མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་བལ་ཡུལ་ནང་བོད་མི་ ༡༡༧༥ ལ་ཏོག་དབྱིབས་གཉན་རིམས་ན་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp
བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པའི་བོད་མི་གྲངས་ ༤༤༣ བྱུང་བ་དང་འདས་གྲོངས་སུ་ཕྱིན་པ་ ༢༢། མི་ ༡༣༤ ལ་སེམས་ཁམས་ཀྱི་ནད་གཞི་ཕོག་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ད་ལྟའི་ཆར་ནད་རླབས་གཉིས་པའི་སྐབས་སུ་མི་གཅིག་ན་བ་ཡིན་ན། དེའི་ནང་མི་དང་གྲོགས་པོ་ཆ་ཚང་ན་བ་སོགས་ཁྱབ་བརྡལ་ཆེན་པོ་ཕྱིན་གྱི་འདུག  དེར་བརྟེན་རང་ཉིད་གྲོགས་པོ་གྲོགས་མོ་དང་ལས་ཁུངས་སོགས་ལ་མ་འཛོམས་ན་ཡག་པོ་འདུག  གལ་སྲིད་འཛོམས་པ་ཡིན་ན་ཁ་རས་གྱོན་པ་དང་ལག་པ་ཡང་སེ་འཁྲུད་པ། ཅ་ལག་གང་བྱུང་ལ་ལག་པ་མ་འཆང་བ་སོགས་ལག་ལེན་བསྟར་རོགས་གནང་། རང་ཉིད་ན་ཚར་བའི་རྗེས་སུ་དེ་ལ་ནད་རྟགས་ཆུང་ཆུང་མ་གཏོགས་མེད་རུང་སྣང་མེད་དང་མཐོང་ཆུང་མ་གཏང་བར་སྨན་པ་སོགས་ལ་འབྲེལ་བ་བྱས་ཏེ་སྨན་ཁང་དུ་དུས་ཐོག་ཏུ་བརྟག་དཔྱད་བྱེད་དགོས་ཀྱི་འདུག  ཅེས་བརྗོད་སོང་།

དེ་ནས་སྨན་པ་མཚམས་གཅོད་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་བོད་མི་འདུས་སྡོད་ཀྱི་ས་གནས་གྲངས་ ༢༧ དང་། བལ་ཡུལ་ནང་ས་གནས་གྲངས་ ༦ ལ་བསྡོམས་པའི་རང་ཁྱིམ་ཟུར་བཀག་ནང་བཞུགས་པའི་བོད་མི་ ༡༡༡༣ ཡོད་པ་དང་། ཚོགས་སྡེའི་ཟུར་བཀག་ནང་བཞུགས་པའི་མི་ ༥༨༢ ཡོད་ལ། ད་ལྟ་བར་དུ་བོད་ཀྱི་སྨན་རྩིས་ཁང་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ལུས་སེམས་ནུས་གསོའི་སྨན་ ༣༤.༠༤༥ རིན་མེད་ཐོག་གནང་ཡོད་སྐོར་དང་།  ཉེ་བའི་ཆར་ལུས་སེམས་ནུས་གསོའི་སྨན་འདི་དེ་སྔ་ཕྱི་ཟླ་ ༣ ནང་གཏན་འབེབས་གནང་བ་རེད། དེ་ནས་བར་ལམ་དམིགས་བསལ་ནད་རྟགས་མེད་པ་དང་ཚབས་ཆུང་བ་ཡོད་པའི་གནས་སྟངས་ཀྱིས་བསྐྱར་ཞིབ་གནང་བ་རེད། ད་ལྟའི་ཆར་རྒྱ་གར་ནང་དུ་ནད་རླབས་གཉིས་པའི་རྐྱེན་གྱིས་མི་མང་པོར་འབྲེལ་གཏུགས་བྱུང་བ་དང་། ཡར་མར་འགྲུལ་བཞུད་བྱས་པ་དེ་ཚོའི་ནང་དུ་ནད་རྟགས་མངོན་པ་དང་ཚབས་ཆེན་ནད་རྟགས་མངོན་པ་སོགས་མང་པོ་འབྱུང་གི་འདུག  དེ་ཚོ་ལ་བརྟེན་ནས་ད་ལྟའི་ཆར་ལུས་སེམས་ནུས་གསོའི་སྨན་ཡང་བསྐྱར་བསྐྱར་ཞིབ་བྱེད་པའི་ཐོག་ནས་མི་མང་ལ་བགོ་འགྲེམ་ཞུ་དགོས་པ་ཆགས་ཀྱི་འདུག  སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་བདུན་ཕྲག་འདིའི་ནང་མི་ ༡༣༤ ལ་སེམས་ཁམས་ཀྱི་ནད་གཞི་ཕོག་འདུག  ནད་གཞི་ཕོག་པ་དེ་ཚོ་ལ་གནས་སྟངས་རྒྱུས་ལོན་བྱས་པའི་ཐོག་ནས་མང་པོ་ཞིག་ལ་དངངས་སྐྲག་དང་གཉིད་མ་ཁུག་པ་སོགས་ཀྱི་དཀའ་ངལ་ཡོད་པ་དེ་འདྲའི་ཐོག་ལ་སེམས་ཁམས་འཕྲོད་བསྟེན་གྱི་ངོས་ནས་སློབ་གསོ་གནང་ཐུབ་པ་བྱུང་ཡོད་ཅེས་བརྗོད་འདུག

དེ་བཞིན་མཚམས་གཅོད་ལགས་ཀྱིས་བདུན་ཕྲག་འདིའི་ནང་གི་ནད་པའི་གནས་སྟངས་འགྲེལ་བརྗོད་གནང་བ་ལྟར་ན། བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པའི་བོད་མི་གྲངས་ ༤༤༣ བྱུང་བའི་ནང་སྐྱེས་པ་གྲངས་ ༢༡༨ དང་བུད་མེད་ ༢༢༥ ཡོད་པ་དང་། ནད་པ་ལོ་མཐོ་ཤོས་ ༩༣ དང་ཆུང་ཤོས་ལོ་གཅིག་ཡིན་འདུག དེ་བཞིན་བདུན་ཕྲག་འདིའི་ནང་མི་གྲངས་ ༢༢ རྐྱེན་འདས་སུ་ཕྱིན་ཡོད་འདུག ད་ལྟ་བར་དུ་བོད་པའི་སྤྱི་ཚོགས་ནང་ནད་གཞི་ཕོག་པའི་མི་གྲངས་ ༣༣༧༧ དང་། དྲག་སྐྱེད་སོང་བའི་མི་གྲངས་ ༢༡༡༩། འདས་གྲོངས་སུ་སོང་བའི་མི་གྲངས་ ༨༣ ཆགས་འདུག  ད་ལྟའི་ཆར་རྒྱ་གར་ནང་ས་གནས་ ༢༩ དང་བལ་ཡུལ་ནང་ས་གནས་ ༤ རྣམས་བསྡོམས་པའི་ད་ལྟ་ནད་མནར་བཞིན་པ་ ༡༡༧༥ ཆགས་འདུག་ལ། ད་ལྟའི་ནད་ཡམས་འདི་ལ་ཁ་ཟས་མངར་མོ་རིགས་བསྟེན་རྒྱུ་མེད་པ་དང་། ཐོག་མར་ནད་རྟགས་ཡོད་པའི་སྐབས་སུ་འོ་མ་དང་ཞོ་རིགས་སོགས་འཐུང་རྒྱུ་མེད་སྐོར་བརྗོད་འདུག

བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས། འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་ཡམས་དེ་འཕར་གྱི་འདུག  དེ་ཡང་དམིགས་བསལ་རྒྱ་གར་ནང་དུ་ནད་ཡམས་འཕར་གྱི་ཡོད་པ་རེད། འཛིན་གྲྭ་དང་ལས་ཁུངས་ཁག་གི་སྒོ་དང་སྒེའུ་ཁུང་སོགས་ཕྱེས་ཏེ་རླུང་ཡག་པོ་འགྲོ་དགོས་པ་བཟོ་རྒྱུ་དེ་གལ་ཆེན་པོ་རེེད་འདུག  ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ནང་དུ་སྔོན་འགོག་སྨན་ཁབ་རག་རྒྱུ་ཁག་པོ་ཡིན་ཙང་། ཚང་མས་ཁ་རས་གྱོན་པ་དང་། ནད་རྟགས་ཐོན་པ་དང་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་ཀྱི་འདུག  ནད་གཞི་ཕོག་མཁན་ཚོར་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ་རོགས་སྐྱོར་གནང་ཐུབ་ན་ཡག་པོ་འདུག  ད་ལྟའི་གནས་སྟངས་ཛ་དྲག་ཆགས་ཀྱི་ཡོད་པས་དོ་བདག་སོ་སོ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱིས་གདོང་ལེན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་འདུག  དེ་བཞིན་དྭང་བླངས་ཞབས་ཞུ་གནང་ཐུབ་ན་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་ཡི་ཡིན། ཞེས་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༣ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༦ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese