མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཧི་མ་ཅལ་མངའ་སྡེའི་ས་མཚམས་སུའང་རྒྱ་སྐྱེད་ཀྱི་ལས་གཞི་སྤེལ་གྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་རྒྱ་སྐྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར་ཧི་མ་ཅལ་མངའ་སྡེའི་བོད་ཧིན་ས་མཚམས་སུའང་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག

ཉེ་ལམ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་ (Jai Ram Thakur) མཆོག་མངའ་སྡེའི་ཁུ་ནུ་དང་སྤི་ཏི་རྫོང་གཉིས་སུ་ཕེབས་ཏེ་བོད་ཧིན་ས་མཚམས་ཉེན་རྟོག་ཁང་གི་གནད་ཡོད་མི་སྣ་སོགས་ལ་ཐུག་འཕྲད་གནང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣༡ ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། སྤྱི་ཁྱབ་བློན་ཆེན་མཆོག་ནས་མངའ་སྡེ་དང་ས་འབྲེལ་ཡིན་པའི་བོད་ཧིན་ས་མཚམས་སུ་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེན་པོའི་ཐོག་ནས་འཛུགས་སྐྲུན་རྒྱ་སྐྱེད་ལས་གཞི་སྤེལ་བཞིན་ཡོད་སྐོར་གསུངས་འདུག

རྒྱ་གར་གྱི་ཨ་ནི་ (ANI) གསར་ཁང་གི་གནས་ཚུལ་ལྟར་ན། གསར་འགོད་ལྷན་ཚོགས་ཐོག་སྤྱི་ཁྱབ་བློན་ཆེན་མཆོག་གིས། རྒྱ་ནག་གཞུང་གིས་བོད་དང་ས་འབྲེལ་དུ་ཡོད་པའི་ང་ཚོའི་ས་ཁུལ་དུ་འཛུགས་བསྐྲུན་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱི་མཐའ་སྲུང་ས་ཚིགས་དག་ལས་མཐོ་ས་ཞིག་ཏུ་རྒྱ་ནག་གཞུང་གིས་འོས་འཚམ་གྱི་མཐའ་སྲུང་ས་ཚིགས་ཤིག་འཚོལ་ཐབས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་དང་། ས་མཚམས་གཟིགས་སྐོར་སྐབས་མངའ་སྡེའི་ནང་ཛ་དྲག་ཆེ་བའི་གནད་དོན་ཆེན་པོ་ཤེས་རྟོགས་བྱུང་མེད་ནའང་། རྒྱ་ནག་གཞུང་གིས་ཧི་མ་ཅལ་མངའ་སྡེ་དང་ས་འབྲེལ་དུ་ཡོད་པའི་བོད་ཀྱི་མཐའ་མཚམས་སུ་གཞི་རྒྱ་ཆེན་པོའི་ཐོག་ནས་འཛུགས་བསྐྲུན་གྱི་ལས་གཞི་ཁག་རྒྱ་སྐྱེད་བྱེད་ཀྱི་ཡོད་སྐོར་གསུངས་འདུག

ཡང་སྤྱི་ཁྱབ་བློན་ཆེན་མཆོག་གིས།  རྒྱ་ནག་གཞུང་གིས་ད་ལྟའི་འཛུགས་བསྐྲུན་དང་ལམ་བཟོའི་ལས་གཞི་ཁག་བོད་ཕྱོགས་སུ་བྱེད་ཀྱིན་ཡོད་པ་དང་། རྒྱ་གར་གྱི་ཕྱོགས་ནས་དཀའ་ཁག་ཆེ་བའི་གནས་སྟངས་ཤིག་གི་འོག རྒྱ་གར་གྱི་མཐའ་སྲུང་དམག་དཔུང་གིས་འབད་བརྩོན་གདོང་ལེན་བྱེད་བཞིན་ཡོད་པ་དང་། ཁོང་གི་ལས་འགན་ནི་དམག་མི་དག་ལ་སྙིང་སྟོབས་སྦྱིན་པ་དང་ཆོད་སེམས་ཇེ་བརྟན་དུ་གཏང་རྒྱུ་དེ་ཡིན་སྐོར་དང་། ཐེངས་འདིའི་བོད་ཧིན་ས་མཚམས་གཟིགས་སྐོར་ཀྱི་སྙན་ཐོ་དབུས་གཞུང་ལ་ཡར་ཞུ་གནང་ངེས་ཡིན་སྐོར་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་མཆོག་བོད་དང་ས་འབྲེལ་ཡིན་པའི་ཁུ་ནུ་དང་སྤི་ཏི་རྫོང་གཉིས་སུ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། གཟིགས་སྐོར་དང་འབྲེལ་ཕྱི་ཚེས་ ༣༠ ཉིན་མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ཁུལ་ཌིཔ་སིང་ར་ཐོར་ (kuldeep singh rathore) གྱིས། སྤྱི་ཁྱབ་བློན་ཆེན་མཆོག་མཐའ་མཚམས་སུ་ཕེབས་ཡོད་པ་དང་། དེ་ནི་མངའ་སྡེ་གཞུང་ངོས་ནས་མངའ་སྡེའི་མི་མང་ལ་མཐའ་མཚམས་དང་འབྲེལ་ནས་ལངས་ཕྱོགས་གསལ་པོ་བཟོ་ཡི་ཡོད་པ། དེ་བཞིན་ཁུ་ནུའི་ས་འབྲེལ་དུ་ཡོད་བའི་བོད་ནང་དུ་གནད་དོན་ཆེན་པོ་འབྱུང་བཞིན་བའི་གནས་ཚུལ་དང་། རྒྱ་ནག་གཞུང་གིས་བོད་ཧིན་ས་མཚམས་སུ་འཛུགས་བསྐྲུན་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། མངའ་སྡེའི་མཐའ་མཚམས་མི་མང་བདེ་འཇགས་ཐད་སེམས་འཚབ་ཡོང་གི་ཡོད་པའི་གནས་ཚུལ་འབྱོར་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

འདས་ལོའི་ཕྱི་ཟླ་ ༥ པ་ཙམ་ནས་བོད་ཧིན་ས་མཚམས་ཀྱི་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་ལ་ངེས་གཏན་གྱི་ས་མཚམས་ (Line of Actual Control) བརྒལ་ཚུལ་དང་། མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་བྱེད་ཀྱི་ཡོད་པའི་དཀའ་རྙོག་འོག མཐའ་སྲུང་མིའི་བར་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་བྱུང་མ་མྱོང་བའི་དམར་འཛིང་གདོང་ཐུག་བྱུང་ནས་རྒྱ་གར་གྱི་མི་གྲངས་ ༢༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། བོད་མི་དྭང་ཞབས་དམག་མི་ཉི་མ་བསྟན་འཛིན་ལགས་ཀྱང་མཐའ་སྲུང་ལས་དོན་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་པ་རེད་ལ། རྒྱ་ནག་ཕྱོགས་ནས་དམག་མི་གྲངས་ ༥ རྐྱེན་འདས་སུ་ཕྱིན་སྐོར་བསྒྲགས་ཡོད་པ་རེད། མཐའ་མཚམས་ཀྱི་རྩོད་རྙོག་ཞི་འཇམ་ཡོང་སླད་ཟླ་ངོ་ ༡༠ ཙམ་གྱི་རིང་ཕྱོགས་གཉིས་ཀྱི་རིམ་པ་འདྲ་མིན་གྱི་དཔོན་རིགས་ཀྱིས་གྲོས་མོལ་བྱས་ཡོད་པ་དང་། དམག་དཔོན་རིམ་པའི་གྲོས་མོལ་ཐེངས་བཅུ་ཙམ་བྱས་མཐར། ཕྱོགས་གཉིས་ཀས་མཐའ་མཚམས་ཀྱི་དམག་མི་ཕྱིར་འཐེན་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༡༤ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༥ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    Great ? འདི་ཡང་གཏམ་བཟང་ཞིག་རེད། རྒྱ་གར་བོད་དོན་ཐོག་ཁུ་སིམ་མེར་སྡོད་ན་ཡང་ རྒྱ་ནག་གི་བོད་ས་ཡོངས་རྫོགས་བསྡུས་རུབ་དང་གཅིག་ཏུ་སྒྲིལ་བཞིན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese