མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་གཉན་སྲིན་ལ་ཚན་རིག་ཁང་གིས་བཅོས་སྒྲིག་བྱས་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཚན་རིག་པས་ཕ་ཝང་ནས་ཏོག་དབྱིབས་གཉན་སྲིན་ཞིག་བླངས་ཏེ་བཅོས་སྒྲིག་བྱས་རྐྱེན་སྔར་བས་ཉེན་ཚབས་ཆེ་བ་ཞིག་བྱུང་ཡོད་པའི་སྙན་ཐོ་བཏོན།

ཉེ་བའི་ཆར་རྒྱལ་སྤྱིའི་སྟེང་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་དགོས་པའི་གླེང་སློང་བྱེད་བཞིན་པའི་སྐབས་འདིར། མཉམ་འབྲེལ་གྱི་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་གི་གྲུབ་དོན་ལྟར་ན། ཏོག་དབྱིབས་གཉན་སྲིན་དེ་རང་བྱུང་ཞིག་མིན་པར། ཏོག་དབྱིབས་གཉན་རིམས་ཐོག་མར་མཆེད་སའི་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་དུ་རྟེན་གཞི་བྱས་པའི་ཝུ་ཧན་ནད་འབུ་ཚན་རིག་བརྟག་དཔྱད་ཁང་ནས་(The Wuhan Institute of Virology)་བཟོས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

དབྱིན་ཇིའི་སྐྲན་ནད་རིག་པའི་སློབ་དཔོན་ཨེན་གྷ་སི་ཌལ་གྷི་ལེ་ཤི་(Angus Dalgleish)དང་། ནོར་ཝེའི་ཚན་རིག་པ་བྷིར་གྷར་སོ་རན་སན་(Birger Sorensen) གཉིས་ཀྱིས་མཉམ་འབྲེས་ཐོག་བྲིས་པའི་ཤོག་ངོས་ ༢༢ ཅན་གྱི་ཞིབ་འཇུག་སྙན་ཐོ་དེའི་ནང་། ཚན་རིག་པས་འདས་ལོར་ཏོག་དབྱིབས་གཉན་སྲིན་གྱི་དཔེ་གཞི་ལ་རྟོག་ཞིབ་བྱེད་སྐབས། གཉན་སྲིན་སྟེང་མཛུབ་རིས་མི་གཅིག་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། གནས་ཚུལ་དེ་ནི་གཉན་སྲིན་ཞིག་བརྟག་དཔྱད་ཁང་ནང་བསྒྱུར་སྒྲིག་བྱས་ན་མ་གཏོགས་མངོན་གྱི་མེད་པར་བརྟེན། ད་ལན་གྱི་ཏོག་དབྱིབས་གཉན་སྲིན་དེ་རང་བྱུང་ཞིག་མིན་པར། མིས་ཆེད་དུ་བཟོས་པ་ཞིག་ཡིན་པའི་སྡོམ་ཚིག་བརྒྱབ་འདུག དེ་ཡང་རྒྱ་ནག་གི་ཚན་རིག་པས་ཞིབ་འཇུག་ལས་གཞི་ཞིག་གི་ཆེད་དུ། ཕ་ཝང་ནས་ཏོག་དབྱིབས་གཉན་སྲིན་ཞིག་བླངས་ཏེ་བཅོས་སྒྲིག་བྱས་རྐྱེན་སྔར་བས་ཉེན་ཚབས་ཆེ་བའི་ཏོག་དབྱིབས་གཉན་སྲིན་ཞིག་བཟོ་སྐྲུན་བྱས་ཡོད་པ་དང་། ཕྱིས་སུ་རང་གི་བྱས་ཉེས་འགེབ་སྲུང་གི་ཆེད་དུ་རྒྱ་ནག་གི་ཚན་རིག་པ་རྣམས་ཀྱིས་གཉན་སྲིན་ལ་བསྐྱར་བཅོས་ཏེ་རང་བྱུང་ནས་ཐོན་པ་ལྟ་བུ་བཟོས་ཡོད་སྐོར་བཀོད་འདུག

དབྱིན་ཡུལ་གྱི་ཌེ་ལི་མེལ་གསར་ཁང་(DialyMail.com)གིས་ཆེས་ཐོག་མར་ཤེས་རྟོགས་བྱུང་བའི་ཞིབ་འཇུག་སྙན་ཐོ་འདི་ད་ལྟ་དངོས་སུ་འདོན་སྤེལ་བྱས་མེད་ནའང་། མི་རིང་བར་ཚན་རིག་དུས་དེབ་ཅིག་ནང་འདོན་འཆར་ཡོད་ཅིང་། ཞིག་འཇུག་སྙན་ཐོའི་ནང་ཚན་རིག་པ་རྣམ་གཉིས་ཀྱིས། རྒྱ་ནག་གཞུང་གིས་གནས་ཚུལ་འདི་དག་འགེབ་སྲུང་བྱ་བའི་ཆེད་དུ། བརྟག་དཔྱད་ཁང་ནང་གི་གནས་ཚུལ་རྣམས་རྩ་མེད་བཏང་ཡོད་པ་མ་ཟད། གནས་ཚུལ་དེ་དག་ཕྱི་ལ་བཤད་མཁན་གྱི་རྒྱའི་ཚན་རིག་པ་རྣམས་ལ་གནོན་ཤུགས་སོགས་སྤྲད་དེ་གར་སོང་ཆ་མེད་དུ་བཏང་ཡོད་སྐོར་ཡང་བརྗོད་འདུག

སྤྱིར་སྐུ་ཞབས་ཌལ་གྷི་ལེ་ཤི་དང་སོ་རན་སན་རྣམ་གཉིས་ཀྱིས་རང་གི་གྲུབ་དོན་རྣམས་འདས་ལོར་ཚན་རིག་གི་དུས་དེབ་ཁག་ནང་འདོན་ཐབས་བྱས་ཡོད་ཀྱང་། སྐབས་དེར་ཕལ་ཆེ་བས་ཏོག་དབྱིབས་གཉན་སྲིན་དེ་ཕ་ཝང་ངམ་སེམས་ཅན་གཞན་ནས་མི་ལ་འགོས་ཡོད་ཤག་བྱེད་ཀྱི་ཡོད་སྟབས་དུས་དེབ་ནང་འདོན་རྒྱུར་ངོས་ལེན་བྱས་མི་འདུག འོན་ཀྱང་ཉེ་བའི་ཆར་འཛམ་གླིང་གི་མགོ་འཁྲིད་དང་ཚན་རིག་པའི་ཁྲོད་དུ། ཏོག་དབྱིབས་གཉན་སྲིན་དེ་ཚན་རིག་བརྟག་དཔྱད་ཁང་ནས་ཤོར་བའམ། ཡང་ན་མིས་ཆེད་དུ་བཟོས་པ་ཞིག་ཡིན་པའི་སྐོར་ནས་གླེང་སློང་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གི་ཏོག་དབྱིབས་གཉན་སྲིན་གྱི་འབྱུང་ཁུངས་བསྐྱར་དུ་རྟོག་ཞིབ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༢ པའི་ནང་ཀང་ཀྲུའུ་ (Guangzhou) རུ་ཡོད་པའི་ལྷོ་རྒྱ་ནག་འཕྲུལ་རིག་གཙུག་ལག་སློབ་གྲྭ་ཆེན་མོའི་ (South China University of Technology) ཚན་རིག་པ་པོ་ཏའོ་ཤའོ་ (Botao Xiao) ཡིས་ཞིབ་འཇུག་གྲུབ་དོན་ཞིག་སྤེལ་བའི་ནང་། ཏོག་དབྱིབས་གཉན་སྲིན་དེ་ཝུ་ཧན་གྱི་བརྟག་དཔྱད་ཁང་ནས་བྱུང་བ་ཞིག་ཡིན་སྲིད་སྐོར་བརྗོད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལྟར་བྱུང་མེད་སྐོར་བརྗོད་པར་བརྟེན། ཚན་རིག་པ་དེས་རང་གི་ཞིབ་འཇུག་རྩོམ་ཡིག་དེ་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད། གཞན་ཡང་། འདས་ལོར་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གིས་གཙོས་ནུབ་གླིང་གི་མགོ་འཁྲིད་མི་ཉུང་བས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་གྱི་བརྟག་དཔྱད་ཁང་ལ་ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་ཤུགས་ཆེན་པོ་བཏོན་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་ཀྱི་ཞིབ་འཇུག་གྲུབ་དོན་བཏོན་པའི་ནང་། ཏོག་དབྱིབས་གཉན་སྲིན་དེ་བརྟག་དཔྱད་ཁང་ནས་ཐོན་པ་ཞིག་ཡིན་མི་སྲིད་པའི་སྐོར་བཀོད་ཡོད། འོན་ཀྱང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲུབ་དོན་དེར་ཚན་རིག་པ་དང་རྒྱལ་སྤྱིའི་མགོ་འཁྲིད་མང་པོས་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༥ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 1

  1. གངས་ཅན་པ། says:
    ལོ་ 5 སྔོན།

    ང་ནི་ཆེད་ལས་ཞིབ་མཇུག་པ་ཞིག་མིན་ཀྱང་། ན་ནིང་ནད་ཡམས་འདི་མཆེད་མ་ཐག་དེ་རྒྱ་དམར་གཞུང་ལ་འབྲེལ་ཡོད་པ་ངོས་འཛིན་བྱས་ཡིན། སྐབས་དེར་བདེན་དཔུང་མིག་སྟོན་མེད་ཀྱང་རྒྱ་ནག་གི་གཡོ་སྒྱུ་ལས་སྔོན་དཔོག་ཐུབ་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese