མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྲིད་སྐྱོང་དམ་འབུལ་སྐབས་༧གོང་ས་མཆོག་ནས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་གསར་བར་འཚམས་འདྲི་དང་སྲིད་སྐྱོང་ཟུར་བས་ཧུར་ཐག་འབད་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་ཞེས་བཀའ་སློབ་སྩལ་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༥༥ སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ། བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་མཆོག་གི་ལས་འཁུར་དང་གསང་རྒྱའི་དམ་འབུལ་མཛད་རིམ་ཐད་གཏོང་བརྒྱུད་གནང་སོང་བ་དང་། མཛད་སྒོའི་ཐོག་༧གོང་ས་མཆོག་ནས་སྲིད་སྐྱོང་གསར་རྙིང་གཉིས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་བསྩལ་བ་དང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་འབུལ་གནང་གྲུབ་མཚམས། སྲིད་སྐྱོང་གསར་རྙིང་དབར་བཀའ་ཐམ་སྲིད་ཞི་བདེ་སྐྱིད་རྩིས་སྤྲོད་རྩིས་ལེན་གནང་སོང་།

སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་དམ་འབུལ་མཛད་སྒོའི་ལས་རིམ་ངོ་སྤྲོད་གནང་བ་ལྟར་ན། ད་རེས་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་མཉམ་ཞུགས་མི་གནང་བའི་ཐག་གཅོད་བླངས་ཡོད་པ་དང་། དེ་བཞིན། མཛད་སྒོའི་ཐོག་ཁྲིམས་ཞིབ་པ་གཞན་གཉིས་ནས་ཐད་གཏོང་བརྒྱུད་མཉམ་ཞུགས་གནང་ཡོད་ཅིང་། ཁྲིམས་ཞིབ་པ་ཆེ་བ་དང་ལས་འཁྱུར་སྲིད་སྐྱོང་གཉིས་ནས་བདམས་ཐོན་སྲིད་སྐྱོང་མཆོག་ལ་རྟེན་འབྲེལ་མཚོན་བྱེད་བསྒྲོན་འབུལ་དང་རྟེན་འབྱུང་མཇལ་དར་འཐེན་གནང་བ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དམ་འབུལ་མ་དེབ་ཏུ་མཚན་རྟགས་འགོད་པ་བཅས་གནང་སོང་ལ། ཡང་དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་རྩ་དགོངས་ཞུས་ཡོད་པ་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིར་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། དེ་བཞིན་སྤྱི་འཐུས་བསྟན་པ་ཡར་འཕེལ་བཅས་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མེད་པ་སོགས་རྒྱུན་ལས་ཀྱི་གྲུབ་ཆ་ཚང་གི་མེད་པའི་གནས་སྟངས་འོག་རྒྱུན་ལས་ནས་དགོངས་པ་ཞུས་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དམ་འབུལ་མཛད་སྒོར་དྲ་ལམ་བརྒྱུད་བླང་དོར་བཀའ་སློབ་སྩལ་སྐབས། ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་དང་པོའམ་གཉིས་པ་ཞིག་ལ་རྡོ་རྗེ་གདན་དུ་ཚོགས་འདུ་ཚོགས་ཏེ་སྤྱི་འཐུས་བཙུགས་དགོས་ཀྱི་འདུག་ཟེར་ནས་འབོད་སྐུལ་བྱས་ཏེ་བཙུགས་པ་རེད། གང་ལྟར་རིམ་པས་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་འདི་མང་གཙོའི་ལམ་དུ་འགྲོ་བསྡད་ཡོད་པ་མ་གཏོགས་འཁྲབ་བསྡད་ཡོད་པ་མ་རེད། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་མང་གཙོ་ཡང་དག་པ་ཞིག་བྱེད་བཞིན་ཡོད་རེད། རྒྱ་མི་གུང་ཁྲན་གྱིས་ཞིང་བྲན་ལམ་ལུགས་དང་ལུགས་སྲོལ་རྙིང་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། དངོས་ཡོད་གནས་ཚུལ་ལ་བོད་ནང་དུ་རང་དབང་ཡོད་མ་རེད། བཙན་བྱོལ་དུ་ཡོད་པའི་བོད་མི་འབུམ་གཅིག་ལྷག་ཡོད་པ་རྣམས་ལ་རང་དབང་ཡོད་པའི་རྐྱེན་གྱིས་བཙན་བྱོལ་སྒྲིག་འཛུགས་ཡོད་པ་དང་མང་གཙོའི་ལམ་ཁ་མཐར་ཕྱིན་པའི་ཐོག་འགྲོ་ཡི་ཡོད་པ་རེད།  དེར་བརྟེན། དེ་རིང་སྲིད་སྐྱོང་གསར་པ་དང་སྲིད་སྐྱོང་ཟུར་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ཧུར་ཐག་འབད་ཐག་བྱས་པ་རེད། འབྱུང་འགྱུར་མུ་མཐུད་ནས་ང་ཚོའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་འདི་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བ་ཡོད་པས་དམིགས་བསལ་ཆགས་ཀྱི་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་འདུལ་བའི་ཁྲིམས་ཀྱི་འགྲོ་སྟངས་ཤིག་ཡོད་པ་རེད། འདིའི་སྒང་ལ་མཁན་པོས་ཐག་གཅོད་རྒྱུ་ཡོད་མ་རེད། གསོལ་གཞིའི་ལས་ཟེར་ནས་གསོལ་བ་སྔོན་དུ་བཏང་ནས་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ། བརྗོད་པ་གསུམ་པ་ཟེར་ནས་མང་མོས་རང་གི་ཐོག་ནས་ཐག་གཅོད་རྒྱུ་ཡིན་པ་དེ་འདུལ་བའི་འགྲོ་སྟངས་ཡིན་པ་བཅོམ་ལྡན་འདས་ཀྱིས་ལམ་སྟོན་གནང་ཡོད་པ་རེད།

ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་འདི་དེ་སྔོན་གྱི་གནས་ཚུལ་ཁག་ཁག་རེད། ངོས་རང་གི་ངོས་ནས་ཆ་བཞག་ན་ཆབ་སྲིད་ཀྱི་ལས་འགན་བཞག་པ་རེད། ང་ཚོའི་ཆབ་སྲིད་ཀྱི་འགན་འདི་མང་གཙོའི་འོས་བསྡུའི་ཐོག་ནས་ཡོང་གི་ཡོད་པ་བཟོས་ཏེ་ད་ལྟ་བར་དུ་ཞེ་དྲགས་ཡག་པོ་ཡིན། ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། དེ་རིང་སྲིད་སྐྱོང་གསར་རྙིང་གཉིས་འཛོམས་པར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་ང་ཚོ་མུ་མཐུད་ནས་འགྲོ་དགོས་ཀྱི་ཡོད་སྟབས་དུས་ཀྱི་འགྱུར་བ་འགྲོ་བསྡད་ཀྱི་འདུག  རྒྱ་ནག་ལ་ཆ་བཞག་ན་འགྱུར་བ་འགྲོ་བསྡད་ཡོད་པ་རེད། ང་ཚོ་ཆེ་ས་ནས་བོད་ཀྱི་དོན་དག་དེ་དབུ་མའི་ལམ་གྱི་ཐོག་ནས་འགྲོ་ཡི་ཡོད་རེད། དེར་བརྟེན། རྒྱ་མིའི་ངོས་ནས་བསམ་བློ་ཏོག་ཙམ་གུ་ཡངས་པོ་གཏང་བ་ཡིན་ན། ང་ཚོས་གཉིས་ཕན་གྱི་འགྲོ་སྟངས་ཤིག་ལམ་སྟོན་བྱས་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་འདི་འཛམ་གླིང་ནང་སུས་བལྟས་པ་ཡིན་ནའང་། དངོས་གནས་དྲང་གནས་ཀྱིས་མང་གཙོ་ཡང་དག་པའི་སྒང་ལ་འགྲོ་བསྡད་ཡོད་པ་དང་། འདིའི་ཐོག་ལ་ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་ལས་ཡོད་མ་རེད་དེ་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་དགོས་པ་རེད།  བོད་ནང་དུ་རྒྱ་མིས་དམ་དྲག་བྱེད་ཀྱི་ཡོད་རེད། ས་ཆ་ཁུག་ཀྱོག་ལ་དགོན་པ་བདག་པོ་བརྒྱབ་ནས་གང་ཡོང་ཅི་ཡོང་གིས་སློབ་གཉེར་བྱེད་ཀྱི་ཡོད་རེད་མ་གཏོགས། གཞན་སྤྱི་ཡོངས་ཀྱི་ཐོག་ནས་དམ་དྲག་ཆེན་པོ་རེད།

ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་སོ་སོའི་གཅེས་ནོར་ལྟ་བུ་སངས་རྒྱས་ཀྱི་ཆོས་རིག་པ་ལྡན་པ། ཚན་རིག་དང་མཐུན་པ་ཞིག་བདག་པོ་བརྒྱབ་བསྡད་ཡོད་པ་རེད། གདན་ས་ཚོས་ད་ལྟ་བར་སློབ་གཉེར་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། འཛམ་བུ་གླིང་འདིའི་སྒང་ལ་དེ་སྔ་ཡིན་ན་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་ནང་ཆོས་ལ་དམིགས་བསལ་དོ་སྣང་བྱེད་མཁན་མེད་པ་དང་འབྲེལ་བའང་ཡོད་མ་རེད། བོད་པའི་སངས་རྒྱས་པའི་ཆོས་ལ་བླ་མ་ཆོས་ལུགས་ཀྱི་མིང་བཏགས་ནས་འགྲོ་ཡི་ཡོད་རེད། ང་ཚོ་བཙན་བྱོལ་དུ་འབྱོར་ནས་རིམ་པས་བདེན་པའི་གནས་ཚུལ་གསལ་པོ་ཆགས་ཡོད་དུས། བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དང་རིག་པ་དང་ལྡན་པ་རེད་འདུག  རྨོངས་དད་ཀྱི་སྐད་ཆ་ཁྱོན་ནས་མ་རེད་ཟེར་ནས་ཤེས་ཡོན་ཅན་མང་པོས་བཤད་ཀྱི་འདུག  དེའི་དཔང་པོར་ང་ཚོས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་པ་དང་བགྲོ་གླེང་བྱེད་ཀྱི་ཡོད་རེད། ང་ཚོ་གདན་སའི་སློབ་ཚན་ནང་དུ་ཚན་རིག་སློབ་སྦྱོང་བྱ་རྒྱུའི་མགོ་བཙུགས་ཡོད་པ་རེད། དེར་ང་ཚོ་སྤོབས་པ་ཡོད་པ་རེད། ང་ཚོ་རིགས་པའི་ལམ་ནས་འགྲོ་བསྡད་ཡོད་པ་མ་གཏོགས་རྨོངས་དད་བྱས་ནས་འགྲོ་ཡི་མེད།

ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་རེད་དེ་གཙོ་བོ་རྒྱ་གར་རང་དབང་ལུང་པ་རེད། བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་རེད། ལྷག་པར་དུ་དཔལ་ལྡན་ནཱེ་རུ་ནས་དམིགས་བསལ་གྱིས་ང་ཚོའི་ཐོག་ལ་ཐུགས་སྣང་གནང་སྟེ་ཞེ་དྲགས་བཀའ་དྲིན་ཆེན་པོ་ཡིན། རྒྱ་གར་ནང་དུ་གཙོ་བོ་གདན་ས་ཁག་གིས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་། དཔལ་ནཱ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ། ཚན་རིག་དང་མཐུན་པ་དེ་ཚོ་རྒྱ་གར་ནང་དུ་གཙོ་བོ་གདན་ས་ཁག་གིས་བདག་པོ་བརྒྱབ་བསྡད་ཡོད་པ་རེད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཁོ་ནས་སྒྲས་སློབ་གཉེར་བྱས་པ་དང་སློབ་གཉེར་བྱས་པ་རྣམས་ལག་ལེན་བསྟར་ནས་འགྲོ་རྒྱུ་མ་གཏོགས་གཞན་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་ཡོད་མ་རེད། ཅེས་གསུངས་ཡོད་པ་རེད། དེར་བརྟེན། ང་ཚོས་ད་ལྟ་བར་དུ་ཧུར་ཐག་འབད་ཐག་བྱས་པ་རེད། འབྲེལ་ཡོད་ཚང་མ་ལ་དེ་རིང་གོ་སྐབས་འདི་བཟུང་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་སྐྱོང་གསར་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་སྲིད་སྐྱོང་ཟུར་པས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 3

  1. ཨ་ཁ་ཁ says:
    ལོ་ 5 སྔོན།

    མ་དགོས་པ་ཁྲིམས་བཟོ་ལྷན་ཚོགས་ཀྱི་བཅའ་ཁྲིམས་འདྲ་བཟོས།ཆོལ་གསུམ་མི་དམངས་ཀྱི་ཐད་ཀར་བདམས་ཡོད་པའི་སྤྱི་འཐུས་རྣམས་ཀྱི་ཐག་གཅོད་བྱས་ཟིན་པའི་བྱ་བ་དེར།ནུས་མེད་དུ་བཏང།བཅའ་ཁྲིམས་རིན་པོ་ཆེ་བཟོས་ནས་ཕྱི་ལ་སྟོན་ཡ་ཙམ་མ་གཏོགས་ཕན་ཐོག་གང་ཡང་མི་འདུག མདོར་བསྡུས་ན་མི་དམངས་དབང་ཆ་མེད་པ་དེ་རེད།
    དོན་དམ་ལ་བརྩི་འཇོག་བྱེད་མ་ཐུབ་པ་ཡིན་ན་བཅའ་ཁྲིམས་དགོས་མཁོ་མི་འདུག་ག རྒན་པོ་རྒན་མོ་རྣམས་རུབ་རུབ་བྱེད་ན་ཐག་གཅོད་བྱས་ནས་དགའ་ཡི་རེད།གཅིག་རྒྱལ་གཅིག་ཕམ་གིས་བསམ་བློ་མ་ཐོངས།གྱོང་གུ་དེ་བོད་མི་ཚང་ལ་རག་གི་ཡོག་རེད།ད་བོད་པས་མི་གདོང་རིགས་ངོ་མ་དེ་འཛམ་བུ་གླིང་ལ་སྟོན་སོང་བ།ངོ་ཚ་མ་ཤེས་ནས་ད་དུང་རྒྱལ་ཁ་རེད་བསམ་བྱུང་ངམ།སྙིང་རྗེ།

    Reply
  2. པ་རྡོ་རེ། says:
    ལོ་ 5 སྔོན།

    བོད་རྒྱལ་ལོ།། ད་ནས་ལོ་རྒྱུས་ཀྱི་རྙིག་རོ་རྣམས་རྒྱང་བསྐྱུར་གྱིས་མ་འོངས་ཀྱི་བོད་དང་བོད་མིའི་སྐོར་ལ་འབད་རྒྱུའི་དུས་ཚོད་སླེབས་ཡོད་དོ།། སྨོན་ལམ་ལོག་པའི་དབང་གིས་བོད་དང་བོད་མིར་སྡང་ཟུག་འཆང་མཁན་གྱི་བོད་མི་ཐ་ཤལ་འགའ་ཞིག་དང་། རྒྱ་དམར་གྱི་ལས་བྱེད་རྣམས་ཕམ་པར་གྱུར་ཅིག

    Reply
  3. ཆོས་སྐྱོང་། says:
    ལོ་ 5 སྔོན།

    ནམ་ཡང་ངོས་ལེན་མེད། ???

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese