མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་དྲུག་གིས་ཨ་རིའི་རྒྱལ་ས་བར་བོད་དོན་གོམ་བགྲོད་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནང་གནས་སྡོད་བོད་མི་དྲུག་ནས་ཉིན་གྲངས་བཅུའི་རིང་རང་བཙན་གོམ་བགྲོད་གནང་སྟེ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན། ཨ་རིའི་ནང་གནས་སྡོད་བོད་མི་ ༦ གིས། བོད་རང་བཙན་ཤོར་ནས་ལོ་ངོ་ ༧༠ འཁོར་བར་མྱ་ངན་དང་། རྒྱ་ནག་གཞུང་གིས་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་འདུན་ཟེར་བ་བཞག་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བ་ཟེར་བར་ངོ་རྒོལ་བཅས་ཀྱི་ཆེད་དུ། ཉིན་གྲངས་བཅུའི་རིང་ཨ་རིའི་མངའ་སྡེ་པེན་སིལ་ཝེ་ནི་ཡའི་གྲོང་ཁྱེར་ཧྥི་ལ་ཌ་ཧྥི་ཡའི་(Philadelphia, Pennsylvania) རང་བཙན་ཚོགས་ཁང་མདུན་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཨ་རིའི་གྲོས་ཚོགས་ཚོགས་ཁང་བར་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་མགོ་འཛུགས་གནང་འདུག

ཐེངས་འདིའི་གོམ་བགྲོད་ལས་འགུལ་གཉིས་པའི་ནང་བོད་དོན་འཐབ་རྩོད་པ་དོན་གྲུབ་ལྷ་དར་ལགས་དང་། བསྟན་འཛིན་དབང་འདུས་ལགས། ཐུབ་བསྟན་ཆོས་ཉིད་ལགས། བློ་བཟང་ཡེ་ཤེས་ལགས། སྤེན་པ་ཚེ་རིང་ལགས། མིག་དམར་སྒྲོལ་མ་ལགས་བཅས་མཉམ་ཞུགས་གནང་ཡོད་ཅིང་། ཁོང་རྣམ་པའི་གོམ་བགྲོད་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི། རྒྱ་ནག་གཞུང་གིས་ད་བར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ནང་མི་གྲངས་ས་ཡ་ ༢ དང་ཕྱེད་ཀ་ལྷག་འདས་གྲོངས་སུ་གྱུར་བ་དེར་འགན་ལེན་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་ལ་དེའི་ཐད་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གི་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་བསྡུར་ནང་མི་ཞུགས་རྒྱུ་དང་། རྒྱ་ནག་གི་ཅ་དངོས་བཀོལ་མཚམས་འཇོག་དགོས་པ། རྒྱ་ནག་གིས་བོད་ནང་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གྱིས། བོད་མིའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་དགོས་པ་བཅས་ཡིན་འདུག

གཞན་ཡང་། རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚང་མ་འཕྲལ་དུ་ཀློད་གྲོལ་དགོས་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་ནང་གི་རང་ལུས་མེར་སྲེག་དང་བོད་མིའི་སྒེར་ལངས་སོགས་ཀྱི་སྐོར་ནས་ཉན་ཞིབ་འཚོག་དགོས་པ་བཅས་ཀྱི་རེ་སྐུལ་ཞུས་འདུག་ལ། ད་ཐེངས་ཀྱི་གོམ་བགྲོད་ལས་འགུའ་འདི་བརྒྱུད་ནས། རྒྱ་ནག་གཞུང་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ལྷོ་སོག མན་ཇུ་རི་ཡ་ལྟ་བུའི་རང་བཙན་གྱི་རྒྱལ་ཁབ་དག་ལ་བཙན་འཛུལ་བྱས་པ་མ་ཟད། སོ་མྱུལ་དང་འཕྲུལ་རིག་ཤེས་བྱ་བརྐུ་འཁྱེར་སོགས་བརྒྱུད་ནས་འཛམ་གླིང་གི་རྒྱལ་ཁབ་གཞན་ལའང་ཉེན་ཁ་སྐྲུན་བཞིན་ཡོད་པའི་ནག་ཉེས་ཐེར་འདོན་གྱིས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གི་ཉེན་ཁ་ལ་གཟབ་ནན་དགོས་པའི་དྲན་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་འདུག

ད་ལྟ་ཏོག་དབྱིབས་གཉན་རིམས་ཚོད་འཛིན་གྱི་ཆེད་དུ་ཡུལ་གཉིས་བར་འགྲོ་འོང་བཀག་སྡོམ་བྱས་ཡོད་པའི་རྐྱེན་གྱིས། ཁེ་ན་ཌར་གནས་སྡོད་བོད་མི་བསོད་ནམས་ཞུ་བ་ཞིག་ཨ་རིའི་ནང་གི་གོམ་བགྲོད་ལས་འགུལ་ནང་ཞུགས་ཐུབ་ཀྱི་མེད་པར་བརྟེན། ཁོང་ཉིད་ཀྱིས་ཁ་སང་ཁེ་ན་ཌ་དང་ཨ་རིའི་ས་མཚམས་རེན་བྷོ་བྷི་རི་ཇི་ (Rainbow Bridge border)ནས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་གནང་མགོ་བརྩམས་ཡོད་འདུག

དེ་སྔ་ཕྱི་ལོ་ ༢༠༡༩ ལོའི་གསུམ་བཅུའི་དུས་དྲན་སྐབས་དོན་གྲུབ་ལྷ་དར་ལགས་དང་བོད་མི་སྐོར་ཞིག་གིས་ཧྥི་ལ་ཌལ་ཧྥི་ཡ་ནས་ནེའུ་ཡོག་གྲོང་ཁྱེར་དུ་་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བའི་བར་རང་བཙན་གོམ་བགྲོད་ཐོག་མ་དེ་གནང་ཡོད་པ་དང་། སྤྱིར་ད་ཐེངས་ཀྱི་གོམ་བགྲོད་གཉིས་པ་འདི་ཉིད་འདས་ལོར་སྤེལ་འཆར་ཡོད་ནའང་། རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེར་སོང་བའི་རྐྱེན་གྱིས་གོམ་བགྲོད་ལས་འགུལ་ད་བར་ཕར་འགྱངས་བྱེད་དགོས་བྱུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese