ (Crimea) དང་ཡུག་རེན་ (Ukraine) གཉིས་ལ་བཙན་འཛུལ་བྱས་པར་བརྟེན། ཕྱི་ལོ་ ༢༠༡༤ ལོར་ཕྱིར་འཕུད་བཏང་སྟེ་ད་ལྟའི་རྒྱལ་ཁབ་བདུན་ (G7) དུ་གྱུར་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese