མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མདང་དགོང་རྨ་སྟོད་རྫོང་ཁོངས་སུ་ས་ཡོམ་ཤུགས་ཆེན་བརྒྱབས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྨ་སྟོད་སོགས་སུ་བསྐྱར་དུ་ས་ཡོམ་ཡོང་བར་ཞེད་ནས་རྩྭ་ནང་དུ་གུར་ཕུབ་ནས་བསྡད་འདུག

མདང་དགོང་བོད་ནང་གི་ནམ་གུང་ཡོལ་ཆུ་ཚོད་ ༢།༠༤ ཐོག་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ནང་ཚད་རིམ་ ༧. ༤ ཙམ་གྱི་ས་ཡོམ་ཞིག་བརྒྱབས་ཏེ། ཉུང་མཐར་བོད་མི་གཅིག་ལ་རྨས་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། སྡོད་ཁང་དང་ཟམ་པ་སོགས་ལ་རྡིབ་སྐྱོན་ཐེབས། དེ་བཞིན་ལུག་སོགས་སེམས་ཅན་མང་པོར་འཆི་སྐྱོན་བྱུང་ཡོད་འདུག་ལ། ས་འགུལ་གྱི་ཤུགས་རྐྱེན་ཟི་ལིང་དང་། མཚོ་བྱང་། རྨ་ལྷོ། མཚོ་ལྷོ། མཚོ་ནུབ་སོགས་ཀྱི་ནང་དུའང་བྱུང་ཡོད་འདུག་ལ། རྨ་སྟོད་ཕྱོགས་སུ་མུ་མཐུད་ས་ཡོམ་ཆུང་རིགས་འབྱུང་མུས་ཡིན་པར་བརྟེན། མི་ཚོ་རང་ཁྱིམ་ནས་སྡོད་མ་ཕོད་པར་རྩྭ་ཐང་དུ་གུར་ཕུབ་ནས་བསྡད་ཡོད་འདུག

རྒྱ་ནག་གཞུང་གིས་ས་ཡོམ་སྐོར་གྱི་པར་དང་བརྙན་སོགས་སྤྱི་ཚོགས་བརྒྱུད་ལམ་དུ་གཏོང་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་སྟབས། ས་ཡོམ་གྱིས་གནོད་སྐྱོན་ཇི་ཐེབས་སོགས་ཤེས་རྟོགས་ཐུབ་ཁག་པོ་ཆགས་འདུག་ཀྱང་། སྤྱི་ཚོགས་བརྒྱུད་ལམ་དུ་བརྙན་དང་པར་ཁག་ཅིག་ཐོན་པའི་ནང་། བོད་མི་ཞིག་ཁང་པའི་ཞིག་རོའི་འོག་ཏུ་མནན་ཏེ། བོད་མི་ཁག་ཅིག་གིས་མྱུར་སྐྱོར་བྱེད་བཞིན་པའི་བརྙན་ཐུང་ཞིག་འགྲོ་བཞིན་འདུག འདི་གའི་གསར་འགོད་པས་མགོ་ལོག་གི་བོད་མི་ཁག་ཅིག་ལ་བརྙན་དེ་དེ་རིང་གི་ཡིན་མིན་འདྲི་སྐབས། དེ་རིང་གི་བརྙན་ཞིག་ཡིན་པ་དང་། གྱང་རོས་མནན་པའི་བོད་མི་དེ་ནི་རྨ་སྟོད་རྫོང་ཁོངས་ནས་ཡིན་སྐོར་བརྗོད་བྱུང་ཡང་། ཁོང་གི་ད་ལྟའི་གནས་སྟངས་ག་འདྲ་ཡིན་སོགས་རྒྱུས་ལོན་ཐུབ་མ་སོང་།

ཡང་བོད་ནང་གི་བོད་མི་ཞིག་གིས་འདི་གའི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་ཁྲོད་ས་གནས་ཀྱི་བོད་མི་གྲངས་ ༡༨ ལ་རྨས་སྐྱོན་བྱུང་སྟེ་སྨན་ཁང་དུ་ཡོད་པ་དང་། བོད་མི་ ༨ རྐྱེན་འདས་སུ་ཕྱིན་ཡོད་སྐོར་བརྗོད་འདུག་ཀྱང་གྲངས་ཀ་དེར་ངེས་གཏན་མི་འདུག ཡང་བོད་མི་དེས་རྨ་སྟོད་དང་སྐྱེ་རྒུ་གཉིས་བར་གྱི་གཞུང་ལམ་མང་པོ་ཞིག་ཆད་ཡོད་པ་དང་། ལྷག་པར་དུ་ཉེ་ལམ་བཟོས་ཚར་བའི་མཛོ་རྒན་ར་བ་ཁུལ་གྱི་གཞུང་ལམ་ཟམ་ཆེན་ཞིག་བརྡིབས་ཏེ། འགྲོ་འོང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟམ་པ་ཆད་པའི་གནས་ཚུལ་སོགས་ཀྱི་བརྙན་དང་པར་སོགས་ཡར་མར་གཏོང་མི་ཆོག་པའི་བཀའ་བཏང་ཡོད་སྐོར་བརྗོད་བྱུང་།

ཡང་མགོ་ལོག་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་མཚན་གྱི་ཆུ་ཚོད་གཉིས་ཙམ་གྱི་ཐོག་ས་ཡོམ་བྱུང་སོང་བ་དང་། ད་ལྟ་མགོ་ལོག་ཁུལ་ཐོག་ཏུ་ཆར་བ་འབབ་བཞིན་ཡོད་ནའང་། ས་གནས་ཡུལ་མི་བརྒྱ་ཆའི་བརྒྱད་ཅུ་ཙམ་ཞིག་རང་ཁྱིམ་དུ་འདུག་མ་བཟོད་པར་ཁུལ་ཐོག་གི་རྟ་རྒྱུག་ཐང་སོགས་སུ་རླངས་འཁོར་སོགས་ཀྱི་ནང་སྡོད་ཀྱི་ཡོད་པ་དང་། དེ་རིང་མགོ་ལོག་ཁུལ་ཐོག་ཏུ་རྒྱ་ནག་གཞུང་ཞབས་ལས་བྱེད་ཡིག་རྒྱུགས་ལེན་གྱི་ཡོད་པ་དང་། ས་གནས་ཡུལ་མི་ཁྲི་གཅིག་ཙམ་ཡིག་རྒྱུགས་ནང་མཉམ་ཞུགས་བྱེད་ཀྱི་ཡོད་སྟབས། དེ་རིང་ས་ཡོམ་བྱུང་ཡོད་པས་ཡིག་རྒྱུགས་ཀྱི་དུས་ཚོད་ཕྱིར་འགྱང་དགོས་པའི་རེ་འདུན་བཏོན་ཡོད་ནའང་། དེར་སྣང་མེད་ཀྱིས་ཡིག་རྒྱུགས་བཏང་ཡོད་པ་དང་། ཡིག་རྒྱུགས་སྐབས་ས་ཡོམ་ཐེངས་གཉིས་ཙམ་ལ་བྱུང་ཡང་མུ་མཐུད་ཡིག་རྒྱུགས་གཏོང་བཞིན་སྐོར་འགྲེལ་བརྗོད་བྱས་བྱུང་ལ། ཡང་ཁོང་གིས་རྨ་ཆེན་ཡུལ་ཚོ་དང་རྨ་ཆེན་རྫོང་ཐོག་གི་ཁང་པ་མང་པོ་ཞིག་ལ་གས་ཁ་ཤོར་ཡོད་པ་དང་། དེ་བཞིན་སྐྱེ་རྒུ་དང་རྨ་སྟོད་གཉིས་བར་གྱི་གཞུང་ལམ་མང་པོ་ཞིག་ཆད་དེ་གྲི་ཡིས་ཞོག་ཁོག་གཏུབ་པ་ལྟ་བུ་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

འདི་གའི་གསར་འགོད་པས་བོད་ནང་གི་བོད་མི་མང་པོ་ཞིག་ལ་འབྲེལ་བ་བྱེད་སྐབས། སྐྱེ་རྒུ་ནས་ཡིན་པའི་བོད་མི་གཉིས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁུལ་དེར་ས་ཡོམ་བྱུང་སོང་ནའང་། ཁང་པར་སེར་ག་གས་པ་སོགས་མི་རྒྱུ་གཉིས་ལ་གོ་ཆག་བྱུང་བ་གང་ཡང་གོ་ཐོས་བྱུང་མེད་སྐོར་འགྲེལ་བརྗོད་གནང་བྱུང་ལ། མཚོ་ལྷོ་ཁུལ་དུ་ས་ཡོམ་ཆེན་པོ་བྱུང་ནའང་མི་རྒྱུ་གཉིས་ཀྱི་གོད་ཆག་བྱུང་བ་གོ་ཐོས་མ་བྱུང་སྐོར་འགྲེལ་བརྗོད་གནང་བྱུང་། དེ་བཞིན་མཚོ་བྱང་ཁུལ་དང་རྨ་ལྷོ་སོགས་སུའང་གོད་ཆག་བྱུང་བའི་གནས་ཚུལ་གང་ཡང་མཐོང་ཐོས་མི་འདུག

འདི་གའི་གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་བོད་མི་ཞིག་ལ་ས་གནས་དེར་ས་ཡོམ་གྱི་གནས་སྟངས་གང་འདྲ་བྱུང་མིན་དྲིས་པར་ཁོང་མོས། ང་རང་མཚན་མོའི་ལས་རེས་ལ་འཁེལ་ཡོད་སྟབས། སྨན་ཁང་གི་ནད་པ་རྣམས་ལ་ཞབས་ཕྱི་སྒྲུབ་སྐབས་གློ་བུར་དུ་ས་ཡོམ་བྱུང་བ་ཚོར་བྱུང་ནའང་། ས་ཡོམ་ཆེན་པོ་ཞིག་མིན་སྟབས་ས་ཡོམ་གྱི་འཇིགས་པར་གཡོལ་ཐབས་བྱས་མེད་པ་དང་། སྨན་ཁང་དེའི་མཚན་མོའི་ལས་རེས་ལ་འཁེལ་བའི་སྨན་པ་དང་སྨན་ཞབས་པ་ཕལ་མོ་ཆེས་ས་ཡོམ་བྱུང་བ་ཚོར་ཡོད་སྐོར་བརྗོད་བྱུང་ལ། ཡང་ཟི་ལིང་གི་བོད་མི་གཞན་ཞིག་གིས་མཚན་གུང་ལ་ཕ་ཡུལ་ནས་གཉེན་ཉེ་ཡི་ཁ་པར་འབྱོར་ནས་བདེ་འཚམས་ཡིན་མིན་དྲིས་བྱུང་བས་ས་ཡོམ་བྱུང་བ་ཤེས་རྟོགས་བྱུང་བ་ལས་གཞན་ས་ཡོམ་བྱུང་བ་ཚོར་མ་བྱུང་སྐོར་འགྲེལ་བརྗོད་བྱས་བྱུང་།

ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོའི་ས་གནས་ཀྱི་ཆུ་ཚོད་ ༩།༤༨ ཙམ་གྱི་ཐོག ཡུན་ནན་གྱི་ (Dali Bai) རང་སྐྱོང་ཁུལ་གྱི་ནང་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་ཞིག་བྱུང་སྟེ་ཉུང་མཐར་མི་ ༣ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༢༧ ལ་རྨས་སྐྱོན་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་རྫོང་དུ་གནས་སྡོད་བོད་མི་ཞིག་ལ་ས་ཡོམ་དང་འབྲེལ་ནས་ས་གནས་ཀྱི་གནས་སྟངས་སྐོར་ལ་འདྲི་སྐབས། ས་ཡོམ་འབྱུང་ས་དེ་དང་བདེ་ཆེན་རྫོང་གཉིས་ཀྱི་བར་ཐག་རིང་པོ་ཡིན་པ་དང་ས་གནས་སུ་རྨས་སྐྱོན་སོགས་གང་ཡང་བྱུང་བ་གོ་ཐོས་མ་བྱུང་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༢༣ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist