མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་མང་མོས་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གི་འོས་འདེམས་ལྷན་ཚོགས་(Election Committee) ནས་རྒྱ་ནག་གཞུང་ལ་དགའ་ཞེན་གྱི་ཆབ་སྲིད་ལངས་ཕྱོགས་བཟུང་བའི་ཐོག་ནས་གྲོང་ཁྱེར་སྤྱི་ཁྱབ་པ་དང་གྲོས་ཚོགས་འཐུས་མིའི་འོས་མི་སོགས་འདེམས་སྒྲུག་བྱ་རྒྱུའི་ཁྲིམས་འཆར་མང་མོས་གཏན་འབེབ་བྱས་འདུག

ཁ་སང་ཧོང་ཀོང་གྲོས་ཚོགས་ཀྱིས། ཧོང་ཀོང་གི་གཞུང་འཛིན་མགོ་འཁྲིད་ཁྲོད་རྒྱལ་ཞེན་མེད་པའི་མི་སྣ་རྣམས་ལ་ཚོད་འཛིན་བཀག་འགོག་བྱ་རྒྱུར་དམིགས་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་ཉིད་མང་མོས་ཀྱི་ཐོག་ནས་གཏན་འབེབ་བྱས་ཏེ། མི་རིང་བར་གྲོང་ཁྱེར་གྱི་སྤྱི་ཁྱབ་མ་ཁེ་རི་ལེམ་གྱིས་མིང་རྟགས་བཀོད་དེ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ཁྲིམས་འཆར་དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་སྔར་ལས་སྟངས་འཛིན་བྱེད་ཐབས་དང་། དམངས་གཙོ་དོན་གཉེར་བས་མཚོན་པའི་ཁ་གཏད་ཚོགས་པ་རྣམས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ཞུགས་མི་ཐུབ་པའི་ཆེད་དུ་ཡིན་སྐོར་བརྗོད་འདུག

ཧོང་ཀོང་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་བཏོན་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེའི་ནང་། ད་བར་ཧོང་ཀོང་གི་འོས་འདེམས་ལྷན་ཚོགས་(Election Committee) ཀྱིས་གྲོང་ཁྱེར་གྱི་སྤྱི་ཁྱབ་མ་གཏོགས་འདེམས་ཀྱི་མེད་ནའང་། ད་ལན་སྤྱི་ཁྱབ་ཙམ་དུ་མ་ཟད། ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་མི་དང་། འོས་འདེམས་ལྷན་ཚོགས་ཀྱི་ཚོགས་མིའི་འོས་མི་རྣམས་ཀྱང་ལྷན་ཚོགས་དེས་འདོན་རྒྱུ་ཡིན་འདུག དེ་ཙམ་དུ་མ་ཟད། རྒྱ་ནག་གཞུང་གི་ཕྱོགས་གཏོགས་ཡིན་པའི་འོས་འདེམས་ལྷན་ཚོགས་ལ་ད་ལྟའི་ཆར་ཚོགས་མི་ ༡༢༠༠ ཡོད་ཅིང་། དེ་ཉིད་ ༡༥༠༠ ལ་སྤར་རྒྱུ་ཡིན་འདུག དེ་བཞིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ལ་བློ་འཚབ་སྐྱེ་གཞིའི་གནད་དོན་ཆེ་ཤོས་ཤིག་ནི། ཁྲིམས་ཡིག་དེའི་དགོངས་དོན་གཞིར་བཟུང་། ཧོང་ཀོང་གཞུང་གིས་བསྐོ་གཞག་བྱས་པའི་ཚོགས་ཆུང་ཞིག་གིས། གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མིའི་འོས་མི་དང་། འོས་འདེམས་ལྷན་ཚོགས་ཀྱི་ཚོགས་མི། སྤྱི་ཁྱབ་ཀྱི་འོས་མི་ཚང་མའི་རྒྱབ་ལྗོངས་དང་བཅས་པར་རྟོག་ཞིབ་བྱ་རྒྱུ་ཡིན་སྟབས། དམངས་གཙོ་དོན་གཉེར་བས་མཚོན་པའི་དུས་རྒྱུན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ཁ་གཏད་གཅོག་མཁན་གྱི་མི་སྣ་ཞིག་འོས་མིའི་ཁོངས་སུ་སླེབ་ཐབས་མེད་པར་བརྟེན། འབྱུང་འགྱུར་ཧོང་ཀོང་གྲོས་ཚོགས་དང་གཞུང་འཛིན་ནང་ཁ་གཏད་ཚོགས་པའི་འཐུས་མི་ཞིག་སླེབ རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་འདུག

གཞན་ཡང་། ད་ལྟའི ཆར་ཧོང་ཀོང་གི་གྲོས་ཚོགས་ནང་ཁྱོན་འཐུས་མིའི་ཞབས་བཀྱག་ ༧༠ ཡོད་པ་དེ་ ༩༠ ལ་སྤར་ཡོད་ཀྱང་། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འཐུས་མིའི་གྲངས་དེ་ ༣༥ ནས་ ༢༠ ལ་མར་བཅག་ཡོད། གཞན་ཞབས་བཀྱག་ ༤༠ འོས་འདེམས་ལྷན་ཚོགས་ཀྱིས་འདེམ་རྒྱུ་དང་། ལྷག་འཕྲོ་ཞབས་བཀྱག་ ༣༠ རྣམས་ཧོང་ཀོང་གི་ཚོང་དོན་དང་། དངུལ་གཉེར་སོགས་ལ་པའི་ཤོག་ཁག་དམིགས་བསལ་རྣམས་ཀྱིས་འདེམ་སྒྲུག་བྱ་རྒྱུ་ཡིན་འདུག འོས་འདེམས་ལྷན་ཚོགས་ལྟར་ཤོག་ཁག་དམིགས་བསལ་བ་དེ་དག་ཀྱང་སྔར་ནས་རྒྱ་ནག་གཞུང་དང་ཉེ་བོ་ཡིན་འདུག

ད་ཐེངས་ཀྱི་ཁྲིམས་ཡིག་འདི་ནི་འདས་ལོའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་(National Security Law) ལས་ལྷག་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པའི་སྲིད་ཇུས་ཤིག་ཡིན་འདུག ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་གཞུང་རྒོལ་ལས་འགུལ་བྱུང་བ་མ་ཟད། ལོ་དེའི་མཇུག་ཙམ་ལ་ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་དམངས་གཙོ་དོན་གཉེར་བར་རྒྱལ་ཁ་ཆེན་པོ་ཐོབ་པར་བརྟེན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་ལ་མ་འཛེམ་པར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་ཏེ། ཁྲིམས་ཡིག་དེའི་མིང་ཐོག་ནས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འཛིན་བཟུང་དང་བཙོན་འཇུག་བྱས་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༡༡ ནང་ཧོང་ཀོང་གཞུང་གིས་ཁྲིམས་ཡིག་དེར་ཁ་གཡར་ཏེ། ཧོང་ཀོང་གྲོས་ཚོགས་ཀྱི་དམངས་གཙོ་དོན་གཉེར་བའི་འཐུས་མི་སྐོར་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁར་བརྩིས་ཏེ་ཕྱིར་འབུད་བཏང་ཡོད་ཅིང་། དེར་ངོ་རྒོལ་ཆེད་གྲོས་ཚོགས་ཀྱི་དམངས་གཙོ་དོན་གཉེར་བའི་འཐུས་མི་རེ་གཉིས་མ་གཏོགས་ཚང་མས་རྩ་དགོངས་ཞུས་པར་བརྟེན། ད་ལྟའི་ཆར་ཧོང་ཀོང་དེ་པེ་ཅིན་གཞུང་དང་ཉེ་བོ་ཡིན་པའི་འཐུས་མིའི་སྟངས་འཛིན་འོག་ཡོད་པ་རེད།

ཧོང་ཀོང་གི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་ཡིག་དེ། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༡ ཉིན་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ (NPC) གྱིས་རྒྱལ་ཞེན་པས་ཧོང་ཀོང་འཛིན་སྐྱོང་བྱ་(Patriots governing Hong Kong) ཞེས་པའི་གྲོས་ཆོད་ཅིག་གཏན་འབེབ་བྱས་པ་དེར། འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཀྱིས་མོས་མཐུན་རྒྱབ་སྐྱོར་བྱས་པ་བརྒྱུད་བྱུང་བ་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་གྲོས་ཆོད་དེ་འདོན་སྐབས། དབྱིན་ཡུལ་དང་། ཨ་རི། ཡུ་རོབ་མཐུན་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་ནའང་། རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེ་རྒྱལ་ཁབ་ཀྱི་མངའ་དབང་སྲུང་སྐྱོབ་དང་ཧོང་ཀོང་གི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཆེད་གཏན་འབེབ་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་གི་ན་གཞོན་ལས་འགུལ་བ་ཇོ་ཧྲ་ཝོང་(Joshua Wong) གྱིས་མཚོན་པའི་སྣེ་ཁྲིད་པ་བརྒྱ་ཕྲག་སྐོར་ཞིག་ཁྲིམས་འགལ་གྱི་འདུ་འཛོམས་ལ་ཞུགས་པ་དང་། སྲིད་དབང་མགོ་གཏིང་སློག་པ། ཕྱིའི་སྒྲིག་འཛུགས་དང་ངན་སྦྲེལ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་ཐབས་བྱེད་པ་སོགས་ཀྱི་དོགས་གཞིའི་འོག་འཛིན་བཟུང་བྱེད་མུས་ཡིན་པ་ལྟར། དེ་རིང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་རྒྱ་ནག་གི་དྲག་གནོན་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་མཁན་གྱི་ཕྱུག་བདག་ཇི་མི་ལའེ་ (Jimmy Lai) ད་ལྟ་བཙོན་ཁང་ནང་ཡོད་མུས་ཐོག ཁོ་པ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ ཉིན་ཏེ། རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་གཞུང་གི་ཆོག་མཆན་མེད་པའི་འདུ་འཛོམས་ནང་མཉམ་ཞུགས་བྱས་པའི་ནག་ཉེས་འོག་བསྐྱར་དུ་ལོ་ ༡ དང་ཟླ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་དང་ལྷན་དུ་དམངས་གཙོ་དོན་གཉེར་གྱི་ལས་འགུལ་བ་ ༩ ལའང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ད་ལྟ་རང་ལོ་ ༧༣ ཡིན་པའི་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཤོག་ (Apple Daily) གི་སྦྱིན་བདག་ཇི་མི་ལའེ་ལ་བསྟུད་མར་ཁྲིམས་ཆད་གཉིས་ཕོག་ཡོད་ཀྱང་། ད་དུང་ཁོ་པའི་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་འོག་ཉེས་མིང་མི་འདྲ་བ་གཉིས་བཀལ་ཡོད་པ་ཅིང་། ཉེ་ཆར་ཧོང་ཀོང་གཞུང་གིས་ཇི་མི་ལའེ་ཡི་དངུལ་ཁང་གི་ཁ་བྱང་ཚུད་པའི་དངོས་ཟོག་ཐམས་ཅད་བཀོལ་སྤྱོད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་རེད། བྷི་བྷི་སི་གསར་ཁང་གིས་ཇི་མི་ལའེ་བཙོན་ཁང་དུ་མ་འཇུག་གོང་ཏག་ཏག་དེར་བཅར་འདྲི་ཞིག་བྱེད་སྐབས་ཁོ་པས། གལ་ཏེ་ཁོ་ཚོས་ཁྱེད་ལ་འཇིགས་སྐུལ་བྱས་ཚེ། དེ་ནི་ཁོ་ཚོས་ཁྱེད་རང་སྟངས་འཛིན་བྱེད་ཐབས་སླ་ཤོས་དང་ལེགས་ཤོས་དེ་ཡིན་པ་མ་ཟད། ཁོ་ཚོས་དེ་ཤེས་ཀྱི་ཡོད། དེར་ཁ་གཏད་གཅོག་རྒྱུའི་ཐབས་ཤེས་ཉག་གཅིག་ནི། འཇིགས་སྐུལ་ལ་གདོང་གཏད་དེ་ཁྱེད་རང་ཞེད་སྣང་འོག་མི་ཚུད་རྒྱུ་དེ་རེད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese