མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་པ་ལའང་རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་དད་རང་དབང་ཐད་ཉེན་ཁ་ཆེ་ཤོས་ཤིག་ཡིན་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་ནང་མུ་མཐུད་ཆོས་ལུགས་དད་མོས་རང་དབང་ཐོག་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སོགས་ཆོས་ལུགས་གཞན་དང་གྲངས་ཉུང་མི་རིགས་ཁག་ལ་རྩ་མེད་གཏོང་བའི་སྲིད་ཇུས་འཛིན་བཞིན་ཡོད་སྐོར་བཀོད་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དང་ཧོང་ཀོང་། ཤིན་ཅང་། མཱ་ཀོ་སོགས་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་ ༢༠༠ མ་ཟིན་ཙམ་གྱི་ནང་གི་ཆོས་དད་རང་དབང་སྐོར་ལ་དཔྱད་ཞིབ་སྙན་ཐོ་ཞིག་ཡོངས་བསྒྲགས་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་ཆོས་ལུགས་དད་མོས་རང་དབང་ཐོག་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སོགས་ཆོས་ལུགས་གཞན་དང་གྲངས་ཉུང་མི་རིགས་ཁག་ལ་རྩ་མེད་གཏོང་བའི་སྲིད་ཇུས་འཛིན་བཞིན་ཡོད་སྐོར་བཀོད་འདུགནང་མུ་མཐུད་ཆོས་ལུགས་དད་མོས་རང་དབང་ཐོག་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སོགས་ཆོས་ལུགས་གཞན་དང་གྲངས་ཉུང་མི་རིགས་ཁག་ལ་རྩ་མེད་གཏོང་བའི་སྲིད་ཇུས་འཛིན་བཞིན་ཡོད་སྐོར་བཀོད་འདུག

སྙན་ཐོའི་ནང་། བོད་བརྒྱུད་ནང་བསྟན་དང་ཡེ་ཤུ་ཆོས་ལུགས། ཁ་ཆེ་ཆོས་ལུགས་ཀྱི་རྗེས་འཇུག་པ་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་བཅས་ཀྱིས་ལས་ཀ་འཚོལ་བ་དང་མགྲོན་ཁང་སོགས་གླ་སྐབས་དང་། དཔལ་འབྱོར་འཚོལ་སྒྲུབ་སོགས་ཀྱི་སྐབས་དབྱེ་འབྱེད་ཀྱི་གནད་དོན་ཡང་ཡང་ཡོང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དྲག་གནོན་བྱས་ཏེ། ས་གནས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་སོགས་ཀྱི་ལས་དོན་ནང་རྒྱ་རིགས་འཇོག་ཐབས་བྱེད་ཀྱི་ཡོད་པ་བཀོད་འདུག་ལ། ཉེན་རྟོག་པས་མུ་མཐུད་དགོན་སྡེ་ཁག་གི་ནང་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་པ་མ་ཟད། གཅར་རྡུང་མནར་གཅོད་གཏོང་བ་དང་། ཆོས་ལུགས་ལ་ཁ་གཡར་ནས་དོན་མེད་བཙོན་འཇུག་དང་ཁྲིམས་ཆད་གཅོད་ཀྱི་ཡོད་པ་བཀོད་འདུག

ཡང་ཨ་རིའི་གཞུང་གི་སྙན་ཐོ་དེའི་ནང་། འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་གྱི་ཅི་ནན་གྲོང་ཁྱེར་ (Jinan City) ནང་མི་ཞིག་གིས་མཁན་པོ་བསོད་དར་རྒྱས་ཀྱི་བཀའ་སློབ་འོད་སྡེར་ནང་ཡོད་པ་ཞིག་མི་གྲངས་བརྒྱ་ལྷག་ལ་སྦྲག་ཁང་བརྒྱུད་གཏོང་སྐབས། ས་གནས་ཉེན་རྟོག་པས་མི་དེ་འཛིན་བཟུང་བྱས་ཡོད་པ་མ་ཟད། འོད་སྡེར་གཏོང་སའི་མི་དེ་དག་ཀྱང་ས་གནས་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ཏེ་འདྲི་གཅོད་བྱས་ཡོད་པ་བཀོད་འདུག དེ་བཞིན་འདི་ལོའི་ལོ་འགོར་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ནང་མཁན་པོ་བསོད་དར་རྒྱས་དང་གསེར་རྟ་བླ་རུང་སྒར་ལ་འབྲེལ་བ་ཡོད་པའི་དགོན་པ་ཁག་ཅིག་གིས་ཁྲིམས་མཐུན་མིན་པའི་བྱེད་སྒོ་སྤེལ་གྱི་ཡོད་ཚུལ་བསྒྲགས་ཏེ་སྒོ་བརྒྱབས་ཡོད་པ་དང་། རྒྱ་ནག་གཞུང་གིས་དགོན་པ་དེ་དག་སྒོ་བརྒྱབས་པའི་དམིགས་ཡུལ་གཙོ་བོ་ནི་མཁན་པོ་བསོད་དར་རྒྱས་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་དང་། བླ་རུང་སྒར་དུ་ཞུགས་པར་ངེས་པར་དུ་རྒྱ་ནག་གཞུང་གི་རྒྱབ་གཉེར་གྱི་ཡིག་ཆ་ཁག་དགོས་པ་བཟོས་ཐོག བླ་རུང་སྒར་གྱི་ཡིག་རྒྱུགས་ཁག་གི་ནང་དུ་དགེ་འདུན་པ་ཚོར་ཆབ་སྲིད་ཀྱི་གནད་དོན་ཡོད་མེད་དང་། ཆབ་སྲིད་ཀྱི་ཐོག་བློ་འགེལ་ཆོག་མིན་གྱི་ར་སྤྲོད་བྱ་དགོས་པ་སོགས་བཅུག་ཡོད་པའི་ཐད་སྐྱོན་བརྗོད་བྱས་འདུག

སྙན་ཐོ་དང་འབྲེལ་ནས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) མཆོག་ནས་གསུང་བཤད་གནང་བའི་ནང་། ཁྲིན་ཏུའི་དབུས་ཆོས་ལུགས་སྔོན་འགོག་དང་དོ་དམ་ཁང་ (Central Leading Group Preventing and Dealing with Heretical Religions) གི་འགན་འཛིན་ཡུ་ཧུའེ་ (Yu Hui) ཡིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་གང་བྱུང་བཙོན་འཇུག་བྱས་པ་ལ་བརྟེན། ཡུ་ཧུའེ་ (Yu Hui) དང་ཁོའི་ཁྱིམ་མི་རྣམས་ལ་ཨ་རིའི་ནང་འཛུལ་མི་ཆོག་པའི་ཉེས་ཆད་བཀལ་པ་ཡོངས་བསྒྲགས་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆོས་དད་རང་མོས་ནི་ཁྲིམས་འགལ་ཞིག་རྩིས་ཐོག མུ་མཐུད་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་ཡུ་གུར་ཁ་ཆེ་བ་དང་ཆོས་ལུགས་གཞན་དང་གྲངས་ཉུང་མི་རིགས་ཚོ་རྩ་མེད་གཏོང་བའི་སྲིད་ཇུས་སྤེལ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག

དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་འགན་འཛིན་ཌེ་ནི་ན་ཌལ་ (Daniel Nadel) གྱིས་སྙན་ཐོ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་སྐབས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སོགས་ཀྱི་ཐོག་འཛིན་པའི་སྲིད་ཇུས་ལ་སྣང་མེད་འཇོག་ཐབས་མེད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་ཡིན་སྐོར་བརྗོད་འདུག་ལ། སྐབས་དེར་གསར་འགོད་པས་ཉེ་ལམ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གིས་ཨ་རིའི་འཛིན་སྐྱོང་ལ་རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པར་བརྟེན། པེ་ཅིན་དུ་འཚོག་འཆར་ཡོད་པའི་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་མི་ཞུགས་པའི་འབོད་སྐུལ་ཞུས་ཡོད་ནའང་། ཐེངས་འདིའི་སྙན་ཐོའི་ནང་དེའི་སྐོར་བཀོད་མེད་པར་བརྟེན་དེའི་ཐད་ལ་གསལ་བཤད་ཅི་ཡོད་དྲིས་པར། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་གནས་སྟངས་སྣང་མེད་དུ་འཇོག་ཐབས་མེད་པ་དང་། དེ་ནི་ཡུ་གུར་མི་རིགས་ཙམ་མ་ཡིན་པར་བོད་མི་དང་ཧོང་ཀོང་བ་སོགས་ཀྱི་གནད་དོན་ཞིག་ཀྱང་ཡིན་སྐོར་དང་། ཨོ་རྩལ་འགྲན་ཚོགས་ལྟ་བུར་ཆ་མཚོན་ན། ཚོགས་པ་གཅིག་གཉིས་ཀྱི་ནུས་པ་འདོན་ཐུབ་ཐབས་མེད་པར་བསམ་བློ་མཐུན་པའི་མཐུན་གྲོགས་ཚོ་དང་མཉམ་འབྲེལ་བྱས་ཚེ་ནུས་པ་འདོན་ཐུབ་པས། ད་ལྟའི་དུས་སྐབས་སུ་པེ་ཅིན་གཞུང་གིས་ཨོ་རྩལ་འགྲན་ཚོགས་སྤྱད་དེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྲིད་གཞུང་གི་སྣང་བརྙན་དེ་ཇེ་ཡག་གཏོང་བཞིན་པར། ཆོས་དད་རང་དབང་ཚོགས་པས་གདོང་ལེན་བྱེད་ཐབས་སུ་གདམ་ཀ་ཅི་ཡོད་ཀྱི་ཐད་བསྐྱར་ཞིབ་བྱེད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་ད་ལྟ་ཨ་རིའི་གྲོས་ཚོགས་འོག་མ་དང་མཐུན་ཕྱོགས་གཅིག་པའི་ཚོགས་སྡེ་ཁག དེ་བཞིན་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་ཆེ་ཁག་ལ་ལམ་སྟོན་ཞུ་བཞིན་ཡོད་སྐོར་བརྗོད་དེ། རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་པས་ཨོ་རྩལ་འགྲན་ཚོགས་ནང་ཨ་རི་མི་ཞུགས་པའི་འབོད་སྐུལ་མུ་མཐུད་ཞུ་རྒྱུ་ཡིན་པ་བཀོད་འདུག

ཡང་ཨ་རིའི་གཞུང་གི་སྙན་ཐོ་དེའི་ནང་། ཉེ་བའི་དུས་ཀྱི་རིང་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་དོན་ཁང་བཅས་ཀྱིས་ཡང་དང་བསྐྱར་དུ་རྒྱ་ནག་གཞུང་གིས་བོད་ནང་དང་རྒྱ་ནག་ནང་དུ་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་བློ་འཚབ་ཡོད་པ་བརྗོད་ཀྱི་ཡོད་པ་མ་ཟད། ཁྲིན་ཏུའི་ཨ་རིའི་དོན་ཁང་སྒོ་མ་བརྒྱབས་སྔོན་དུ་བོད་ནང་གི་བོད་རིགས་ཆོས་ལུགས་ཀྱི་མགོ་ཁྲིད་དང་ཚོགས་སྡེ་ཁག་གི་འཐུས་མི་སོགས་ལ་ཐུག་འཕྲད་བྱས་ཏེ་ཨ་རིའི་གཞུང་གིས་ཆོས་དད་རང་དབང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གཙོ་འདོན་བྱས་ཡོད་པ་དང་། ཆོས་ལུགས་ཀྱི་དུས་ཆེན་ཁག་གི་སྐབས་ཨ་རིའི་གཞུང་ཚབ་དང་དོན་ཁང་གིས་དུས་ཆེན་གོ་སྒྲིག་བྱས་ཏེ་སྲུང་གཙི་བྱེད་པ་དང་ཆོས་ལུགས་ཀྱི་མགོ་ཁྲོད་ཚོར་ཆོས་དད་རང་མོས་དགོས་གལ་ཆེ་སྐོར་སོགས་ཀྱི་ཐད་གླེང་མོལ་བྱེད་ཀྱི་ཡོད་པ་སོགས་དང་། འདས་ལོའི་ཕྱི་ཟླ་ ༡༠ ནང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མཆོག་ཨིན་རྡུ་ནི་ཤི་ཡའི་ནང་གཏམ་བཤད་གནང་སྐབས། མ་འོངས་པའི་ཆོས་དད་རང་དབང་གི་ཉེན་ཁ་ཆེ་ཤོས་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཁ་ཆེ་ཆོས་ལུགས་དང་། ནང་བསྟན་ཆོས་ལུགས། ཡེ་ཤུ་ཆོས་ལུགས། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཐད་དམག་འཐབ་གྱི་གཡུལ་གཤོམ་བཞིན་པ་དེ་རེད་ལ། དམར་ཤོག་ཚོགས་པས་རྒྱ་ནག་ནང་གི་ཆོས་ལུགས་ཚང་མའི་ཐོག་ཡང་ཡང་གཏོར་བཤིག་གཏོང་གི་ཡོད་པ་རེད། ཅེས་བརྗོད་དེ་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་བསྐྱོན་བརྗོད་བྱེད་ཀྱི་ཡོད་པ་ལུང་འདྲེན་གནང་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ལྟར་ན། བོད་སོགས་ཚུད་པའི་རྒྱ་ནག་རྒྱལ་ཡོངས་ནང་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་བརྒྱ་ཆའི་ ༡༨།༢ དང་། ཡེ་ཤུ་ཆོས་ལུགས་པ་བརྒྱ་ཆའི་ ༥།༡། ཁ་ཆེ་བ་བརྒྱ་ཆའི་ ༡།༨། ས་གནས་ཀྱི་ཡུལ་ལྷ་འདྲ་མིན་ལ་ཆོས་བྱེད་མཁན་བརྒྱ་ཆའི་ ༢༡།༩། ཆོས་ཁས་མི་ལེན་མཁན་ནམ་ཆོས་ཁས་ལེན་མཁན་ཡིན་པའི་ཁོངས་སུ་མེད་མཁན་བརྒྱ་ཆའི་ ༥༢།༢ ཡིན་འདུག་ལ། ཧིན་རྡུ་བ་དང་ཇེའུ་ཆོས་ལུགས་པ། ཏའོ་ཆོས་ལུགས་པ་བཅས་གསུམ་ནི་བརྒྱ་ཆའི་གཅིག་ཀྱང་མེད་པ་བཀོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་ཆོས་ལུགས་ཀྱི་ས་གནས་ཁག་ཁྲི་ ༡༤ ལྷག་རྒྱ་ནག་དམར་ཤོག་ཚོགས་པར་དེབ་སྐྱེལ་བྱས་ཡོད་པའི་ཁྲོད། བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་དགོན་པ་དང་གནས་གྲངས་ ༣༨༠༠ ཙམ་དང་། རྒྱ་བརྒྱུད་ནང་བསྟན་གྱི་གནས་གྲངས་ ༢༨༠༠༠། སིང་གྷ་ལ་སོགས་སུ་དར་བའི་ནང་བསྟན་གྱི་དགོན་པ་གྲངས་ ༡༧༠༠ དང་། ཊའོ་དགོན་པའམ་གནས་གྲངས་ ༩༠༠༠། ཁ་ཆེ་ལྷ་ཁང་གྲངས་ ༣༥༠༠༠། ཡེ་ཤུའི་ལྷ་ཁང་ཁྱོན་ཁྲི་ ༦ ལྷག་ཡོད་པ་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese