མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་ལམ་སྟོན་ཕེབས་རྒྱུར་གསོལ་འདེབས་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་ ༢ གཞིར་བཟུང་༸གོང་ས་མཆོག་ནས་ལམ་སྟོན་ཕེབས་རྒྱུར་གསོལ་འདེབས་ཞུ་རྒྱུའི་ཐག་གཅོད་གནང་འདུག

དེ་རིང་སྤྱི་འཐུས་རྒྱུན་ལས་ཤིག་ལ་བཀའ་འདྲི་ཞུས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཚོགས་འདུ་འཕར་མ་འཚོག་ཐུབ་ཀྱི་མེད་པར་བརྟེན། བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་ ༢ གཞིར་བཟུང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལམ་སྟོན་ཞུ་རྒྱུའི་ཐག་གཅོད་གནང་ཡོད་འདུག་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་དོན་ཚན་ ༢ པའི་ནང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ། ཞེས་བཀོད་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ལ་བརྡ་ཐོ་ཞིག་བཏང་བའི་ནང་། འདི་ཟླའི་ཚེས་ ༢༣ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྐྱང་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་རྒྱུ་བཅས་ཐུགས་གཏན་འཁེལ་ཡོད་ནའང་། དེ་རིང་ཕྱི་ཚེས་ ༢༢ བར་དགོངས་ཞུས་གནང་མཁན་སྤྱི་འཐུས་གྲངས་ ༡༨ དང་། ནད་དགོངས་ཞུས་(ཞུ་)མཁན་སྤྱི་འཐུས་གྲངས་ ༢ ། སྤྱི་འཐུས་ ༡ རྒྱལ་ཁབ་གཞན་ཞིག་ནང་ཡོད་སྟབས་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་བསྡོམས་སྤྱི་འཐུས་ ༢༡ གྲོས་ཚོགས་འཕར་མར་བཅར་ཐབས་བྲལ་བ་དང་། དེ་བཞིན་ཚོགས་བཅར་ཐུབ་མིན་གྱི་ལན་གསལ་མེད་པའི་སྤྱི་འཐུས་གྲངས་ ༣། ཚོགས་བཅར་གནང་ཐུབ་མཁན་སྤྱི་འཐུས་གྲངས་ ༢༡ བཅས་ཀྱི་གནས་སྟངས་ཐོག་གང་ཅིའི་ཐད་ནས་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོངས་མིན་ལ་སོང་། དེ་རིང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༦༦ པའི་ཐོག་བཀའ་བསྡུར་གྱིས་བཞུགས་མོལ་ཚོགས་འདུ་དང་གྲོས་ཚོགས་ཚོགས་དུས་འཕར་མ་གཉིས་ཀ་བསྐོང་ཚོགས་གནང་ཐབས་བྲལ་བའི་ཐག་གཅོད་བྱུང་སོང་། ཞེས་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་གྲོས་ཚོགས་ཚོགས་དུས་བཅུ་པའི་སྟེང་། སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་གཞི་གྲོས་འཆར་ཨང་ ༣༩་པ་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་མང་མོས་ཐོག་ལས་གནས་ནས་འཕོ་འགྱུར་བཏང་བར་བརྟེན། ཁྲིམས་ཞིབ་པ་གསར་པ་བསྐོ་བཞག་གི་ཆེད་དུ་གྲོས་ཚོགས་འཕར་མ་འཚོག་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ལྟར། དང་ཐོག་གྲོས་ཚོགས་འཕར་མ་དེ་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འཚོག་གཏན་འཁེལ་ཡོད་ནའང་། རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་བཞུགས་སྒར་དྷ་སའི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་བརྟེན། ས་གནས་རྒྱ་གར་གཞུང་ངོས་ནས་ཏོག་དབྱིབས་གཉན་རིམས་ཚོད་འཛིན་གྱི་ཆེད་དུ་ཐེམ་སྤང་བཀའ་རྒྱ་བསྒྲགས་པར་བརྟེན། གྲོས་ཚོགས་འཕར་མ་དེ་སང་ཉིན་ཕྱི་ཚེས་ ༢༣ བར་ཕར་འགྱངས་གནང་དགོས་བྱུང་ཡོད་པ་རེད།

འོན་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཐེམ་སྤང་བཀའ་རྒྱ་དེ་ཟླ་འདིའི་ཕྱི་ཚེས་ ༢༦ བར་ཕར་འགྱངས་གནང་ཡོད་ཅིང་། ཐེམ་སྤང་བཀའ་རྒྱ་གཞིར་བཟུང་མངའ་སྡེ་ཡོངས་ནང་མི་གྲངས་ ༥ ལས་མང་བ་འདུ་འཛོམས་མི་ཆོག་པར་བརྟེན། སང་ཉིན་ཕྱི་ཚེས་ ༢༤ ཉིན་གྲོས་ཚོགས་འཕར་མ་འཚོག་རྒྱུ་དེ་མངའ་སྡེའི་བཀའ་རྒྱ་དང་འགལ་གྱི་ཡོད་ཅིང་། ལྷག་པར་དུ་བཙན་བྱོད་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་ ༦ པ་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ཡུལ་ཁྲིམས་ལ་བརྩི་སྲུང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ། ཞེས་པ་དེ་དང་ཡང་འགལ་གྱི་ཡོད་འདུག

དབུས་འོས་བསྡུ་ལྷན་ཁང་གི་ལས་རིམ་གཞིར་བཟུང་། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བཀའ་ཤག་སྐབས་ ༡༦ པའི་བདམས་ཐོན་སྲིད་སྐྱོང་དང་། སྐབས་ ༡༧ པའི་བར་བརྒལ་ཚོགས་གཙོ་(འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས།) རྣམ་གཉིས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུ་དགོས་ཀྱང་། ད་ལན་གྲོས་ཚོགས་འཕར་མ་ཚོགས་ཐུབ་མེད་པའི་རྐྱེན་གྱིས། བདམས་ཐོན་སྲིད་སྐྱོང་དང་བར་བརྒལ་ཚོགས་གཙོ་རྣམ་གཉིས་ཀྱིས་དུས་ཐོག་དམ་འབུལ་ཞུ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

མཆན། 5

  1. རྣམ་རྒྱལ་ says:
    ལོ་ 2 སྔོན།

    སོ་སོས་བསླངས་པའི་རྙོགས་དྲ་དེ་སོ་སོས་གཙང་མ་བཟོ་དགོས་རེད་མ་གཏོགས། ལམ་སང་རང་ཉེས་༧སྐུ་མདུན་ལ་གཡོགས་རྩིས་བྱེད་ཀྱིན་འདུག ༧སྐུ་མདུན་ལ་སྡོད་བཟོད་མི་བདེ་བ་བཟོ་ན་ཁོ་ཚོར་བདེ་སྐྱིད་ཐོབ་ཀྱི་ཡོད་བ་འདྲ། ད་ཡིན་ན་ཁོ་ཚོའི་ཁ་ནང་ལ་ཐལ་བ་རྒྱོབ་ཡ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 2 སྔོན།

    འོ་ཡ་ད་དེ་རེད་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སྟངས་འདི་འདྲ་ཨ་ཡིན་།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 2 སྔོན།

    ཁྲིམས་འགལ་སྒྲིག་འགལ་སྤྱི་འཐུས་ཀྱིས་ལས་།
    ༸གོང་ས་མཆོག་ལ་མཛད་དཀའ་བཟོས་།
    བཀའ་དྲིན་རྗེས་དྲན་འདི་ཨ་ཡིན་།

    Reply
  4. རུས་རྐང་། says:
    ལོ་ 2 སྔོན།

    དྲྭ་ལམ་ནས་གྲོས་ཚོགས་འཕར་མ་ཚོགས་མ་ཐུབ་པ་དང་ཁྲིམས་ཞིབ་པ་གསུམ་ལས་གནས་བསྐྱར་གསོ་བྱེད་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་རེད།གཡོ་སྒྱུ་རེད། ཁྲམ་པ་རེད། ཆོལ་ཞེན་རེད།
    ཁྲིམས་ཞིབ་པ་གསུམ་སླར་ཡང་ལས་གནས་སླར་གསོ་དང་།འཕོ་་འགྱུར་ཕྱིར་འཐེན་ཡོང་བའི་རེ་སྐུལ་ཞུ་མཁན་དང་ལམ་སྟོན་གནང་མཁན།
    ཁྲིམས་ཞིབ་པ་ཟུར་བ་གཅིག་མ་གཏོགས་པ་བཅུ་བོ་ཚང་མ་དང་།
    བཀའ་བློན་ཟུར་བ། ལས་བྱེད་ཟུར་བ། མི་མང་དང་ཆབ་སྲིད་བཙོན་ཟུར།
    མདོ་སྟོད་ལྡི་ལི་ཆུ་སྒང་མ་ཡིན་པའི་ཆོལ་ཁ་གསུམ་གྱི་དབུས་རྒྱུན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་མཐུན་ཚོགས་སོགས་ག་ཚོད་མང་པོ་ཞིག་གིས་ཁྲིམས་ཞིབ་པ་གསུམ་ལས་གནས་བསྐྱར་གསོ་ཡོང་ཐབས་ལ་འབད་པའི་མི་མང་གི་རེ་བ་ཚང་མ་ཆུ་ནང་ལ་གཡུག་ཕོད་པའི་བླུན་པོ་སྙིང་ཁམས་ཅན་ཆོས་བརྒྱུད་དང་ཆོལ་ཁའི་ཞེ་ཁོག་སྐམ་པོའི་སྤྱི་འཐུས་མིང་འཛིན་པ་ཁྲིམས་ལུགས་ཀྱི་སྒང་ན་སྨྱོ་རྟགས་སྟོན་མཁན་དེ་དག་ནི།
    ལས་ཀའི་ངོ་བོ་ཆ་ནས་རྒྱ་ནག་གིས་བཙན་བྱོལ་གཞུང་ཐོར་ན་འདོད་ཀྱི་ཡོད་པའི་ལས་ཀ་བྱེད་མཁན་དང་།བོད་མི་ནང་ཁུལ་ལ་དབྱེན་དཀྲུག་བྱེད་མཁན། ལོ་རྒྱུས་ཀྱི་ནག་ཉེས་ཅན།ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱིས་མང་གཙོའི་ཀ་བ་གཅོད་པའི་སྟ་རེ་ཡིན་པས། རང་ཉིད་ཀྱི་བཟོས་པའི་ཁྲིམས་འགལ་གྱི་གད་སྙིགས་རང་ཉིད་ཀྱིས་གཙང་བཟོ་མ་ཐུབ་པར༧གོང་ས་མཆོག་ལ་མཛད་དཀའ་བཟོ་བ་ནི། ས་སྐྱ་ལེགས་བཤད་ལས། “ངན་པ་ཕལ་ཆེར་རང་གི་སྐྱོན།། གང་ཡིན་གཞན་ལ་འགོད་པར་བྱེད།། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།།” ཅེས་གསུངས་པ་ལྟར་རོ།།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 2 སྔོན།

    འོ་ད་དེ་རེད་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་ཞུ་རྒྱུ་དེ་རེད་པས་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist