མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཁྱོ་ཤུག་གཉིས་ལ་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པ་བཟོས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པ་བཟོས་ཡོད་སྐོར་བསྒྲགས་འདུག

དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་འོག ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་ཕྲུ་གུ་སྐྱེས་པའི་གྲངས་ཚད་དེ་ས་ཡ་ ༡༧ དང། ཕྱི་ལོ་ ༢༠༢༠ ལོར་ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་ཏེ་ས་ཡ་ ༡༢ ཡིན་པ་དང་། དེ་ནི་ཕྱི་ལོ་ ༡༩༦༠ ནས་ཕྲུ་གུ་སྐྱེས་པའི་གྲངས་ཚད་དམའ་ཤོས་ཆགས་ཀྱི་ཡོད་འདུག རྒྱལ་ཡོངས་སུ་བྱིས་པ་སྐྱེས་ཚད་ཧ་ཅང་ཉུང་དུ་ཕྱིན་ཏེ། གཞོན་སྐྱེས་ལས་རྒན་འཁོགས་མང་དུ་ཕྱིན་ཏེ་ལས་གཉེར་གྱི་ནུས་པ་ཉམས་ཞན་དུ་གྱུར་བ་དང་། འཕྲོད་བསྟེན་སོགས་ཀྱི་ཐད་དཀའ་ངལ་འབྱུང་རྒྱུ་ཉག་གཅིག་ཡིན་པར་བརྟེན། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་བྱུང་ཡོད་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྱུར་བཅོས་དེར་རྒྱབ་སྐྱོར་བྱེད་མཁན་འདུག་ལ། ཡང་དགོས་མཁོ་མེད་པའི་བསམ་ཚུལ་འདོན་མཁན་ཡང་མང་པོ་འདུག ཝེ་པའོ་སྤྱི་ཚོགས་དྲ་ལམ་དུ་རྒྱ་མི་ཞིག་གིས། ང་ཚོར་ཕྲུ་གུ་གསུམ་སྐྱེས་ཆོག་གི་ཡོད་ཀྱང་ཕྲུ་གུ་གཅིག་ཀྱང་སྐྱེ་འདོད་མེད་ཅེས་བརྗོད་འདུག ཡང་གཞན་ཞིག་གིས། ང་རང་ཕྲུ་གུ་སྐྱེད་སྲིང་བྱེད་རྒྱུའི་སེམས་ཁྲལ་མེད་པའི་ཐོག་ནས་མི་ཚེ་སྐྱེལ་འདོད་ཡོད་ཅེས་བརྗོད་འདུག

སྤྱིར་བཏང་རྒྱ་ནག་ནང་བྱིས་པ་གསུམ་སྐྱེ་མཁན་ཉུང་ཉུང་ཡིན་པ་དང་། ལྷག་པར་དུ་གྲོང་ཁྱེར་ཁག་ནང་བྱིས་པ་སྐྱེ་མཁན་ཉུང་དུ་འགྲོ་བཞིན་ཡོད་ལ། གཞོན་སྐྱེས་མང་པོ་ཞིག་ལ་ཕྲུ་གུ་སྐྱེ་བའི་ཐད་བསམ་བློར་འགྱུར་བ་ཐེབས་བཞིན་ཡོད་སྟབས། སྲིད་ཇུས་གསར་པ་དེས་དོན་དངོས་སུ་ཕན་ཐོགས་ག་ཚོད་ཡོང་མིན་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད་འདུག

རྒྱ་ནག་གི་ཚན་རིག་པ་ཡས་ཧྥུ་ཤན་ ( Yi Fuxian) གིས། རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་པོ་ཕྱིན་གྱི་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་ལ་བརྟེན་ཡོད་པར་བརྟེན། རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་པ་དེས་ཤུགས་རྐྱེན་ཆེན་པོ་འཕྲད་ཀྱི་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཉུང་དུ་གཏོང་ཆེད་ཕྲུ་གུ་གཅིག་སྐྱེ་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སྲིད་ཇུས་དེ་དང་འགལ་མཁན་རྣམས་ལ་ཉེས་ཆད་བཏང་བ་དང་ལས་ཀ་མེད་པ་བཟོས་པ། དེ་བཞིན་བཙན་གྱིས་མངལ་ཤོར་ (Forced Abortions) དུ་བཅུག་པ་སོགས་ཀྱི་གནད་དོན་མང་པོ་བྱུང་བར་བརྟེན། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། རྒྱ་ནག་ནང་ངལ་རྩོལ་བའི་ནུས་ཤུགས་ཉམས་ཞན་དུ་གྱུར་བ་དང་། རྒན་མང་གཞོན་ཉུང་གི་དཀའ་ངལ་རིམ་གིས་འཕྲད་པར་བརྟེན། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་དང་། སྲིད་ཇུས་དེས་སྤྱི་ཚོགས་ལ་ཕན་གང་ཙམ་ཐོགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist