མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་སྦག་སྦག་སྐོར་སྐྱོད་གནས་སྐབས་མཚམས་བཞག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འགྲོ་འོང་བཀག་སྡོམ་གནང་བཞིན་པར་བརྟེན་དེ་རིང་ནས་སྦག་སྦག་སྐོར་སྐྱོད་གནས་སྐབས་མཚམས་བཞག་འདུག

རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་སོགས་ལ་བརྟེན། རྒྱ་གར་རྒྱལ་ཡོངས་སུ་བོད་དོན་སྦག་སྦག་སྐོར་སྐྱོད་བྱེད་མཁན་ཚེ་རིང་ཡེ་ཤེས་ལགས་ཀྱིས་སྒེར་གྱི་ངོ་དེབ་བརྒྱུད། དེ་རིང་ཕྱི་ཚེས་ ༡༢ ཉིན་ནས་རྒྱ་གར་གྱི་བྱང་ཤར་ཁུལ་གྱི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་གནས་སྐབས་རིང་ལས་འགུལ་མཚམས་འཇོག་བྱས་ཡོད་པ་དང་། རྒྱ་གར་ནང་ནད་ཡམས་གནས་སྟངས་ཇེ་ཡག་ཏུ་ཕྱིན་ན་མུ་མཐུད་སྦག་སྦག་སྐོར་སྐྱོད་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག

འདི་གའི་གསར་འགོད་པར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་གནས་སྐབས་རིང་མཚམས་འཇོག་དགོས་དོན་ཀྱི་སྐོར་ལ་ཁོང་གིས། དང་པོ་ནི་ནད་ཡམས་དང་འབྲེལ་ནས་མངའ་སྡེ་ཁག་གིས་བཀག་སྡོམ་བྱེད་མགོ་རྩོམ་བཞིན་ཡོད་པ་དང་། གཉིས་ནས་ང་ཚོ་བོད་མིའི་གཞིས་ཆགས་མང་པོ་ཞིག་གི་ས་གནས་ཀྱི་གནས་སྟངས་ལ་གཞིགས་ནས་བཀག་སྡོམ་མགོ་འཛུགས་བྱས་འདུག་ལ། ལྷག་པར་དུ་ཉེ་ཆར་བཀའ་ཤག་གི་ངོས་ནས་གཞིས་ཆགས་ཁག་གི་ནང་བཀག་སྡོམ་བྱ་དགོས་པའི་བཀའ་ཕེབས་འདུག དེ་བཞིན་གཞིས་ཆགས་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་མང་པོ་ཞིག་འཐོན་བཞིན་པའི་གནས་སྟངས་འདུག གཞིས་ཆགས་ཁག་ལ་དཀའ་ངལ་དེ་འདྲ་ཞིག་འཕྲད་ཡོད་སྟབས། ངས་ཨུ་ཚུགས་ལྟ་བུ་ཞིག་བྱས་ནས་ལས་འགུལ་སྤེལ་ནས་བསྡད་ན་དཀའ་ལས་སྤྲོད་པ་ལས་གང་ཡང་མཐོང་གི་མི་འདུག དེ་བས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་འཁྱུག་ཙམ་རིང་མཚམས་འཇོག་དགོས་བྱུང་སོང་། ཞེས་བརྗོད་བྱུང་།

ཡང་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་ག་དུས་བསྐྱར་དུ་མགོ་འཛུགས་བྱ་རྒྱུ་ཡིན་མིན་ཐད་ཁོང་གིས། མཚམས་འཇོག་གི་དུས་ཡུན་དེ་ནི་ཕལ་ཆེར་ཕྱི་ཟླ་ ༦ དང་ ༧ གཉིས་ཡིན་པ་དང་། ཕྱི་ཟླ་ ༨ ནང་ལས་འགུལ་མུ་མཐུད་མགོ་འཛུགས་བྱ་འཆར་ཡོད་སྐོར་དང་། ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་འགོག་ཁབ་རྒྱག་པའི་ཐད་རྒྱ་གར་རྒྱལ་ཡོངས་སུ་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྒེར་ངོས་ནས་ཟླ་གཉིས་ཀྱི་ནང་འགོག་ཁབ་གང་འཚམ་ཞིག་བརྒྱབས་ཚར་འགྲོ་བའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ད་ལྟ་བཀག་སྡོམ་བྱེད་ཀྱི་ཡོད་སྟབས་ཏོག་དབྱིབས་གཉན་རིམས་ཀྱི་འགོས་ཚད་ཉུང་དུ་ཕྱིན་ན། མངའ་སྡེ་ཁག་གི་ནང་བཀག་སྡོམ་རིམ་པས་མེད་པ་བཟོ་བའི་རེ་བ་བྱེད་ཀྱི་ཡོད་པས། གནས་སྟངས་དེ་འདྲ་ཞིག་ཆགས་པ་ཡིན་ན་ཕྱི་ཟླ་ ༨ ནས་ད་ལྟ་ལས་འགུལ་མཚམས་འཇོག་བྱེད་ས་ནས་མུ་མཐུད་མགོ་འཛུགས་བྱས་ཏེ་མཇུག་སྐྱོང་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ། བོད་མི་ཚེ་རིང་ཡེ་ཤེས་ལགས་དང་འཆི་མེད་རྟ་མགྲིན་ལགས་རྣམ་གཉིས་ཀྱིས། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ནཱ་འབུལ་ལམ་ཞུ་བའི་སྦག་སྦག་སྐོར་སྐྱོད་བརྒྱུད་བོད་མིའི་ཚོགས་པ་ཁག་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་མགོ་འཛུགས་བྱས་ཡོད་ནའང་། ལས་འགུལ་བ་གཉིས་ཅན་དྷི་གྷར་དུ་འབྱོར་སྐབས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་མཆོག་ནས་ཞལ་པར་འབྱོར་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་སྐུ་མགྲོན་གྱི་ཚུལ་དུ་བཞུགས་ཡོད་སྟབས། རྒྱ་གར་གཞུང་དང་དཔོན་རིགས་ལ་སུན་པོ་མ་བཟོས་ན་ཡག་པོ་ཡོད་པ་དང་། བོད་མིས་བོད་མིར་རྒྱ་གར་གྱི་གཟེངས་རྟགས་དེ་འབུལ་དགོས་འདུག་ཅེས་རྒྱ་གར་གཞུང་ལ་ཞུས་པ་ཡིན་ན་མཛེས་པོ་ཞེ་དྲགས་མེད་ལ། རྒྱ་གར་གྱི་གཟེངས་རྟགས་དེ་རྒྱ་གར་གཞུང་དང་མི་མང་གི་འདོད་པ་དང་ཁོང་ཚོས་དང་དུ་བླངས་ནས་ཕུལ་བ་ཡིན་ན་ཡག་པོ་ཡོད་སྐོར་སོགས་གསུངས་ཡོད་སྟབས། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་མཚམས་འཇོག་བྱས་ཡོད་ནའང་། ཁོང་གཉིས་ཀྱིས་མུ་མཐུད་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་མཚམས་མ་བཞག་པར། ལས་འགུལ་གྱི་མིང་ལ་ (Ride for Pride) ཞེས་བཏགས་ཏེ། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༢ འཁོར་ཚར་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་གནས་བབ་སོགས་ལ་བརྟེན། བོད་མིའི་ཚོགས་པ་དང་མི་སྒེར་གྱི་ངོས་ནས་བོད་དོན་གྱི་ལས་འགུལ་འདྲ་མིན་སྤེལ་དགོས་སྐོར་ལ་བོད་མིའི་གཞིས་ཆགས་ཁག་གི་ནང་རེ་སྐུལ་ཞུ་བཞིན་ཡོད་པ་རེད།

སྦག་སྦག་སྐོར་སྐྱོད་པ་གཉིས་ཀྱིས་ད་ལྟ་བར་ཟླ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མིའི་གཞིས་ཆགས་ཁག་དང་ལྡི་ལི་སོགས་ཀྱི་གཙོས་རྒྱ་གར་བྱང་ཁུལ་གྱི་བོད་མིའི་སྡོད་ཁུལ་གྲངས་ ༣༩ ཙམ་གྱི་ནང་སྐོར་སྐྱོད་གནང་གྲུབ་ཡོད་པ་དང་། དེ་རིང་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་གཞིས་ཆགས་སུ་གནས་སྐབས་རིང་སྐོར་སྐྱོད་མཚམས་འཇོག་བྱས་ཡོད་པ་རེད་ལ། ཉིན་ཤས་གོང་སྦག་སྦག་སྐོར་སྐྱོད་པ་འཆི་མེད་རྟ་མགྲིན་ལགས་ཀྱིས་ལས་འགུལ་ནས་ཕྱིར་འཐེན་བྱས་ཡོད་པ་རེད། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཡག་ཏུ་ཕྱིན་མ་ཐག ཚེ་རིང་ཡེ་ཤེས་ལགས་ནས་མུ་མཐུད་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་འདུས་སྡོད་ཁུལ་ཁག་དང་མོམ་བྷེ། གྷོ་ཝ་དང་གྷོ་ཇི་ར་དྷི་མངའ་སྡེ། ཧི་མ་ཅལ་མངའ་སྡེའི་དྷ་ལ་ཧོ་སི་གཞིས་ཆགས་དང་ལ་དྭགས་སོགས་སུ་ཕྱིན་རྗེས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་བསྒྲིལ་རྒྱུ་ཡིན་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese