མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་འབྲུག་ལ་བཙན་འཛུལ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འབྲུག་གཞུང་གི་ས་ཁོངས་ཀྱི་བརྒྱ་ཆ་ ༡༢ ཙམ་རྒྱ་ནག་གི་ཡིན་སྐོར་རྗོད་ཀྱི་ཡོད་འདུག

ཕྱི་འབྲེལ་སྲིད་ཇུས་དུས་དེབ་(Journal foreign policy) ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་འབྲུག་གི་མངའ་ཁོངས་ས་སྟོང་ (Sakteng wildlife reserve) ཞེས་པར་བཙན་འཛུལ་བྱེད་བཞིན་ཡོད་པ་དང་། ས་སྟོང་དེར་སྔོན་ཆད་རྒྱ་ནག་གིས་ཐེ་གཏོགས་བྱེད་མྱོང་མེད་ལ།  རྒྱ་གར་གྱི་བྱང་ཤར་ས་མཚམས་སུ་ཁེལ་བ་ཞིག་ཡིན་སྟབས། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་ནི་འབྲུག་ཙམ་མིན་པར་རྒྱ་གར་གྱི་མངའ་ཁོངས་སུ་ཕྱོགས་ཡོངས་ནས་བཙན་འཛུལ་བྱེད་པའི་ཐབས་ཇུས་ཤིག་ཡིན་སྐོར་རྗོད་ཀྱི་འདུག

དེ་ཡང་འབྲུག་གི་ས་མཚམས་གྲོང་རྡལ་དགེ་ལེགས་ཕུ་(Gyalaphug) ཞེས་པའི་ས་ཁོངས་སུ་རྒྱ་ནག་གིས་གྲོང་སྡེ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་མ་ཟད། འཛིན་སྐྱོང་ཁང་པའི་སྒོ་བྱང་དུ་ཞི་ཅིན་ཕིང་གིས་བློ་རྩ་བརྟན་པོས་སྲོལ་རྒྱུན་འཛིན་པ་ཞེས་བྲིས་ཡོད་འདུག་ལ། གྲོང་སྡེ་དེར་ལས་མི་དང་ཉེན་རྟོག་པ། དམག་མི་སོགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་མི་མང་བརྒྱ་ལྷག་དང་གཡག་མང་པོ་གནས་ཐུབ་པའི་ཚོད་དཔག་བྱེད་ཀྱི་འདུག  དགེ་ལེགས་ཕུ་ཞེས་པའི་ས་ཆ་དེ་རྒྱ་ནག་གི་གཞུང་འབྲེལ་ས་ཁྲའི་ནང་དུའང་འབྲུག་གི་ཁོངས་སུ་ཡོད་པ་ཞིག་ཡིན་འདུག

ཕྱི་འབྲེལ་སྲིད་ཇུས་དུས་དེབ་ཀྱི་གནས་ཚུལ་ལྟར་ན། རྩོད་རྙོག་ཅན་གྱི་མཐའ་མཚམས་ཁག་ཏུ་རྒྱ་ནག་གིས་ཧམ་བཟུང་བཙན་འཛུལ་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༡༩༩༨ ལོའི་འབྲུག་རྒྱའི་གྲོས་ཆོད་ལ་རྩིས་མེད་རྡོག་རོལ་བཏང་སྟེ་འབྲུག་གི་མངའ་ཁོངས་ཀྱི་སྤྱི་ལེ་  ༨ ཙམ་གྱི་ནང་རྒྱ་ནག་གཞུང་གིས་གཞུང་ལམ་དང་གྲོང་རྡལ་གསར་འཛུགས། དེ་བཞིན་དམག་སྡེ་དང་ཉེན་རྟོག་ཁང་། ཚོང་ཁང་སོགས་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག་ལ། ས་ཆ་དེ་ཚོ་རྒྱལ་སྤྱིའི་ཐོག་ནས་རྩོད་རྙོག་ཅན་གྱི་རྒྱལ་ཁོངས་གཞན་དུ་ངོས་འཛིན་བྱེད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་ཁུན་མིན་ (Kunming) གྱི་རྒྱལ་ས་ཡུན་ནན་ (Yunnan) ནང་། རྒྱལ་སྤྱིའི་ལྟ་སྐོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་སྣེ་ལེན་བྱས་ཏེ། རྒྱ་ནག་གི་མངའ་ཁོངས་སུ་བཅུག་པའི་ལྷོ་ཕྱོགས་མཐའ་མཚམས་སྐོར་གླེང་སློང་བྱས་ཏེ། ལྷོ་ཕྱོགས་སུ་མངའ་ཁོངས་རྒྱ་སྐྱེད་པའི་ངན་ཇུས་གསལ་བར་བསྟན་ཡོད་འདུག་ལ། རྒྱ་ནག་དང་འབྲུག་བར་གྱི་ས་ཁྱོན་སྤྱི་ལེ་ ༤༧༠ དེ་རྩོད་རྙོག་གསར་པ་ཞིག་མིན་ཡང་། རྒྱ་ནག་གཞུང་གིས་འབྲུག་གཞུང་གི་ས་ཁོངས་ཀྱི་བརྒྱ་ཆ་ ༡༢ ཙམ་རྒྱ་ནག་གི་ཡིན་ཚུལ་རྗོད་བཞིན་ཡོད་པ་རེད།

མི་འབོར་འབུམ་ ༨ ཙམ་ལས་མེད་པའི་ནང་པའི་རྒྱལ་ཁབ་ཆུང་ཆུང་འབྲུག་ནི་རྒྱ་ནག་དང་རྒྱ་གར་གཉིས་ལ་མཐའ་འབྲེལ་ཆགས་ཡོད་ཀྱང་། ཕྱི་འབྲེལ་དང་དཔལ་འབྱོར་གྱི་ཐོན་ནས་རྒྱ་གར་ལ་མཛའ་འབྲེལ་ཤུགས་ཆེ་བ་ཡོད་པ་མ་ཟད། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་ལ་ཕྱི་ནང་གི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ད་ལྟ་ད་དུང་ཡང་འབྲུག་ཡུལ་དུ་རྒྱ་ནག་གི་གཞུང་ཚབ་ཁང་ཡང་འཛུགས་ཐུབ་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese