མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་གཤིས་འགྱུར་ལྡོག་གིས་གནའ་ཤུལ་མང་པོ་མེད་པར་ཆགས་འགྲོ་ཡི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་ལོ་རྒྱུས་རིང་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་ཨིན་ཌོ་ནེ་ཤི་ཡའི་ལྷོ་ཕྱོགས་ཀྱིི་བྲག་ཕུག་རི་མོ་རྣམས་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཡལ་འགྲོ་ཡི་ཡོད་པའི་སྙན་ཐོ་བཏོན།

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་བང་ཆེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚན་རིག་པ་ཚོས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་འཛམ་གླིང་གི་གཅེས་ནོར་དུ་གྱུར་བའི་གནའ་རྫས་རྩ་ཆེན་མང་པོ་མེད་པ་ཆགས་འགྲོ་ཡི་ཡོད་པའི་ཉེན་བརྡ་བཏང་འདུག་ལ། དེའི་སྐོར་གྱི་ཉམས་ཞིབ་སྙན་ཐོ་ཞིག་གི་ནང་དུ། ཨོ་སི་ཊོ་ལི་ཡ་དང་ཨིན་ཌོ་ནེ་ཤི་ཡའི་གནའ་དངོས་ཤུལ་རྫས་དཔྱད་རིག་པའི་སྡེ་ཚན་ (archaeological scientists) དང་ཉར་ཚགས་བྱེད་མཁན་གྱི་ཆེད་ལས་པ། དེ་བཞིན་མེས་པོའི་གཅེས་ནོར་དོ་དམ་ཁང་པས། ཨིན་ཌོ་ནེ་ཤི་ཡའི་ལྷོ་ཕྱོགས་སུ་ལ་ཝེ་སི་(Southern Sulawesi) ཞེས་པའི་ས་གནས་སུ་ཡོད་པའི་(Leang Sakapao CAVES) ཡི་བྲག་ཕུག་  ༡༡ ལ་བརྟག་དཔྱད་བྱས་རྗེས། ལོ་ངོ་སྟོང་ཕྲག་ ༤༥ ནས་ ༢༠ བར་གྱི་བྲག་རྡོའི་རི་མོ་ (Pleistocene-era rock paintings)རྣམས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་རིམ་གྱིས་ཡལ་འགྲོ་ཡི་ཡོད་སྐོར་བསྒྲགས་འདུག་ལ། བྲག་ཕུག་དེ་ནི་འཛམ་གླིང་གི་ལོ་རྒྱུས་རིང་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག

ཉམས་ཞིབ་པས་བྲག་རྡོ་ལ་བརྟག་དཔྱད་བྱས་པའི་ནང་བྲག་ཕུག་གི་ཕྱི་ངོས་ནས་ཚྭའི་རིགས་མི་འདྲ་བ་གསུམ་རྙེད་པའི་ནང་ (Calcium Sulphate) དང་ (Sodium Chloride) ཡོད་པའི་རྐྱེན་གྱིས་བྲག་རྡོའི་ཕྱི་ངོས་དུམ་བུར་འཐོར་གྱི་ཡོད་པ་དང་། རང་བྱུང་ཚོན་རྩི་ཡིས་བཟོས་པའི་རི་མོ་དེ་དག་ཚ་དྲོད་དང་བཞའ་ཚན་གྱི་འགྱུར་ལྡོག་ཡང་ནས་ཡང་དུ་ཕྱིན་པའི་རྐྱེན་དང་ས་གནས་ཀྱི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་རུལ་འགྲོ་ཡི་ཡོད་འདུག་ལ། ཉེ་བའི་ཆར་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཁབ་ནང་རང་བྱུང་རྐྱེན་ངན་ཐེངས་དགུ་མར་བྱུང་ཡོད་འདུག

ས་གནས་དེར་བྲག་ཕུག་རི་མོ་ ༣༠༠ ལྷག་ཡོད་པ་དང་ཕལ་ཆེ་བ་ཕྱིས་སུ་མྱུལ་ཞིབ་བྱས་ཏེ་རྙེད་པ་ཡིན་ལ། ད་ལྟའི་ཆར་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་ཕྱིན་པའི་རྐྱེན་གྱིས། ས་གནས་དེའི་རང་བྱུང་ཁམས་དང་རྫས་སྦྱོར་དངོས་རིགས་སོགས་ལ་དུས་ནས་དུས་སུ་གཟིགས་ཞིབ་བྱ་དགོས་པ་དང་བྲག་ཕུག་ལ་རི་མོ་བྲིས་པ་རྣམས་ཉར་ཚགས་དང་གཅེས་སྲུང་བྱ་དགོས་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༢ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese