མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གཞུང་གིས་ཁུང་ཙི་ལྟེ་གནས་ཁང་ཁག་རྟོག་ཞིབ་འོག་བཅུག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གཞུང་གིས་ཁུང་ཙི་ལྟེ་གནས་ཁང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་གྱིས་ད་ལྟ་རྟོག་ཞིབ་འོག་བཞག་ཡོད་པ་དང་ཨར་མི་ཊི་གཙུག་ལག་སློབ་གྲྭའི་ཁུང་ཙི་ལྟེ་གནས་ཁང་མི་རིང་བར་སྒོ་རྒྱག་གཏན་འཁེལ་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་སི་ཌི་ནི་ཞོགས་པའི་ཕོ་ཉ་ (Sydney Morning Herald) ཡིས་སྤེལ་བའི་གནས་ཚུལ་ནང་། ཨོ་གླིང་གི་ཨར་མི་ཊི་གཙུག་ལག་སློབ་གྲྭའི་ (RMIT University) ནང་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་གིས་བཙུགས་པའི་རྒྱ་སྨན་སྡེ་ཚན་ཞིག་ཏོག་དབྱིབས་གཉན་རིམས་ལ་བརྟེན། མ་དངུལ་གྱི་དཀའ་ཁག་ཡོད་ཚུལ་གྱིས་ལོ་འདིའི་ནང་སྒོ་བརྒྱག་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ཨོ་གླིང་བོད་དོན་ལས་འགུལ་ཁང་ (Australia Tibet Council) གིས། ཕྱི་ལོ་ ༢༠༡༣ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སི་ཌི་ནི་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ་གནང་རྒྱུའི་མཛད་འཆར་སྒྲིག་ཡོད་ནའང་། གཙུག་ལག་སློབ་གྲྭ་དེའི་ཁུང་ཙི་སྡེ་ཚན་གྱི་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་༧གོང་ས་མཆོག་གི་མཛད་རིམ་རྩིས་མེད་དུ་བཟོས་ཡོད་པ་དང་། ད་ཆ་ཁུང་ཙི་ལྟེ་གནས་ཁང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ལག་ཆ་ཆེན་པོ་ཞིག་ཡིན་པ་དང་། དེ་ཡིས་བོད་དང་ཡུ་གུར་མི་རིགས། ཧོང་ཀོང་དང་ཐའེ་ཝན་གྱི་དངོས་ཡོད་ཀྱི་གནས་ཚུལ་ཁག་སྦས་སྐུང་བྱེད་པར་ནུས་ཤུགས་མི་དམན་པ་ཞིག་འདོན་གྱི་ཡོད་སྐོར་གྱི་སྐྱོན་བརྗོད་དང་། ཨོ་གླིང་གཞུང་གིས་མུ་མཐུད་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ལག་ཆ་ཁག་འགོག་ཐབས་བྱ་དགོས་སྐོར་གྱི་ཞུ་སྐུལ་བྱས་འདུག

ད་ལྟ་ཁུང་ཙི་ལྟེ་གནས་ཁང་གིས་ཨོ་གླིང་གི་གཙུག་ལག་སློབ་གྲྭ་ ༡༢ དང་མཉམ་འབྲེལ་བྱས་ཏེ་ལྟེ་གནས་ཁང་དེའི་ཡན་ལག་སྡེ་ཚན་བཙུགས་ཡོད་པ་དང་། ཨོ་གླིང་དབུས་གཞུང་གིས་དེ་དག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་བྱས་ཏེ་གཞུང་གི་རྟོག་ཞིབ་འོག་ཚུད་ཡོད་པ་རེད། དེ་དང་འབྲེལ་ནས་དབུས་གཞུང་གིས་གསལ་བསྒྲགས་ཤིག་བྱས་པ་ལྟར་ན། དབུས་ཕྱི་སྲིད་ལྷན་ཁང་གིས་གཙུག་ལག་སློབ་གྲྭ་དེ་དག་དང་ཁུང་ཙི་ལྟེ་གནས་ཁང་གི་ཆོད་ཡིག་རེ་རེ་ལ་ཞིབ་བཤེར་བྱས་ཏེ་ཕྱོགས་གཉིས་དབར་འབྲེལ་བ་མུ་མཐུད་བཟུང་ཆོག་མིན་གྱི་ཐག་གཅོད་བྱ་རྒྱུ་ཡིན་སྐོར་དང་། གཙུག་ལག་སློབ་གྲྭ་ཡོངས་ཀྱིས་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་དང་འབྲེལ་བའི་གནད་དོན་ཆ་ཚང་ཡར་ཞུ་བྱ་དགོས་སྐོར་བརྗོད་འདུག་ལ། འདི་ལོའི་ཕྱི་ ༦ ཚེས་ ༡༠ ཉིན་གྱི་སྔོན་ཚུད་དུ་གཙུག་ལག་སློབ་གྲྭ་དེ་དག་ཚང་མས་སོ་སོའི་ཆོད་ཡིག་བསྐྱར་ཞིབ་ཆེད་དབུས་གཞུང་ལ་མཁོ་སྤྲོད་བྱ་དགོས་ཀྱི་ཡོད་འདུག

སི་ཌི་ནི་ཞོགས་པའི་ཕོ་ཉའི་གནས་ཚུལ་ནང་། སི་ཌི་ནི་གཙུག་ལག་སློབ་གྲྭ་ (University of Sydney) དང་ཝེག་ཊོ་རེ་ཡ་གཙུག་ལག་སློབ་གྲྭ་ (Victoria University)། ཁེན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་ (University of Queensland) དང་ནུབ་ཨོ་གླིང་གཙུག་ལག་སློབ་གྲྭ་ (University of WA) བཅས་བཞི་ཡིས་དབུས་གཞུང་ཕྱི་འབྲེལ་ལྷན་ཁང་ལ་ཁུང་ཙི་ལྟེ་གནས་ཁང་དང་འབྲེལ་བའི་ཆོད་ཡིག་ཁག་བསྐྱར་ཞིབ་ཆེད་མཁོ་སྤྲོད་བྱས་ཚར་ཡོད་འདུག་ལ། མེལ་བྷོན་གཙུག་ལག་སློབ་གྲྭ་ (University of Melbourne) དང་ལཱ་ཌོར་བྷེ་གཙུག་ལག་སློབ་གྲྭ་ (Latrobe University)། དེ་བཞིན་ནེའུ་སོའོ་ཌི་ལྦེལ་གཙུག་ལག་སློབ་གྲྭ་ཆེན་མོ་ (University of New South Wales) ཚུད་པའི་གཙུག་ལག་སློབ་གྲྭ་ཁག་ཅིག་གིས་དབུས་གཞུང་གིས་དུས་བཀག་བཟོས་ཡོད་པའི་ནང་ཚུད་དུ་ཆོད་ཡིག་ཡར་མཁོ་སྤྲོད་བྱ་འཆར་ཡོད་སྐོར་དང་། ཨ་ཌི་ལི་ཡ་ཌི་གཙུག་ལག་སློབ་གྲྭ་ (Adelaide University) ཡིས་མུ་མཐུད་གནད་དོན་དེའི་ཐད་གྲོས་བསྡུར་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་ཨོ་གླིང་དབུས་ཕྱི་སྲིད་ལྷན་ཁང་གིས་ཁུང་ཙི་ལྟེ་གནས་ཁང་ཁག་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་ཡོད་པ་དང་། དེའི་ཡན་ལག་སྡེ་ཚན་ཁག་གིས་ཨོ་གླིང་གི་གཙུག་ལག་སློབ་གྲྭ་ཁག་གི་ནང་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སྤེལ་གྱི་ཡོད་ཚུལ་བརྗོད་པར་བརྟེན། འདས་ལོར་མེལ་བྷོན་གཙུག་ལག་སློབ་གྲྭ་སོགས་གཙུག་ལག་སློབ་གྲྭ་ཁག་ཅིག་གིས་ཁུང་ཙི་ལྟེ་གནས་ཁང་དང་མཉམ་དུ་ཆོད་ཡིག་ལ་བསྐྱར་བཅོས་བྱས་ཏེ། སློབ་རྭའི་ནང་ཁུང་ཙི་ཡན་ལག་སྡེ་ཚན་ཁག་གིས་ཐག་གཅོད་ཁག་ངེས་པར་དུ་གཙུག་ལག་སློབ་གྲྭའི་འཛིན་སྐྱོང་དང་མཉམ་དུ་བྱ་དགོས་པར་བཟོས་ཡོད་པ་དང་། སློབ་གྲྭའི་ཐག་གཅོད་ཁག་སློབ་གྲྭའི་འཛིན་སྐྱོང་གིས་རང་དབང་གི་སྒོ་ནས་བྱེད་ཀྱི་ཡོད་པ་ལས། ཕྱིའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་མེད་ཚུལ་བརྗོད་ཀྱི་ཡོད་ནའང་། གྲོས་ཚོགས་ཀྱི་བདེ་སྲུང་ཚན་པའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཇེམ་སི་པེ་ཊེར་སོན་ (James Paterson) གྱིས། གཙུག་ལག་སློབ་གྲྭ་ཁག་གིས་ཁུང་ཙི་ལྟེ་གནས་ཁང་ཁག་དང་མཉམ་འབྲེལ་བྱེད་བཞིན་པའི་ཐོག་ལ་གཟབ་ནན་གྱིས་བསམ་ཞིབ་བྱ་དགོས་པ་དང་། དབང་ཆ་གཅིག་སྡུད་ཅན་གྱི་ཕྱིའི་སྲིད་གཞུང་ཞིག་གིས་རང་ཉིད་ཀྱི་དབང་ཤུགས་འཕེལ་ཐབས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ་རེད། ཅེས་ཁུང་ཙི་ལྟེ་གནས་ཁང་དང་མཉམ་འབྲེལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་ཨོ་གླིང་དུ་ཡོད་པའི་ཁུང་ཙི་ལྟེ་གནས་ཁང་གི་ལག་ཆར་སྤྱད་པ་བརྒྱུད་དེའི་སློབ་མ་རྣམས་ནས་བོད་དང་ཤར་ཏུ་ཀི་སི་ཐན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་ཐའེ་ཝན་དང་ཧོང་ཀོང་གི་གནས་ཚུལ་ལ་འཁྱོག་བརྗོད་བྱེད་བཞིན་ཡོད་སྟབས། ཨོ་གླིང་གཞུང་གིས་གཙུག་ལག་སློབ་གྲྭ་ཁག་སོ་སོའི་མཉམ་འབྲེལ་ལ་བཀག་སྡོམ་བྱེད་མགོ་བརྩམས་ཡོད་པར་མ་ཟད། ཁུང་ཙི་ལྟེ་གནས་ཁང་དང་མཉམ་འབྲེལ་བྱེད་མཁན་གྱི་གཙུག་ལག་སློབ་གྲྭ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཁུང་ཙི་ལྟེ་གནས་ཁང་གི་ཡན་ལག་སྡེ་ཚན་ཨོ་གླིང་གི་སློབ་རྭའི་ནང་ཡོད་པ་ལ་བརྟེན་སློབ་རྭའི་ནང་རང་དབང་གི་སློབ་གསོ་སྤྲོད་པར་དཀའ་ཁག་ཆེན་པོར་ཕྲད་བཞིན་ཡོད་པ་དང་། ཨོ་གླིང་གཞུང་གི་དབང་ཤུགས་འཕེལ་བར་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། འདས་པའི་ལོ་ཤས་ནང་ཕྱིའི་རྒྱལ་ཁབ་ ༡༦༢ ཀྱི་མཐོ་སློབ་ཁག་ནང་ཁུང་ཙི་ལྟེ་གནས་ཁང་ ༥༥༠ ལྷག་མཉམ་འབྲེལ་འཛུགས་སྐྲུན་དང་ཁུང་ཙི་སློབ་ཆུང་ཟེར་བ་ ༡༡༧༡ བཙུགས་ཡོད་པ་དང་། ད་ལྟའི་བར་སློབ་གྲྭ་དེ་དག་ནང་སློབ་གཉེར་བ་ཁྲི་ ༩༡༦ དང་། མི་གྲངས་ཁྲི་ ༡ ལྷག་གིས་ཁུང་ཙི་རིག་གནས་ལ་དང་ལེན་བྱས་ཡོད་འདུག་ནའང་། ཁུང་ཙི་ལྟེ་གནས་ཁང་ནི་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་དམར་ཤོག་ཚོགས་པའི་ལྟ་གྲུབ་ཁྱབ་སྤེལ་དང་་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱ་བསྐྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་འཛམ་གླིང་ཁྱོན་ཡོངས་ནས་རྒྱ་ནག་ལ་ལྟ་སྟངས་འགྱུར་བཞིན་པ་ལ་བརྟེན། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཁུང་ཙི་ལྟེ་གནས་ཁང་ཁག་རིམ་པར་སྒོ་རྒྱག་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཨ་རི་རྒྱལ་ཡོངས་སུ་ཁུང་ཙི་ལྟེ་གནས་ཁང་ ༡༠ ཙམ་སྒོ་བརྒྱབས་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༤ ནང་སི་ཝེ་ཌན་གཞུང་གིས་རྒྱལ་ཡོངས་ཀྱི་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་ཡོངས་རྫོགས་སྒོ་བརྒྱག་རྒྱུ་ཡིན་པའི་ཐག་གཅོད་གནང་སྟེ་ཡུ་རོབ་ཀྱི་ཁུང་ཙི་ལྟེ་གནས་ཁང་ཡོངས་རྫོགས་སྒོ་བརྒྱག་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese