མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་མགོ་ཁྲིད་ཚོ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ནང་མི་ཞུགས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་ནན་སེ་པོལ་སི་མཆོག་ནས་རྒྱལ་སྤྱིའི་མགོ་ཁྲིད་ཚོ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱས་ཚེ་སོ་སོའི་བཟང་སྤྱོད་ཀྱི་འགན་འཁྲི་འཁུར་གྱི་མེད་པས་མཉམ་ཞུགས་མི་གནང་བའི་འབོད་སྐུལ་གནང་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་འཚོག་རྒྱུའི་ཐད་ཉན་ཞིབ་བྱས་སྐབས། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པོལ་སི་མཆོག་གིས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་དང་སྦྲགས། རྒྱལ་སྤྱིའི་མགོ་ཁྲིད་རྣམས་ནས་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་པའི་རིན་ཐང་གི་གནས་བབ་མེད་པ་མཁྱེན་པའི་ཐོག ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོག་རྒྱུར་ངོ་རྒོལ་དང་བཀག་སྡོམ་གནང་དགོས་པའི་འབོད་སྐུལ་གནང་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་། ལྕམ་ནན་སེ་པོལ་སི་མཆོག་གིས། རྒྱ་ནག་ནང་རིགས་རྒྱུད་རྩ་གཏོར་གྱི་བྱ་སྤྱོད་འགྲོ་བཞིན་པའི་སྐབས་ཤིག་ལ་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་མགོ་ཁྲིད་ཚོ་རྒྱ་ནག་ནང་ཕྱིན་ཚེ། དེ་ནི་འཛམ་གླིང་ས་ཕྱོགས་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་པར་ཁྱེད་ཀྱིས་བཟང་སྤྱོད་ཀྱི་འགན་འཁྲི་ག་ཚོད་ཅིག་འཁྱེར་ཡོད་མེད་ཀྱི་དྲི་གཞི་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཅེས་རྒྱལ་སྤྱིའི་མགོ་ཁྲིད་ཚོས་རྒྱ་ནག་ལ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆེ་མཐོང་དེ་མི་སྤྲོད་པའི་འབོད་སྐུལ་གནང་ཡོད་པ་རེད།

ཕྱི་ ༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་དང་རྒྱའི་འོག་ཏུ་ཚུད་པའི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སི་མེ་ཐི་ (Chris Smith) ལགས་དང་། ཇིམ་མག་གྷོ་ཝན་ (Jim McGovern)ལགས། དེ་བཞིན།  མེ་ཊི་རོམ་ནེ་(Mitt Romney) སོགས་ཀྱིས། རྒྱ་ནག་ལ་སྐྱོན་བརྗོད་དང་སྦྲགས་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་རྩེད་འགྲན་རྒྱ་ནག་ཏུ་འཚོག་རྒྱུ་མཚམས་འཇོག་གིས། རྒྱལ་སྤྱིའི་མདུན་ནས་རྒྱ་ནག་གིས་རིགས་རྒྱུད་རྩ་མེད་དང་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་འགན་ལེན་བྱེད་དུ་འཇུག་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

གནས་ཚུལ་དེའི་ཐད་ཨ་རིར་གནས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལའོ་ཕེང་ཡོ་ཟེར་བས་ལན་འདེབས་བྱས་པའི་ནང་། ཨ་རིའི་ཆབ་སྲིད་པ་ཁག་ཅིག་གིས་ཁོ་ཚོར་བཟང་སྤྱོད་ཀྱི་འགན་འཁྲི་ཡོད་པའི་བསམ་བློ་ཇི་ལྟར་འཁོར་གྱི་ཡོད་དམ། ཡང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཁོ་ཚོར་འོས་བབ་དེ་མེད་ལ། དེ་བཞིན་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ཐད་ནས་ཨ་རིས་རྒྱ་ནག་ལ་ཚོད་མེད་བསྙོན་འཛུགས་བྱེད་དགོས་དོན་མེད། ཅེས་བརྗོད་ཡོད་པ་རེད།

ད་རེས་ལྕམ་ནན་སེ་པོལ་སི་མཆོག་ནས་རྒྱལ་སྤྱིའི་མགོ་ཁྲིད་ཁག་ལ་འབོད་སྐུལ་གནང་གི་ཡོད་པ་དེ་ནི། རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་འབྲེལ་གྱི་ཐོག་ནས་ངོ་རྒོལ་དང་བཀག་སྡོམ་གནང་བའི་འབོད་སྐུལ་ཞིག་ཡིན་པ་ནན་བརྗོད་དང་འབྲེལ། རྒྱལ་སྤྱིའི་མགོ་ཁྲིད་སུ་ཞིག་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཐོག་ཞུགས་ཚེ། དེས་རང་གི་བཟང་སྤྱོད་ཀྱི་འགན་འཁྲི་བརླག་གི་ཡོད་པ་བསྟན་ཡོད་སྐོར་གསུངས་ཡོད་པ་རེད་ལ། ལྕམ་ནན་སེ་པོལ་སི་མཆོག་ནས་རྒྱལ་སྤྱིའི་མགོ་ཁྲིད་ཁག་ལ་འབོད་སྐུལ་དེ་གནང་བ་དང་ལྷན་དུ། འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པའི་ཚོགས་སྡེ་ཁག་ནས་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་པ་རྣམས་འབོད་སྐུལ་ཞུས་ཏེ། ཨོ་རྩལ་འགྲན་ཚོགས་ནང་མི་ཞུགས་པར་བཀག་སྡོམ་ངོ་རྒོལ་གྱིས་ཨོ་རྩལ་མཐུན་ཚོགས་ཀྱི་འགན་ལྷན་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཐད་འདས་ལོར་བོད་དང་ཐའེ་ཝན། ཧོང་ཀོང་དང་ཡུ་གུར་སོགས་ཀྱི་ཚོགས་པ་ ༡༦༠ ལྷག་མཉམ་འབྲེལ་གྱིས་ཨོ་རྩལ་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཨོ་རྩལ་རྩེད་འགྲན་པ་སོགས་ལ་ཞུ་ཡིག་ཕུལ་ཏེ། རྒྱ་ནག་ཏུ་འཚོག་གཏན་འཁེལ་བའི་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩལ་འགྲན་ཚོགས་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད། འོན་ཀྱང་། ཨོ་རྩལ་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མཚམས་འཇོག་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese