མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ག་ཟླ་བའི་དུས་ཆེན་ལས་འཕྲོས་པའི་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

༄༅། །ས་ཟླའི་དུས་ཆེན་ནི་ནང་པ་སངས་རྒྱས་པའི་དུས་ཆེན་ཁྱད་པར་འཕགས་ཅན་ཞིག་བརྩི་སྲོལ་ཡོད་ཅིང་། ས་གའི་ཟླ་བ་ནང་དུ་དགེ་བ་སྣེ་གཅིག་བསྒྲུབ་ན་དགེ་བ་ལྡབ་འགྱུར་འཕེལ་བ་དང་། སྡིག་པ་སྣེ་གཅིག་བྱས་ཚེ་སྡིག་པ་ལྡབ་འགྱུར་འགྲོ་བ་ཞིག་ཏུ་ངོས་འཛིན་གནང་སྲོལ་ཡོད། དེ་ཡང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་མཛད་པ་མཐའ་ལས་འདས་པ་བཞེས་ཡོད་པ་ནང་ནས། སྐུ་བལྟམས་པ་མཛད་པ་དང་། རབ་ཏུ་བྱུང་བའི་མཛད་པ། བདུད་བཏུལ་བའི་མཛད་པ། སངས་རྒྱས་པའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་དུས་ཆེན་ལྔ་འཛོམས་ཀྱི་ཟླ་བ་ཞིག་ཡིན་པ་ལ་དམིགས་བསལ་ཚེས་པ་ ༡༥ ཉིན་སྐུ་བལྟམས་པའི་མཛད་པ་དང་། སངས་རྒྱས་པའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་དུས་ཆེན་ཁྱད་འཕགས་ཅན་གྱི་ཉིན་མོ་ཞིག་ཡིན་པས་རྣམ་དཀར་དཀར་དགེ་བའི་བྱ་བ་སྤེལ་ན་བྱིན་རླབས་དང་ཕན་ཡོན་ཤིན་ཏུ་ཆེ་བ་ཞིག་ཏུ་ངོས་འཛིན་གནང་སྲོལ་ཡོད། ཅེས་གསལ་དོན་ལྟར་ས་ཟླའི་ཚེས་པ་བཅོ་ལྔ་ཉིན་མོ་དེར་མི་རྣམས་ཀྱིས་ཞོགས་པ་ལངས་ཏེ་དགོན་པ་ཁག་ཏུ་ཕྱག་དང་མཆོད་འབུལ་བྱེད་ཅིང་། དེ་དག་ཚར་རྗེས་ལུས་ལ་གཟབ་མཚོར་ལེགས་པ་སྤྲས་པ་དང་སྦྲགས་ཞིམ་བཟས་ཁྱེར་ཏེ་གླུ་གཞས་དང་། སྟོན་པའི་རྣམ་ཐར་སོགས་ལེན་ནས་སྤྲོ་སྐྱིད་གཏོང་སྲོལ་ཡོད་པ་རེད།

ལོ་ལྟར་བོད་ཕྱི་ནང་གཉིས་ནས་ས་ག་ཟླ་བ་ནང་དུ་དམར་བཟས་འཛེམ་གང་ཐུབ་གནང་དགོས་པ་དང་། ས་ཟླ་རིང་ལ་དམར་བཟས་རིགས་བཟའ་མི་ཉན་ཡང་ཡང་གསུང་གི་ཡོད། དེ་དག་ནི་དགའ་འོས་པའི་གནས་སྟངས་ཤིག་རེད་སྙམ། འོན་ཀྱང་ལོ་སྔོན་མ་ཉ་མང་པོ་ས་ཁུལ་དམའ་ས་འཁྱེར་ཡོང་ནས་གནམ་གཤིས་གྲང་སའི་མཚོ་ཆུ་ནང་དུ་ཚེ་ཐར་བཏང་བས་ཉ་རྣམས་ཚ་དྲོད་མ་མཉམ་ནས་ཤི་བའི་བརྙན་ཐུང་མང་པོ་ཞིག་དྲ་ལམ་ཁག་ཏུ་མཐོང་རྒྱུ་འདུག་པས། དེ་དག་མཐོང་དུས་སེམས་ནང་དུ་ཉ་སྲིན་རིགས་ཚེ་ཐར་བཏང་བ་ཡག་པོ་རེད་མོད། དེ་འདྲའི་ཉ་སྲིན་ཤི་སོང་ན་དེ་ནི་སྡིག་ཉེས་འཚབ་ཆེན་ཞིག་བསགས་པ་མ་གཏོགས་དགེ་བ་ཞིག་ག་ལ་ཡོད། ང་ཚོའི་དེ་དག་ཐོག་ཏུ་ངེས་པར་དགོངས་པ་བཞེས་དགོས་ཀྱི་འདུག་སྙམ་པ་ཚོར་སྣང་ཞིག་སྐྱེས་བྱུང་། དེ་བཞིན་གནད་ཡོད་མི་ཚོས་དེ་དག་ཐོག་ཏུ་ལམ་སྟོན་འདྲ་གནང་ཐུབ་ཚེ་དགེ་མཚན་མེད་དམ་སྙམ།

ལྷག་པར་གོང་ཞུས་ལྟར་ང་ཚོའི་ཉ་སྲིན་ཚེ་ཐར་བཏང་བ་ནི་ཧ་ཅང་གི་དགའ་འོས་པའི་གནས་སྟངས་ཤིག་རེད་མོད། དེ་ལས་གལ་གནད་ཆེ་བའི་ང་ཚོ་ཚང་མ་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ལྟ་བུ་ནི་སའི་གོ་ལ་འདི་ཡིན་དུས་མི་དང་དུད་འགྲོ་ཚང་མ་ལུས་ཁམས་བདེ་པོ་གནས་དགོས་ན་འཇིག་རྟེན་གྱི་ཁམས་འདི་གནས་དགོས་པ་ཞིག་རེད། འཇིག་རྟེན་གྱི་ཁམས་འདི་མ་གནས་ཚེ་ང་ཚོ་སུ་ཞིག་འཚོ་གནས་མི་ཐུབ་པ་དེ་རེད། རྒྱུ་མཚན་དེར་བརྟེན་འཇིག་རྟེན་ཁམས་འདི་ཡུན་གནས་ཡོང་བར་ཤིང་ནགས་འདེབས་འཛུགས་བྱས་པ་ཡིན་དགེ་མཚན་ཆེ་བ་ཞིག་མེད་འགྲོ་སྙམ། དེང་སྐབས་གནམ་གཤིས་འཕོ་འགྱུར་གྱིས་ཚ་རླབས་འཕྱུར་ནས་ཕྱི་ནང་གཉིས་ལ་དཀའ་ངལ་ཚད་མེད་འཕྲད་བཞིན་ཡོད། དེ་དག་ཤིང་ནགས་བཅད་བྲེག་བྱེད་ཆེ་བའི་དབང་གིས་འཇིག་རྟེན་ཁམས་ཀྱི་ཚ་དྲོད་རྒྱས་ནས་ལོ་རེ་ནས་ལོ་རེ་དཀའ་ངལ་ཆེ་རུང་འགྲོ་བཞིན་ཡོད།

དེ་ཡང་”རྩི་ཤིང་ལ་བརྟེན་ནས་སའི་གོ་ལའི་སྟེང་ཚེ་སྲོག་གནས་ཐུབ་ཅིང་། མི་རྣམས་ཀྱིས་རྔུབ་པའི་འཚོ་རླུང་ནི་རྩི་ཤིང་ལས་ཐོབ་ཀྱི་ཡོད། རྩི་ཤིང་གིས་ཤིང་ཏོག་དང་སྔོ་ཚལ་ཐོན་སྐྱེད་བྱེད་ལ། དེ་དག་མི་རྣམས་ཀྱིས་ཟས་ཀྱི་འབྱུང་ཁུངས་ཤིག་ཆགས་ཡོད། ད་དུང་སྲོག་ཆགས་རྣམས་ཀྱིས་རྩི་ཤིང་ཟས་སུ་བརྟེན་ཅིང་། རྩི་ཤིང་ནི་ཟས་ཀྱི་རྒྱུན་འཁོར་གྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཆགས་ཡོད། དེ་མིན་རྩི་ཤིང་ལ་བེད་སྤྱོད་གཞན་ཡང་ཡོད་དེ། ཤོག་བུ་དང་། གྱོན་ཆས་དང་། ཁང་པ་བཟོ་བ་སོགས་ལའང་བེད་སྤྱོད་ཡོད་པ་མ་ཟད། སྨན་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན།” ཞེས་གསལ་དོན་ལྟར། ང་ཚོས་རྩི་ཤིང་འདེབས་འཛུགས་གནང་བ་ཡིན་ད་ལྟ་དང་མ་འོངས་པར་མི་དང་དུད་འགྲོ་གཉིས་ཀར་དགེ་ཕན་ཧ་ཅང་ཆེན་པོ་ཡོད་པ་ཞིག་མངོན། དེ་ཡང་། “ཁོར་ཡུག་སྐྱོན་མེད་གཙང་མར་གནས་པའི་དགེ་མཚན་ནི། དཔེར་ན། ལྗོན་ཤིང་བཟང་པོས་རླུངས་ཁམས་གཙང་བར་བྱེད་ཅིང་། དེས་སྐྱེ་པོའི་སྲོག་རླུང་གཏོང་ལེན་ལ་རམ་འདེམས་ཀྱིས་འབྱུང་ཁམས་ཆ་སྙོམས་ཚེ་བསྲིངས་བར་བྱེད་པ། གྲིབ་བསིལ་སྣུམ་པོ་ངལ་གསོ་བའི་གནས་སུ་གྱུར་ཅིང་། ཆར་ཆུ་དུས་སུ་བབས་པ། ལོ་ཕྱུགས་ལེགས་པ། ཚ་གྲང་སྙོམས་པ། ཡུལ་ཁམས་ཀྱང་བལྟ་ན་སྡུག་པས་ཕྱིའི་ལྗོངས་རྒྱུ་བ་དག་རྒྱུན་མི་ཆད་དུ་ཡོང་ནས་ཤེས་རིག་དང་། དཔལ་འབྱོར་གྱི་འདུ་འགོད་སོགས་རང་བཞིན་གྱིས་འཕེལ་བར་བྱེད་དོ།” ཡང་། “ཁོར་ཡུག་སྦག་བཅོག་གི་ཉེས་པ་ནི། མཚོ་དང་མཚེའུ་དྭངས་བསིལ་གྱི་ཡོན་ཏན་ཉམས་ཤིང་། དེ་དག་ལ་གནས་པའི་སྲོག་ཆགས་ལ་བར་དུ་གཅོད་པ། རྩི་ཤིང་ནགས་ཚལ་སྟོངས་པས་ས་ཡིན་བཅུད་ཉམས་ཤིང་། ཆར་ཆུ་དུས་སུ་མི་བབས། སྔོན་མེད་ཀྱི་རླུང་འཚུབ་དྲག་པོ་ལྡང་བ་སོགས་ཀྱི་འགལ་རྐྱེན་མཐའ་ཡས་སོ།” ཞེས་གསལ་དོན་ལྟར། བྱེ་ཐང་ཅན་དུ་གྱུར་བཞིན་པའི་ས་ཁུལ་དེ་དག་ཏུ་རྩི་ཤིང་འདེབས་འཛུགས་ཐོག་ཏུ་འགྲོ་སོང་བཏང་ཐུབ་ཚེ་ཉ་སྲིན་སྲོག་བླུ་ལས་དངོས་གནས་དགེ་མཚན་ཆེ་བ་ཞིག་ཏུ་མཐོང་། ང་ཚོའི་གནས་སའི་ཁྱིམ་གཞིས་ཡིན་ན་ཁོར་ཡུག་སྲུང་སྐྱོབ་ལ་ངེས་པར་དོ་སྣང་དང་། དེའི་ཐོག་ཏུ་རྒྱུ་གྲོན་མང་ཙམ་ཞིག་བཏང་ནས་ལས་འགུལ་སྤེལ་ཐུབ་ན་དོན་སྙིང་ལྡན་པ་ཞིག་ཏུ་མཐོང་། དེ་སྐབས་སྤང་གཞུང་སྟེང་དུ་རླངས་འཁོར་འགྲོ་ས་བཟོ་བའི་སྐབས་ངེས་པར་ལམ་ཁའི་གཡས་གཡོན་གྱི་མཐའ་དེ་དག་ཡག་པོ་བྱས་ཏེ་ཁ་སུབ་ཐབས་བྱེད་དགོས་པ་ཞིག་ལས་དེ་མུ་བཞིན་བཞག་ཚེ་ཤུལ་རོང་ཆེ་རུང་ཕྱིན་ནས་རྗེས་ཕྱོགས་ཁོར་ཡུག་ལ་གནོད་ཀྱི་ཡོད་པ་རེད། དེ་དག་གནས་ཚུལ་ཆུང་ཆུང་རེད་སྙམ་ནས་སྣང་ཆུང་གཏན་ནས་གཏོང་མི་རུང་བ་ཞིག་རེད།

དེ་བཞིན་ནམ་ཞག་རྒྱུན་དུ་ཤོག་སྙིགས་རིགས་གང་བྱུང་དུ་མི་གཡུག་མི་ཉན་པ་དང་། ལྷག་དོན་རྩྭ་ཐང་སྟེང་དུ་སྤྲོ་སྐྱིད་ལ་ཕྱིན་ནས་བརྔན་པ་རིགས་བླུགས་སྣོད་འགྱིག་ཤོག་དེ་དག་གང་བྱུང་དུ་གཡུག་མི་ཉན་པ་ཞིག་རེད། འགྱིག་ཤོག་དེ་དག་ལམ་སང་མེད་པ་ཆགས་ཐུབ་ཀྱི་མེད་ཚུལ་དང་། ཁོར་ཡུག་ལ་ཧ་ཅང་གི་གནོད་འཚབ་ཆེན་པོ་བྱེད་ཀྱི་ཡོད་རབས་ཚན་རིག་པ་ཚོས་འགྲེལ་བརྗོད་བཞིན་མཆིས། རྒྱུ་མཚན་དེ་དག་བརྟེན་ངེས་པར་དོ་སྣང་དགོས་པ་ཞིག་རེད། དེ་བཞིན་གོང་དུ་རུབ་ཙམ་ཞིག་ཞུས་ཟིན་ལྟར་དེ་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཕོན་ཆེ་བཏང་ནས་ས་ག་ཟླ་བ་ཉིན་མོར་ཉ་སྲིན་ས་ཐག་རིང་པོ་འཁྱེར་ཡོང་ནས་ས་ཆ་གཞན་གྱི་རྒྱུག་ཆུ་ནང་དུ་ཚེ་ཐར་བཏང་ནའང་ཉ་སྲིན་དེ་དག་ཚ་གྲང་འཐབ་ནས་སྲོག་མགོ་མཐོན་གྱི་མེད། དེ་བཞིན་ས་ཟླའི་དུས་ཆེན་ཉིན་མོར་ཡུལ་ཕྱོགས་གཞན་ནས་རྐང་བཙུགས་ནས་ཉ་སྲིན་དུ་མ་འཁྱེར་ཡོང་གི་ཡོད། འགའ་ཤས་བོད་ཀྱི་ས་ཁུལ་དུ་མ་སླེབས་གོང་ནས་དབུགས་ཀྱི་མི་འདང་ནས་ཤི་འགྲོ་ཡི་ཡོད། དེ་དག་ཐོག་ཏུ་ང་ཚོ་ཚང་མས་དགོངས་པ་བཞེས་དགོས་པ་ཞིག་རེད། དེ་དག་ནི་དགེ་བ་བསགས་རྒྱུ་ཚབ་ཏུ་སྡིག་ཉེས་འཚབ་ཆེན་བསགས་ཀྱི་ཡོད། དངུལ་དངོས་ཕོན་ཆེ་གཏང་ས་མ་ནོར་བ་ཞིག་གནང་དགོས་པ་མཐོང་གི་འདུག །

ལྷག་དོན་གྲོང་གསེབ་ཁག་ཏུ་ན་གཞོན་མཐོ་སློབ་ཁག་ཏུ་འགྲོ་མ་ཐུབ་པ་དང་། དེ་བཞིན་ལོ་ཆུང་འགའ་ཤས་སློབ་གྲྭ་འགྲོ་སྙིང་འདོད་རུང་མཐུན་རྐྱེན་གྱིས་མ་འདང་བ་དེ་འདྲའི་རིགས་ཡོད་ན། དེ་དག་ལ་སློབ་ཡོན་གྱིས་མཐུན་རྐྱེན་སྦྱར་ཐུབ་ཚེ་ཚེ་འདི་ཕྱི་གཉིས་ལ་དགེ་བ་རླབས་ཆེན་ཞིག་བསགས་པ་རེད་བསམ་གྱི་ཡོད། ན་ཆུང་མང་པོ་ཞིག་གྲོང་གསེབ་ཁག་ཏུ་སློབ་གྲྭ་འགྲོ་བའི་གོ་སྐབས་མ་རག་པ་ཡོད་ངེས་རེད། དེ་དག་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ནས་སློབ་གྲྭ་བཏང་ཐུབ་ཚེ་དེ་ལས་ཀྱང་དགེ་ཕན་ཆེན་པ་ཞིག་ག་ལ་ཡོད། ལྷག་པར་སྐུ་བརྙན་དེ་འདྲ་ལ་དངུལ་སྒོར་འབུམ་ཕྲག་བཏང་ནས་ཞལ་གསེར་ཚད་ལས་འདས་པ་སྒྲོན་པ་ལས། དེའི་དངུལ་འབོར་དེ་དག་གིས་དབུལ་འཕོང་གི་བུ་ཕྲུག་གི་སློབ་ཡོན་གྱི་ཆེད་དུ་གཏང་གནང་བ་ཡིན་ན་དགེ་མཚན་ཆེ་བ་མེད་དམ་སྙམ། རྒྱལ་ཁབ་དང་མི་རིགས་ཤིག་གསོན་གནས་ཐུབ་དགོས་ན་མ་འོངས་པ་ན་གཞོན་རྣམས་ཡིན་དུས་དེ་དག་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ཐུབ་ན་དགེ་མཚན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཏུ་མཐོང་གི་འདུག ། དེ་དག་ང་རང་གི་སེམས་ཁོངས་ནས་བསམ་ཚུལ་ཞིག་ཡིན་པས་དེ་དགོངས་འཇགས་འཚལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese