མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ས་ག་ཟླ་བའི་ཚེས་ ༡༥ ཉིན་བཀའ་ཆོས་སྩལ་གནང་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ས་ག་ཟླ་བའི་ཚེས་ ༡༥ ཉིན་དྲ་ལམ་བརྒྱུད་༧གོང་ས་མཆོག་ནས་བཀའ་ཆོས་སྩལ་གནང་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གསལ་བསྒྲགས་གནང་བ་ལྟར་ན། ལྷན་ཚོགས་དེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༦ དང་ས་ག་ཟླ་བའི་ཚེས་ ༡༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་དད་ལྡན་མང་ཚོགས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རིན་པོ་ཆེ་འབོག་པའི་ཞལ་བཞེས་མཛད་ཡོད་འདུག

གསལ་བསྒྲགས་དེའི་ནང་། བདག་ཅག་རྣམས་ཀྱི་མགོན་སྐྱབས་༧གོང་ས་ཆེན་པོ་མཆོག་ནས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་ཆེན་གསུམ་འཛོམས་ས་ག་ཟླ་བའི་ཚེས་ ༡༥ ཉིན། ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དང་འབྲེལ་སྨོན་སེམས་ཆོ་གའི་བཟུང་བ་སྩལ་གནང་རྒྱུའི་ཞལ་བཞེས་ཐོབ་པའི་གཏམ་བཟང་། དགའ་ལྡན་ཕོ་བྲང་ནས་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ལ་གནང་འབྱོར་བྱུང་བས། མཁན་རིན་པོ་ཆེ་རྣམ་པ་ཀུན་གྱིས་ཁུངས་སོ་སོར་དེ་འབྲེལ་བརྡ་ཁྱབ་རྒྱ་གང་ཆེ་དང་འབྲེལ་འདུས་མང་ནས་མཉམ་ཞུགས་ཤུགས་ཆེ་འབྱུང་བའི་ལམ་སྟོན་དགོས་སྐོར་བཀོད་འདུག

དེ་དང་འབྲེལ་ནས་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་རི་བོ་དགེ་ལྡན་པ་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་མམ་བརྙན་འཕྲིན་བརྒྱུད་མགོན་པོ་མཆོག་གི་ཞལ་མཇལ་དང་། གསུང་ཐོས་ཀྱི་གོ་སྐབས། བཀའ་ཆོས་བྱིན་ཅན་ཁག་མུ་མཐུད་སྩོལ་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དང་། ལྷག་པར་དུ་ད་ལམ་བདག་ཅག་རྣམས་བཀག་རྒྱའི་འོག་གནས་པའི་དུས་ཚོད་དོན་ཕན་ལྡན་ཞིང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་ཟད་མི་ཤེས་པ་བསྐྲུན་རྒྱུར་འགྲོ་བའི་སླད། སྟོན་པ་ཐུགས་རྗེ་ཅན་གྱི་དུས་ཆེན་ཁྱད་འཕགས་གསུམ་འཛོམས་ཀྱི་ཉིན་མོར་བྱང་ཆུབ་སེམས་པའི་སྡོམ་པ་འབོག་པའི་གསོལ་འདེབས་ཞུས་སྐོར་གསུངས་འདུག

དེ་འབྲེལ་དགའ་ལྡན་ཕོ་བྲང་གི་དྲ་ངོས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ས་ག་ཟླ་བའི་ཚེས་ ༡༥ ཉིན་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། མཛད་རིམ་དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་གསུམ་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་ཡིན་སྟབས། བཀའ་ཆོས་ལ་གསན་གཟིགས་གནང་མཁན་ཚོས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བ་གནང་དགོས་སྐོར་བཀོད་འདུག

ཡང་མཛད་འཆར་ནང་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡ དང་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་དུ་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist