མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་པའི་ཉིན་མོར་བཀའ་སྤྱི་གཉིས་ནས་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་དམར་པོའི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༦ འཁོར་བའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་ནང་། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་ཞལ་བཞུགས་ཡོད་མེད་རྩད་གཅོད་ཡོང་རྒྱུར་རམ་འདེབས་གནང་རྒྱུའི་རེ་སྐུལ་ཞུས་ཡོད་འདུག

བཀའ་ཤག་གི་ཡིག་ཐོག་བསྒྲགས་གཏམ་ནང་། ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་ནང་མི། བཀྲས་ལྷུན་བྱ་བྲལ་རིན་པོ་ཆེ། ཁོང་དང་འབྲེལ་ཡོད་མི་སྣ་གཞན་བཅས་པ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་ནན་པོ་བྱ་རྒྱུ་ཡིན། ཉེ་ཆར་ཨ་རིའི་ཕྱི་སྲིད་མགྲིན་ཚབ་པས་གསུངས་དོན་ལྟར། རྒྱ་ནག་གཞུང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་ཚང་མས་ཤེས་པ་བཟོ་དགོས་པ་དང་། ༧པཎ་ཆེན་རིན་པོ་ཆེ་ང་ཚོ་ཚང་མས་དངོས་སུ་མཇལ་རྒྱུའི་གོ་སྐབས་ངེས་པར་བསྐྲུན་དགོས། ཞེས་བཀོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་རེ་སྐུལ་དོན་ཚན་ལྔ་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།  རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་བཅས་ཀྱི་ངོས་ནས། པཎ་ཆེན་རིན་པོ་ཆེ་མཆོག་མི་ལོ་ ༢༦ རིང་གར་སོང་ཆ་མེད་དུ་སོང་བ་འདི་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ལྟ་བུ་ཞིག་ཡིན་པས་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འགོད་རྒྱུར་རམ་འདེབས་གནང་རྒྱུ་དང་། གཞིས་བྱེས་བོད་མི་ཡོངས་ཀྱིས་༸གོང་ས་མཆོག་ནས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ལས་རྒྱ་ནག་དམར་གཞུང་གིས་ཆེད་དུ་བསྐོས་པའི་རྒྱལ་མཚན་ནོར་བུར་དད་གུས་དང་བརྩི་བཀུར་བྱེད་ཀྱི་མེད་པ་ལྟར། རྒྱ་ནག་དམར་གཞུང་དང་འབྲེལ་ལམ་གནང་སྐབས་དེ་ལུགས་གོ་བརྡ་འཕྲོད་ངེས་གནང་རྒྱུ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་མང་དག་ཅིག་གི་དབུ་ཁྲིད་རྣམ་པས། རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་དགོས་པའི་དགོས་འདུན་བཏོན་ ཡོད་ནའང་། རྒྱ་གཞུང་གིས་དབུ་སྐོར་རྫུན་གཏམ་འབའ་ཞིག་ལ་བརྟེན་ནས་གཡོལ་ཐབས་བྱས་ཡོད་སྟབས། གཞུང་སྒེར་གྱི་རྒྱབ་སྐྱོར་བ་རྣམས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་མ་བྱུང་གི་བར་སྔར་བཞིན་རྒྱ་དམར་གཞུང་ལ་དགོས་འདུན་དང་སྐུལ་ལྕག་གནང་རྒྱུ་བཅས་ཀྱི་འབོད་སྐུལ་ཞུས་འདུག

གཞན་ཡང་། སྤྱི་ལྷན་གྱི་བསྒྲགས་གཏམ་ནང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་གནང་སྟེ། ཉིན་གསུམ་ལས་མ་འགོར་བར་ལོ་དེའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་། ཁོང་གི་ཡབ་ཡུམ། ཡང་སྲིད་བརྩད་འཚོལ་འགན་འཁུར་བ་བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་ཀྱིས་གར་སོར་ཆ་མེད་དུ་གྱུར་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་རྒྱལ་མཚན་ནོར་བུ་ཟེར་བའི་ཁྱེའུ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཡིན་ཚུལ་སྒྲོག་བཞིན་ཡོད་སྐོར་བཀོད་འདུག་ཅིང་། བཀའ་ཤག་གི་ངོས་ནས། རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་དེ་ནི འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་གཞོན་ཤོས་དེ་ཆགས་ཡོད་པ་དང་། བྱིས་པ་ལོ་གཞོན་དེ་འདྲ་ཉེས་མེད་བཙན་ཁྲིད་བྱས་པ་ནི་སྤྱིར་མི་སྤྱོད་ལས་འདས་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྱད་པར་བྱིས་པའི་ཐོབ་ཐང་གི་ཁྲིམས་ལུགས་ཁག་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད། ལྷག་པར་དུ་རྒྱ་ནག་གཞུང་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྤྲུལ་ངོས་འཛིན་བྱེད་ཕྱོགས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་གང་སར་ཐེ་བྱུས་ཀྱིས་དེ་དག་སྲིད་དོན་གྱི་ལག་ཆར་མཁོ་སྤྱོད་བྱེད་སླད། བཀའ་རྒྱ་ཨང་ ༥ པ་ཟེར་བ་སོགས་ཁྱབ་བསྒྲགས་བྱས་ཡོད་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་ལ་ཁྱད་གསོད་དང་། བོད་མི་ས་ཡ་དྲུག་གི་ཆོས་དད་དང་སེམས་ཚོར་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་ན། ད་རེས་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ཐ་ཞན་དེ་དག་ལ་བློ་ཕམ་ཚད་མེད་དང་སྦྲགས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་བརྗོད་རྒྱུ་ཡིན། ཞེས་བཀོད་འདུག

དེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ལོར་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། བྱིས་པའི་ཐོབ་ཐང་ཚོགས་ཆུང་། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ལས་དོན་ཚོགས་ཆུང་། མནར་གཅོད་ཁ་གཏད་ཚོགས་ཆུང་སོགས་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་ཁག་དང་། རྒྱལ་སྤྱིའི་ཚོགས་པ་གཞན་བཅས་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་རྒྱུས་ལོན་དང་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུག་ལན་མང་གནང་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཞིབ་རྩད་གནང་མཁན་རང་དབང་ལྡན་པའི་ཁྱད་མཁས་མི་སྣའི་ཚོགས་ཆུང་གཏོང་དགོས་པའི་རེ་སྐུལ་ཡང་ཞུས་ཡོད། དེ་བཞིན་ཡུ་རོབ་གྲོས་ཚོགས་དང་། ཨ་རི། ཨིན་ཡུལ། ཁེ་ན་ཌ་སོགས་རྒྱལ་ཁབ་མང་པོའི་གྲོས་ཚོགས་དང་། སྲིད་གཞུང་། རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་གསལ་བཤད་དང་གློད་བཀྲོལ་གཏོང་དགོས་པའི་གྲོས་ཆོད་དང་། སྙན་ཐོ་སོགས་བཏོན་ནས་འབོད་སྐུལ་གནང་ཡོད། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་མང་པོས་ཀྱང་ལས་འགུལ་རྒྱུན་མ་ཆད་པར་སྤེལ་དང་སྤེལ་མུས་ཡིན་ཡང་། རྒྱ་ནག་གཞུང་ནས་ད་བར་དུ་ཚང་མའི་ཁ་འགོག་ཐབས་ཀྱི་ལན་ཐུང་གཅིག་ཁོ་ན་བསྐྱར་ཟློས་བྱས་པ་ལས། དངོས་ཡོད་གནས་སྟངས་དང་མཐུན་པའི་འགན་ཁུར་ལན་འདེབས་ཤིག་རྩ་བ་ནས་བྱས་མེད།  འདི་ལོའི་ཟླ་ ༤ ཚེས་ ༢༡ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་མུ་མཐུད་བྱེད་ཀྱི་ཡོད་སྐོར་གསལ་པོ་འཁོད་ཡོད། ཅེས་བཀོད་འདུག

དེ་རིང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ངོས་ནས་དྲ་ལམ་བརྒྱུད་རྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་རྗེས་དྲན། ཞེས་པའི་བོད་དབྱིན་གཉིས་ཀྱི་དཔེ་དེབ་ཅིག་དབུ་འབྱེད་དང་སྦྲགས་དྲ་ལམ་གཏམ་བཤད་ཅིག་གོ་སྒྲིག་གནང་འདུག

དྲ་ལམ་གྱི་ལས་རིམ་དེའི་ཐོག་ཕེབས་པའི་གསུང་བཤད་པ་བཀྲ་ཤིས་ལྷུན་པོའི་སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས། དེ་རིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་སོང་བའི་གནད་དོན་དང་འབྲེལ་ནས་ཕྱག་དེབ་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་པའི་མཁས་དབང་བློ་བཟང་སེང་གེ་མཆོག་དང་། རྒྱ་གར་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ (Anantkumar Hegde) གཙོས་པའི་གསན་གཟིགས་གནང་མཁན་ཡོངས་ལ་འཚམས་འདྲི་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་ཕྱག་དེབ་དབུ་འབྱེད་གནང་བ་ལ་སེམས་གཏིང་ནས་དགའ་ཚོར་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་འདི་བོད་དང་ཧི་མ་ལ་ཡ་ཙམ་མིན་པར་འཛམ་གླིང་སྤྱི་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་ལ་གནམ་ལ་ཉི་མ་ཟླ་བ་ས་ལ་རྒྱལ་བ་པཎ་ཆེན་ཟེར་བའི་གསུང་སྲོལ་ཡོད་པ་ལྟར། རྒྱལ་མཆོག་ཡབ་སྲས་རྣམ་གཉིས་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་དང་ཡང་སྲིད་ངོས་འཛིན་གྱི་འབྲེལ་བའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། དེ་སྔོན་གྱི་པཎ་ཆེན་རྣམས་ལ་ལ་གཅེན་གཅུང་གི་ཚུལ་དུ་ཕེབས་པ་དང་ལ་ལ་དགེ་སློབ་ཀྱི་ཚུལ་དུ་ཕེབས་པ་ལ་སོགས་པའི་མདོར་ན་རྒྱལ་མཆོག་ཡབ་སྲས་རྣམ་གཉིས་བླ་སློབ་དང་ཡང་སྲིད་ངོས་འཛིན། གཉེན་རྫོགས་ཀྱི་སྡོམ་པ་བཞེས་སྲོལ། གཙུག་ཕུད་བཞེས་སྲོལ་ལ་སོགས་པའི་ཐུན་མོང་མ་ཡིན་པའི་རླབས་ཆེན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་ཡོད་རེད། དེ་བཞིན་ཀུན་གཟིགས་༧པཎ་ཆེན་བཅུ་པ་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱི་དོན་དུ་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་སྐུ་ལས་ཚད་མེད་བསྐྱོན་ཏེ་ཉམས་པ་སླར་གསོ་གནང་ཡོད་རེད། དེ་མིན་ཆོས་བརྒྱུད་ཁག་གི་དགོན་སྡེ་ཁག་ཉམས་གསོ་གནང་བ་དང་ཆོས་ཕྱོགས་ཀྱི་མཛད་པ་ཉམས་པ་སླར་གསོ་གནང་བ་རེད། ཤེས་བྱ་ཟུང་འབྲེལ་གྱི་སློབ་གྲྭ་གསར་འཛུགས་གནང་བ་སོགས་རླབས་ཆེན་གྱི་མཛད་པ་བཞེས་ཡོད་པ་རེད། དེ་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཐུགས་ཀྱི་དགོངས་པ་རྫོགས་ཏེ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་རྗེས། རྒྱ་ནག་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བཙན་ཁྲིད་གནང་སྟེ་ད་བར་དུ་ལོ་ངོ་ ༢༦ འཁོར་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་༧པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་ཕྱོགས་སྒྲིག་དང་པར་བསྐྲུན་འགྲེམ་སྤེལ་གནང་ཐུབ་པ་དེ་དགེ་མཚན་ཆེན་པོ་དང་དོན་སྙིང་དང་ལྡན་པ་བྱུང་ཡོད་རེད་བསམ་གྱི་འདུག དེ་རིང་ང་ཚོས་དབུ་འབྱེད་གནང་བཞིན་པའི་ཕྱག་དེབ་འདི་བརྒྱུད་ནས་འཛམ་གླིང་མི་མང་ལ་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་ཛ་དྲག་གི་གནད་དོན་ལ་གོ་རྟོགས་གསལ་དུ་འགྲོ་བ་དང་༧པཎ་ཆེན་པོ་རིན་པོ་ཆེ་སྐུ་ཞབས་བྱ་གྲལ་རིན་པོ་ཆེ་དང་ཡབ་ཡུམ་བཅས་ཆེད་དུ་ཀློད་གྲོལ་ཡོང་བའི་ནུས་པ་གསལ་པོ་ཐོན་གྱི་འདུག ཕྱག་དེབ་འདི་ལ་ཐུགས་འགན་བཞེས་གནང་མཁན་གཙོ་བོ་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དབུས་མཛད་གཙོ་རྣམ་པ་དང་། རྩོམ་སྒྲིག་ཕྱག་ལས་གནང་མཁན་གྱི་འབྲེལ་ཡོད་ལས་བྱེད་ཡོངས་ལ་ངས་གཞིས་བྱེས་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་འདུས་མང་དང་འབྲེལ་ཡོད་ཚང་མའི་སྐུ་ཚབ་ཞུས་ཏེ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་ཡི་ཡིན། འབྱུང་འགྱུར་རང་གཞུང་གི་འབྲེལ་ཡོད་མཛད་གཙོ་རྣམ་པས་༧པཎ་ཆེན་རིན་པོ་ཆེའི་སྐོར་ལ་ལས་འགུལ་གང་མང་སྤེལ་རྒྱུའི་ཡིད་ཆེས་དང་རེ་འདུན་ཞུས་ཀྱི་ཡོད། ཅེས་གསུངས་འདུག

དེ་ནས་གྲོས་ཚོགས་འཐུས་མི་ (MP Anantkumar Hegde) ལགས་ཀྱིས། ལོ་ངོ་ ༢༦ སྔོན་ལ་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པའི་གནད་དོན་ཐད་དེབ་དབུ་འབྱེད་གནང་བར་རྒྱབ་སྐྱོར་ཡོད་པ་དང་། ང་ཚོས་༧པཎ་ཆེན་བླ་མ་གར་སོང་ཆ་མེད་ས་སོང་སྟེ་ལོ་ངོ་ ༢༦ འཁོར་ཡོད་ཀྱང་། ང་ཚོའི་རེ་བ་ལ་ཁོང་ད་ལྟ་གསོན་པོ་ཡོད་པ་དང་རྒྱ་ནག་གཞུང་གིས་ཁོང་ཀློད་གྲོལ་གཏང་དགོས་ཀྱི་ཡོད་པ་རེད། བོད་པའི་གཞོན་སྐྱེས་ཕོ་མོ་ཡོངས་ལ་རང་གི་རྒྱལ་ཁབ་ཀྱི་དོན་དུ་སེམས་ཤུགས་ནམ་ཡང་མི་ཆགས་པ་དང་ཞི་བའི་འཐབ་རྩོད་མུ་མཐུད་བྱེད་དགོས་རེད། འཛམ་གླིང་ཡོངས་ལ་བོད་པའི་རིག་གཞུང་ནི་བླ་ན་མེད་པ་དང་རྒྱ་གར་ནི་ནམ་ཡང་བོད་ལ་རྒྱབ་སྐྱོར་ཡོད། ཅེས་གསུངས་སོང་།

མཐའ་མ་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ༧པཎ་ཆེན་རིན་པོ་ཆེ་གར་སོང་ཆ་སོང་སྟེ་ལོ་ངོ་ ༢༦ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པ་དང་། ཁོང་ལོ་ན་ཆུང་དུས་ནས་བཙན་ཁྲིད་གནང་ཡོད་པ་ནི་སེམས་སྐྱོ་བའི་གནས་སྟངས་ཤིག་རེད། ལོ་མང་པོའི་རིང་ལ་ཕྱིའི་རྒྱལ་ཁབ་མང་པོས་ཁོང་གི་གནས་ཚུལ་ཤེས་འདོད་བྱས་ཡོད་ཀྱང་ད་བར་དུ་ཁོང་གསོན་པོ་གནས་ཡོད་མེད་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་ཀྱི་མེད་པ་རེད། དེ་རིང་ངས་སླར་ཡང་རྒྱ་ནག་གཞུང་ལ་རེ་འདུན་ཞུས་པར། གལ་ཏེ་༧པཎ་ཆེན་བླ་མ་གསོན་པོར་གནས་ཡོད་ན་ཁོང་ཀློད་གྲོལ་གནང་རོགས་གནང་ཞུ་རྒྱུ་དང་འདི་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རེད། དེ་རིང་ང་ཚོས་ཕྱག་དེབ་དེ་དབུ་འབྱེད་གནང་སྟེ་ཀུན་གཟིགས་༧པཎ་ཆེན་བླ་མའི་གནད་དོན་དེ་དག་འཛམ་གླིང་ཡོངས་ལ་གོ་རྟོགས་སྤེལ་རྒྱུ་དང་བོད་ནང་གི་གནས་སྟངས་དེ་ཛ་དྲག་ཡིན་པ་དང་། འཛམ་གླིང་ཡོངས་ལ་ཡོད་པའི་མི་མང་རྣམས་བོད་ཀྱི་གནད་དོན་ཤེས་རྟོགས་བྱུང་ཆེད་དུ་དེབ་འདི་ཀློག་རོགས་གནང་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༣ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༦ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    སྐུ་མཁྱེན་ ? ཐུགས་རྗེ་གཟིགས་ བཀའ་སྤྱི་གཉིས། སྔོན་ལ་ འབྲས་དཀར་མ་འཁྲབ་པར་ ཁྲིམས་ཞིབ་གསུམ་ལ་ནག་ཉེ་ནི་མེད། རང་འཇག་ཡར་བཞོག་དང་ ལོ། སྲིད་སྐྱོང་དང་སྤྱི་འཐུས་ཚོས་ དམངས་གཙོས་ཀ་བ་གཏོར་ནས་ཚོགས་གཙོ་ནི་འབྲོས་ཟིན། ད་ བཀའ་སྤྱི་གཉིས་སུ་ བ ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese