མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་བཏོན་ཏེ་བཙན་བྱོལ་བོད་མི་ཚོར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་རྒྱ་ནག་གིས་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་ངོ་བདུན་ཅུ་འཁོར་བའི་ཟེར་དུས་དྲན་དང་བསྟུན་རྒྱལ་སྤྱིའི་སྟེང་བོད་དོན་ལ་འཁྱོག་བརྗོད་ནན་བཤད་དང་ལོ་ངོ་བདུན་ཅུའི་རིང་བོད་ཡུལ་འཕེལ་རྒྱས་བཏང་ཡོད་ལུགས་སོགས་འཁོད་པའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེ་བཏོན་འདུག

འདི་ལོ་ནི་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༧༠ འཁོར་གྱི་ཡོད་ཟེར་བའི་དུས་དྲན་དང་བསྟུན། དེ་རིང་ཞོགས་པར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༡ ནས་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་འཛུགས་སྐྲུན་དང་འཕེལ་རྒྱས་ཅན་དུ་གྱུར་ཡོད།  ཅེས་ཁྱོན་ཡིག་འབྲི་ ༡༥༣༣༠ ཅན་གྱི་བོད་དོན་འཁྱོག་བརྗོད་སྐོར་ཚུད་པའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་བཏོན་འདུག་པ་དང་། དེབ་དེར་ཁྱོན་དོན་ཚན་བཅུ་ཡོད་པའི་ནང་བོད་ཞི་བས་བཅིངས་གྲོལ་མ་བཏང་གོང་དང་བོད་ཞི་བས་བཅིངས་གྲོལ་བཏང་བའི་བརྒྱུད་རིམ། དེ་བཞིན།  བོད་ལ་དམངས་གཙོའི་བཅོས་སྒྱུར་དང་འཛུགས་སྐྲུན་འཕེལ་རྒྱས། བོད་ནང་དབུལ་སྐྱོབ་ལས་གཞི་དང་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ལེགས་པོ་འགྲུབ་ཡོད་ཚུལ།  བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་དང་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོབ། སེམས་ཐག་གཙང་བཅད་ཀྱིས་སྤྱི་ཚོགས་བརྟན་བརླིང་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ། དེ་བཞིན། བོད་ནང་སྤྱི་ཚོགས་རང་ལུགས་ཀྱི་དུས་རབས་གསར་པའི་ལེའུ་གསར་པ་ཞིག་བརྩམས་ཡོད་ཚུལ་སོགས་བཀོད་འདུག

དེབ་དེའི་ནང་། འདས་པའི་ལོ་མང་རིང་༧གོང་མཆོག་དང་བཙན་བྱོལ་བོད་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས། བོད་རང་བཙན་ལ་སྐུལ་འདེད་དང་ལས་འགུལ་སོགས་སྤེལ་ཏེ། བོད་ནང་གི་ཞི་བདེ་དང་བརྟན་བརླིང་ལ་ཉེན་ཁ་བསྐྲུན་ཡོད་ལུགས་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་སུ་ཞི་བས་སྒེར་ལངས་བྱས་རྗེས་༧གོང་ས་མཆོག་གི་དབུས་པའི་བོད་མི་རྣམས་བྱུང་རྗེས་རྒྱ་གར་རུ་བྲོས་བྱོལ་དུ་ཕྱིན་པ་ནས་དྲག་པོའི་ཐོག་ནས་རང་བཙན་རྩོད་ཀྱི་ཡོད་ཚུལ། དེ་བཞིན། ཕྱི་ལོ་ ༡༩༧༠ ཙམ་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་ཕྱོགས་གཅིག་ནས་དྲག་པོའི་ལས་འགུལ་སྤེལ་ཏེ་རྒྱ་ནག་དབུས་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱས་པ་དང་ཕྱོགས་གཞན་ཞིག་ནས་འཚེ་མེད་ཞི་བ་དང་དབུ་མའི་ལམ་ཐོག་ཤར་བསྐྱོད་བྱ་རྒྱུ་ཡིན་སྐོར་བརྗོད་དེ་འཛམ་གླིང་ལ་མགོ་སྐོར་བཏང་ཡོད་ལུགས་སོགས་ཀྱིས་སྐྱོན་བརྗོད་བྱས་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོ་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་བོད་ནང་གི་བླ་མ་གྲྭ་བ་དང་མང་ཚོགས་ནས་རང་ལུས་མེར་སྲེག་གཏོང་དགོས་པའི་སྐུལ་མ་བཏང་སྟེ་དྲ་རྒྱའི་སྟེང་ལམ་སྟོན་སོགས་བཞག་པར་བརྟེན། བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་ཕྱིན་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་འདུག

ཡང་དེབ་ཀྱི་ཚན་པ་དགུ་བ་སྟེ། སེམས་ཐག་གཙང་བཅད་ཀྱིས་སྤྱི་ཚོགས་བརྟན་བརླིང་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་ཞེས་པའི་ནང་། ཕྱི་ལོ་ ༡༩༥༠ ནང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་མིར་རོགས་སྐྱོར་བྱས་པའི་ལོ་རྒྱུས་བརྗོད་པ་དང་སྦྲགས། ནུབ་ཕྱོགས་པས་བོད་ཀྱི་ཞི་བདེ་བརྟན་བརླིང་ལ་གནོད་པ་རྒྱ་ཆེ་སྐྱེལ་ཞིང་། བོད་དོན་ལ་ཁ་གཡར་ཏེ་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་ཇུས་དང་ཕྱི་ལོ་ ༢༠༡༨ ལོར་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་ཇུས། དེ་བཞིན། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཞེས་པ་གཏན་འབེབ་བྱས་པར་སྐྱོན་བརྗོད་བྱས་འདུག

ཡང་། རྒྱ་ནག་ནི་མི་རིགས་སྣ་མང་འདུས་པའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་ནང་གསལ་ཞིང་། བོད་ནི་ལོ་རྒྱུས་དང་སྐད་ཡིག་རིག་གཞུང་། རིགས་རྒྱུད་སོགས་གང་ཐད་ནས་རྒྱའི་མངའ་ཁོངས་སུ་གཏོགས་ཤིང་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ནའང་། དུས་རབས་བཅུ་དགུ་བའི་དུས་དཀྱིལ་ཙམ་ནས་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱིས། རྒྱ་ནག་གི་མངའ་ཁོངས་དང་མཐའ་མཚམས་གཅིག་གྱུར་ལ་དམིགས་ཚད་བཟུང་སྟེ་བོད་རང་བཙན་ཡིན་པའི་བསམ་བློ་བསྐྲུན་ཡོད་སྐོར་སོགས་བརྗོད་དེ་དོན་དངོས་དང་མི་མཐུན་ཞིང་ལོ་རྒྱུས་ལ་འཁྱོག་བརྗོད་ནན་མོ་བྱས་འདུག

དེ་བཞིན་དུ། རྒྱ་ནག་གིས་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་བོད་ཀྱི་གནས་སྟངས་ཕྱོགས་ཡོངས་ནས་འཕེལ་རྒྱུས་སུ་ཕྱིན་ཡོད་སྐོར་བརྗོད་པའི་ནང་། ཕྱི་ལོ་ ༡༩༥༡ ལོར་བོད་ཁམས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱི་འབོར་རྒྱ་སྒོར་ས་ཡ་ ༡༢༩ ཡིན་པ་དང་ཕྱི་ལོ་ ༢༠༢༠ ལོར་རྒྱ་སྒོར་ཐེར་འབུམ་ ༡༩༠ ཟིན་ཞིང་། བཟོ་གྲྭའི་ཐོན་སྐྱེད་རྒྱ་སྒོར་ས་ཡ་ ༡།༤ ནས་ཐེར་འབུམ་ ༢༧།༤ ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༧༨ ནས་ ༢༠༢༠ བར་བོད་མི་རེའི་ལོ་རེའི་ཡོང་འབབ་རྒྱ་སྒོར་ ༡༧༥ ནས་ ༢༡༧༤༤ བར་བསྐྲུན་ཐུབ་ཡོད་ཚུལ་དང་དེ་མཚུངས་བཞིན་མེ་འཁོར་ལྕགས་ལམ་དང་གཞུང་ལམ། གྲོང་ཁྱེར་ཁག་ ༦༦ ནང་གནམ་ཐང་ཆེན་པོ་ ༥ དང་རྒྱལ་ནང་གནམ་ཐང་ ༡༤༠ འཛུགས་སྐྲུན་གྱིས་འཕེལ་རྒྱས་བཏང་ཡོད།

ཕྱི་ལོ་ ༡༩༥༡ ནས་ ༢༠༡༥ བར་གཞོན་སྐྱེས་དང་ངལ་རྩོལ་བའི་སྡེ་ཁག་ནང་ཡིག་རྨོངས་པའི་བརྒྱ་ཆ་ ༩༥ ནས་ཚགས ༠།༥༢ བར་མར་ཆགས་པ་དང་། ཕྱི་ལོ་ ༡༩༥༡ ནས་ ༢༠༢༠ བར་སློབ་ཞུགས་མཁན་བརྒྱ་ཆ་ ༢ ནས་ ༩༩།༧༡ བར་འཕེལ་ཡོད་སྐོར་དང་། ཕྱི་ལོ་ ༡༩༩༤ ནས་ ༢༠༢༠ བར་རྒྱ་ནག་དབུས་གཞུང་དང་དེའི་ཁྱབ་ཁོངས་སུ་གཏོགས་པའི་བཟོ་གྲྭ་ཁག་ནས་འགྲོ་གྲོན་རྒྱ་སྒོར་ཐེར་འབུམ་ ༥༢།༧ བཏང་སྟེ་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཁྱོན་ ༦༣༣༠ སྤེལ་ཞིང་། དེ་དང་འབྲེལ་བའི་དམར་ཤོག་ཚོགས་པའི་ཁྱད་དུ་འཕགས་པའི་དམིགས་བསལ་ལས་བྱེད་གྲངས་ ༩༦༨༢ རོགས་སྐྱོར་སླད་བོད་ནང་མངགས་གཏོང་བྱས་ཡོད་སྐོར་སོགས་བརྗོད་འདུག

ཡང་དེབ་དེའི་ནང་གསལ་ལྟར་ན། ད་ལྟའི་ཆར་བོད་ཀྱི་རྫོང་དང་ཞིང་། ཁུལ་སོགས་རིམ་པ་འདྲ་མིན་ནང་ཁྱོན་སློབ་གྲྭ་ཁག་ ༣༡༩༥ དང་སློབ་མ་ཁྱོན་ ༧༩༠༠༠༠ ལྷག་ཡོད་པ་དང་། སློབ་གྲྭ་ཁག་གི་ཁྲོད་དུ་མཐོ་རིམ་གཙུག་ལག་སློབ་གྲྭ་ ༧ དང་། འབྲིང་རིམ་སློབ་གྲྭ་ ༡༤༣། དམའ་རིམ་ ༨༢༧ དང་དེ་བཞིན་འབྲིང་རིམ་གྱི་ལག་ཤེས་སློབ་གྲྭ་ ༡༢ བཅས་ཡོད་པ་རེད་ལ། བོད་ཁུལ་གྱི་སློབ་མ་ཁྱོན་ ༩༢༠༠༠ ལྷག་གིས་རྒྱ་ནག་ཏུ་སློབ་གཉེར་བྱེད་ཀྱི་ཡོད་འདུག གཞན་བོད་ནང་ཁྱོན་དགོན་སྡེ་ཁག་ ༡༧༠༠ ལྷག་དང་དགེ་འདུན་པ་དང་བཙུན་མ་ཁྱོན་ ༤༦༠༠༠།  བོད་རིགས་ཁ་ཆེའི་ལྷ་ཁང་བཞི་དང་ཁ་ཆེ་བ་ ༡༢༠༠༠ དང་ཡེ་ཤུ་ཆོས་ལུགས་པ་ཁྱོན་ ༧༠༠ ལྷག་ཡོད་པ་སོགས་བཀོད་ཡོད་པ་ལས། བོད་ཀྱི་གྲྭ་བཙུན་དང་དགོན་སྡེ་ཁག་གྲངས་འབོར་ཇེ་ཉུང་དུ་ཕྱིན་པ་མངོན་གསལ་དོད་ཅིང་། མི་འབོར་གྱི་ཆ་ནས་མི་གྲངས་ས་ཡ་ ༣ ལྷག་འཕེལ་ཡོད་ཟེར།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    Good ? འདིའི་སྒང་ལ་་་ སྲིད་སྐྱོང་གཙོ་བོ་བྱས་པས་ སྤྱི་འཐུས་རྒྱུན་ལས་ཚོས་ བཙན་བྱོལགཞུང་གཏོར་ཤིག་བཏང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese