མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་སེམས་ཀྱི་དཀའ་ངལ་སེལ་ཆེད་སྤྱོད་འཇུག་གི་ཚིག་རྣམས་ལ་ཉིན་ལྟར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མའི་ཉིན་གྲངས་གཉིས་རིང་གི་གསུང་ཆོས་དབུ་འཛུགས་གནང་བ་དང་སློབ་མ་རྣམས་ཀྱི་བཀའ་འདྲིར་བཀའ་ལན་གནང་སོང་།

ཐོག་མར་༧གོང་ས་མཆོག་གིས། དེ་རིང་ཕྱི་ཟླ་ ༦ ཚེས་ ༡ ཉིན་ནམ་རྒྱུན་སློབ་ཕྲུག་ཚོ་དང་ཐུག་གི་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ནད་ཡམས་ཀྱི་རྐྱེན་གྱིས་ཕྱི་ལ་ཐོན་གྱི་མེད་སྟབས་དྲ་རྒྱའི་ཐོག་ནས་སློབ་ཕྲུག་ཚོ་དང་ལྷན་དུ་སྐད་ཆ་བཤད་ཀྱི་ཡོད། དེ་རིང་གི་བཀའ་ཆོས་དེ་རྟོགས་བརྗོད་མདུན་ལེགས་མའི་བཤད་ལུང་སྐོར་ཞུ་རྒྱུ་དང་དྲི་བ་དྲིས་ལན་བྱེད་ཀྱི་ཡོད་པ་རེད། ང་ཚོ་བོད་རིགས་ཆགས་ཀྱི་ཡོད་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཡོད་ཀྱི་རེད། གང་ལྟར་ང་ཚོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱ་བཟའ་དང་བལ་བཟའ་གཉིས་ལ་འཁྲུངས་ས་བསྐྱོན་ཡོད་པ་རེད། ཡིན་ནའང་། ང་ཚོ་བོད་པ་ལ་བོད་ཡིག་ཟུར་དུ་དགོས་ཀྱི་ཡོད་པ་དེ་རླབས་ཆེན་པོ་མཐོང་གི་ཡོད། བོད་ཡིག་དེ་རྒྱ་ཡིག་ལ་དཔེ་བལྟས་མེད་པར་རྒྱ་གར་ཆོས་ཀྱི་འབྱུང་ཁུངས་ཡིན་པས་རྒྱ་གར་གྱི་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་ལ་དཔེ་བཤུས་ཏེ་ང་རང་ཚོ་བོད་པའི་ཡི་གེ་དེ་བཟོས་པ་རེད། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཕེབས་པའི་སྐབས་སུ་ང་ཚོའི་བོད་ཡིག་ཟུར་དུ་ཡོད་པས་ཁོང་གིས་ལེགས་སྦྱར་སྐད་དང་པཱ་ལིའི་སྐད་སོགས་བསླབ་མི་དགོས་པ་བྱས་ནས་ལེགས་སྦྱར་དང་པཱ་ལིའི་གཞུང་ནང་ཡོད་པ་རྣམས་བོད་ཡིག་ལ་བསྒྱུར་ཏེ་བོད་ཡིག་རང་གི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་བཟོས་པ་རེད། ངོས་ནས་ངོ་ཤེས་པ་ཁ་ཤས་ལ་ཞུས་མྱོང་། མཁན་ཆེན་ཞི་བ་འཚོས་བོད་ཡིག་ལ་དོ་སྣང་གནང་བ་རེད། ང་ཚོ་བོད་པ་གྱོང་པོ་རེད་འདུག དུས་རབས་བདུན་པའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་བཟོས། དེ་ནས་དུས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ང་ཚོར་བོད་ཡིག་ཡོད་པར་བརྟེན། ལེགས་སྦྱར་ནང་ཡོད་པའི་ནང་པའི་གཞུང་དང་པཱ་ལིའི་གཞུང་ནང་ཡོད་པ་རྣམས་བོད་ཡིག་ནང་བསྒྱུར་རྒྱུ་བྱས་ནས་རིམ་པས་ལོ་ཙཱ་བ་ཚོས་བསྒྱུར་ཏེ། བཀའ་འགྱུར་པུ་ཏི་བརྒྱ་ལྷག་དང་བསྟན་འགྱུར་པུ་ཏི་གཉིས་བརྒྱ་ལྷག་ཁྱོན་པུ་ཏི་གསུམ་བརྒྱ་ལྷག་ནང་པའི་གཞུང་གལ་ཆེ་བ་ཚང་མ་ཡོད་པ་ཆགས་འདུག ང་ཚོ་བོད་པ་ཚོས་སོ་སོའི་སྐད་ཡིག་རང་གི་ཐོག་ནས་རང་མགོ་ཆ་ཚང་ཐོན་ཐུབ་པ་ཞིག་ཡོད་རེད། སྐད་ཡིག་འདིའི་ཐོག་ནས་ས་སྐྱ་བཀའ་བརྒྱུད་རིས་སུ་མ་ཆད་པའི་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ག་ཚོད་བྱུང་ཡོད་པ་རེད། ལྷག་པར་དུ་ས་པཎ་ཡབ་སྲས་ནས་རིགས་ལམ་དང་ཚད་མ་རིག་པའི་སྐོར་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་ཡོད་རེད། དེ་ནས་རྗེ་རིན་པོ་ཆེས་ཚད་མའི་གཞུང་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་བ་རེད། དེར་བརྟེན་དེང་སང་ང་ཚོས་སངས་རྒྱས་ཀྱི་ཆོས་ཚད་མ་རིག་པའི་ཐོག་ནས་འགྲེལ་བཤད་བརྒྱབ་རྒྱུ་ཡོད་པ་ཞིག་ཕལ་ཆེར་བོད་པ་གཅིག་པུ་མ་གཏོགས་ཡོད་མ་རེད། རྒྱ་ནག་ལ་སྒོམ་བརྒྱབ་རྒྱུ་མ་གཏོགས་དེ་འདྲའི་སློབ་སྦྱོང་དམིགས་བསལ་བྱེད་ཀྱི་མི་འདུག པཱ་ལིའི་ཆོས་བརྒྱུད་འཛིན་གནང་མཁན་གྱི་འབར་མ་དང་ཐའེ་ལེན་ཌི། ཤྲི་ལངྐ་དེ་ཚོར་ཚད་མ་རིག་པའི་སློབ་སྦྱོང་ཡོད་མ་རེད། ཅེས་སོགས་གསུངས་སོང་།

དེ་ནས་བཀའ་འདྲི་བཀའ་ལན་གྱི་ལས་རིམ་ནང་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་སློབ་མ་བསྟན་འཛིན་ཚེ་རིང་ལགས་ཀྱིས། དེང་སང་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་གི་དུས་སུ་ནང་པ་སངས་རྒྱས་ཤིག་ཡིན་པའི་ཆ་ནས་སེམས་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་བསམ་བློ་གཏོང་སྟངས་གང་འདྲ་ཞིག་དགོས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེང་སང་ནད་ཡམས་འདིས་འཛམ་བུ་གླིང་སྤྱི་དང་ལྷག་པར་དུ་རྒྱ་གར་ནང་ཤུགས་ཆེན་པོ་ཡོད་པ་རེད། འདིས་མི་མང་པོ་ཞིག་གི་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་རེད། ནད་ཀྱིས་ལུས་ལ་སྡུག་བསྔལ་སྐྱེད་པ་གཅིག་དང་སེམས་ལ་དངངས་སྐྲག་སྐྱེས་པ་བཅས་ཁག་གཉིས་ཡོད་པ་རེད། སེམས་ནས་ནད་ཡམས་འདི་ལ་ཞེད་སྣང་བྱས། ནད་ཡམས་ཕོག་པ་ཡིན་ནའང་སེམས་ལ་དངངས་སྐྲག་བྱས་པ་དང་ནད་ཕོག་མེད་ནའང་ན་ཚ་འདིས་གང་འདྲ་བྱས་ཡོང་བསམ་པའི་དངངས་སྐྲག་བྱས་པ་སོགས་སེམས་ཀྱིས་དངངས་སྐྲག་བྱས་པ་འདིའི་ཐོག་ལ་ང་ཚོས་ཚེ་རབས་ནས་ཚེ་རབས་བཤད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་རྗེ་རིན་པོ་ཆེས་ལམ་གཙོའི་ནང་གསུངས་པ་བཞིན་ལེགས་ཉེས་ཀྱི་གཞན་དབང་ལ་ཕྱིན་ནས་སེམས་ཀྱི་ཉོན་མོངས་དུག་གསུམ་ཡོད་པས་ཕྱིའི་ནད་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས། ང་ཚོ་ནང་པ་གཅིག་གི་ངོས་ནས་དུག་གསུམ་གྱི་ཉོན་མོངས་སེལ་ནས་ཐར་པ་ཐོབ་ཐུབ་པའི་བསམ་བློ་བཏང་བ་ཡིན་ན། སྤྱིར་བཏང་ནད་ཡམས་དེ་ཚོོའི་གྲས་རྩ་བ་འགག་འགྲོ་ཡི་རེད། ནང་པ་གཅིག་གི་ངོས་ནས་ནད་ཡམས་དེ་ཚོ་སྲིད་པ་འཁོར་བའི་ཉེས་དམིགས་ཀྱི་ནད་ཀྱི་སྡུག་བསྔལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་གསུང་གི་ཡོད་པ་རེད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྩ་བ་དེ་སྐྱེ་བ་ལ་ཐུག་པ་རེད། སྐྱེ་བ་དེ་ལས་དང་ཉོན་མོངས་ཟད་པས་ཐར། ལས་དང་ཉོན་མོངས་རྣམ་རྟོག་ལས། དེ་དག་སྤྲོས་ལས་སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་དེ་ང་ཚོའི་སེམས་རྒྱུད་ཀྱི་ལས་དང་ཉོན་མོངས་མེད་པ་བཟོ་མ་ཐུབ་ན། ཚེ་རབས་ནས་ཚེ་རབས་ནད་ཡམས་ཀྱིས་མཚོན་པའི་དེ་ཚོའི་གྲས་ཡོང་བསྡད་ཀྱི་རེད། དམྱལ་བའི་སྡུག་བསྔལ། ཡི་དྭགས་ཀྱི་སྡུག་བསྔལ། དུད་འགྲོའི་སྡུག་བསྔལ། མིའི་ལུས་ལ་ཡིན་ནའང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་ཚོ་ཡོང་གི་རེད། དེར་བརྟེན་ཆེ་ས་ནས་བསམ་བློ་བཏང་ན་ནད་ཡམས་དེ་འདྲ་མཐོང་དུས། ལས་ཉོན་ཟད་པའི་ཐར་པ་ཐོབ་དགོས་ཀྱི་འདུག་བསམ་པའི་སེམས་ཤུགས་སྐྱེད་པ་ཡོང་གི་རེད། འཕྲལ་དུ་ཡིན་ནའང་ནད་ཡམས་དེ་འདྲ་ཡོང་བ་ཡིན་ན་སྔར་བསགས་པའི་སྡིག་པ་དག་པར་ཤོག་ཟེར་ནས་བསམ་བློ་བཏང་ན་ནད་ན་ཚ་བྱུང་བ་དེ་གོ་ཆོད་པ་ཡོང་གི་རེད། ངན་འགྲོ་ངན་སོང་གི་གནས་ལ་སྐྱེས་པའི་ལས་ངན་ཡོད་པ་དེ་ནད་ཡམས་ཀྱིས་དག་ནས་ཡོང་ཐུབ་ཀྱི་རེད། ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས། རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། གསུངས་ཀྱི་ཡོད་པ་རེད། སེམས་ཀྱི་ཞི་བདེ་མ་འཁྲུག་པར་བསམ་བློ་གཏོང་སྟངས་ཐོག་ནས་ནད་ཡམས་ཡོང་བའི་སྐབས་སུ་སེམས་ཀྱི་དངངས་སྐྲག་ཉུང་དུ་གཏོང་ཐུབ་ཀྱི་རེད། ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

ཡང་སི་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་འཕེལ་ལགས་ཀྱིས། དེང་སང་གོ་ལ་འདིའི་སྟེང་གི་སྲོག་ཆགས་འདྲ་མིན་སྣ་ཚོགས་ཤིག་མིའི་རིགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྩ་མེད་དུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་སྨྲ་མི་ཤེས་པའི་སེམས་ཅན་གང་རུང་ཞིག་ཐ་ན་འབུ་སྲིན་ཆུང་ཆུང་ཞིག་བསད་པ་ཡིན་ནའང་དེ་ལ་སྡིག་པ་ཇི་ཙམ་ཡོད་མེད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། སྡིག་པའི་ལས་གང་ཡིན་རུང་བྱས་ལ་མ་བསགས་པ། བསགས་ལ་མ་བཞག་པ་ཟེར་བ་ཡོང་གི་འདུག དེ་འདྲ་ཡིན་དུས་གཙོ་བོ་བསམ་བློ་དེ་གལ་ཆེན་པོ་རེད་འདུག དཔེར་ན་ཞིང་པ་ལྟ་བུར་ཆ་བཞག་ན། ཞིང་ལས་བྱས་པའི་སྐབས་སུ་འབུ་སྲིན་ཤི་ཡི་རེད། ཐབས་ཤེས་གང་ཡང་མེད་པས་མ་ཎི་བགྲང་བཞིན་སྨོན་ལམ་བརྒྱབ་ནས་བསྡད་པ་མ་གཏོགས་འབུ་སྲིན་གྱི་སྲོག་ལ་ཉེན་ཁ་ཡོད་རེད་ཟེར་ནས་ངས་ཞིང་ལས་བྱེད་ཀྱི་མིན་ལབ་ན་མཐར་ལྷུང་བ་རེད། དེར་བརྟེན་བསམ་བློའི་ཐོག་ནས་བསམ་བཞིན་དུ་མི་བྱས་པར་གཞན་གྱིས་བཙན་ཤེད་ཐོག་ནས་བྱས་པ་ཡིན་ན་བྱས་ལ་མ་བསགས་པ་ཆགས་ཀྱི་ཡོད་པ་རེད། སྡིག་པ་ལྗིད་པོ་ཆགས་ཀྱི་ཡོད་མ་རེད། ལས་ངན་པ་བྱས་རེད་དེ་སེམས་ནང་དུ་ལས་ངན་པ་བྱེད་འདོད་ཀྱི་བསགས་པའི་བློ་མེད་ན་གཞན་གྱི་དབང་གིས་བྱས་བཅུག་པ་དེ་ཚོ་བྱས་ལ་མ་བསགས་པ་རེད། ང་ཚོའི་སེམས་ནང་ཉོན་མོངས་དུག་གསུམ་སྐྱེས་ནས་གཞན་ལ་གནོད་པ་སྐྱེལ་བ་དང་སྲོག་བཅད་པའི་བསམ་བློ་འཁོར་ན་སེམས་ནས་སྲོག་བཅད་པའི་བསམ་བློ་བསགས་པ་དང་དངོས་སུ་བྱས་མེད་པ་བསགས་ལ་མ་བཞག་པ་རེད། བྱས་ལ་མ་བསགས་པ་དང་བསགས་ལ་མ་བཞག་པ་གཉིས་ཀྱི་ནང་ནས་བསགས་ལ་མ་བཞག་པ་ཉེས་པ་ལྗིད་པ་རེད། ཅེས་བཀའ་ལན་གནང་སོང་།

དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཀརྨ་ཆོས་སྒྲོན་ལགས་ཀྱིས། སྤྱིར་བཏང་མི་མང་པོ་ཞིག་གིས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པ་ཡིན་ན་དཀའ་ངལ་ཚང་མ་སེལ་ཐུབ་པར་ངོས་འཛིན་བྱེད་མཁན་མང་པོ་འདུག འོན་ཀྱང་དེ་ཙམ་གྱིས་ནང་སེམས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མེད་པས་ནང་སེམས་ཀྱི་དཀའ་ངལ་སེལ་ཐབས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ལུས་ཀྱི་ནད་ན་ཚ་བྱུང་བ་གཅིག་པོ་མ་རེད། ལུས་པོ་བདེ་ཐང་ཡོད་རུང་སེམས་མ་སྐྱིད་པ་ཡོད་པ། དཔེར་ན་དེང་སང་འཛམ་བུ་གླིང་འདིའི་ནང་དུ་དཔལ་འབྱོར་གྱི་བདག་པོ་དེ་ཚོ་དཔལ་འབྱོར་ཡག་པོ་ཡོད་པ་དང་སྨན་བཅོས་སོགས་ཡག་པོ་ཡོད་པ་རེད། འོན་ཀྱང་སེམས་ལ་མ་སྐྱིད་པ་ཡོང་བསྡད་ཀྱི་འདུག ལུས་པོའི་འཕྲོད་བསྟེན་གཅིག་པོས་མི་ཆོག་པར་སེམས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་རེད། སེམས་ཀྱི་འཕྲོད་བསྟེན་དེ་ནུབ་ཕྱོགས་ནས་ཡོང་བའི་དེང་དུས་ཀྱི་ཤེས་ཡོན་གྱིས་ཕན་ཐོགས་གང་ཡང་ཡོད་མ་རེད། རྒྱ་གར་གྱི་ཤེས་ཡོན་ནང་ནས་དཀོན་མཆོག་ལ་སྐྱབས་སུ་མཆི་ཟེར་བ་འདི་མེད་པར་སོ་སོའི་སེམས་དཀྲུག་མཁན་དེ་ཆགས་སྡང་གི་དབང་གིས་ཡོང་གི་ཡོད་པ་དང། ཆགས་སྡང་ཟེར་བ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། སྤྱིར་རྒྱ་གར་གྱི་སེམས་ཁམས་རིག་པ། ལྷག་པར་དུ་ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པའི་སྐོར་ཤེས་པ་ཡིན་ན་སེམས་ཀྱི་ཞི་བདེ་དཀྲུག་མཁན་གྱི་ཆགས་སྡང་ཡོད་པ་དེ་ལ་བསམ་བློ་བཏང་ནས་ཤུགས་ཆུང་དུ་བཏང་ཐུབ་ཀྱི་རེད། འདི་བྱེད་པ་ལ་ཆོས་པ་དང་ནང་པ་བྱེད་དགོས་རེད་ནམ་ཡང་ཟེར་གྱི་མེད། སེམས་དཀྲུག་མཁན་གྱི་ཆགས་སྡང་ཤུགས་ཆུང་དུ་གཏོང་བར་ནང་པའི་གཞུང་གི་ནང་ནས་རིག་པ་མང་པོ་བཀོད་བཞག་པ་དེ་ཚོ་དང་། ལྷག་པར་དུ་ཞི་བ་ལྷས་སྤྱོད་འཇུག་ཕན་ཐོགས་ཆེན་པོ་ཡོད་པ་རེད། སྤྱོད་འཇུག་གི་ལེའུ་དྲུག་པ་དེས་ཁོང་ཁྲོའི་ཉེས་དམིགས་གསུངས་ཡོད་རེད། དེ་ནས་ལེའུ་བརྒྱད་པ་དེ་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་དེ་ཚོའི་གྲས་ཆོས་ཀྱི་སྐད་ཆ་དང་སྐྱེ་བ་ཕྱི་མའི་སྐོར་བཤད་མི་དགོས་པར་ཉིན་རེ་ཉེན་རེའི་སེམས་མ་འཁྲུག་པའི་ཆེད་དུ། རང་གཅེས་འཛིན་བྱས་ན་སེམས་འཁྲུག་གི་ཡོད་པས་རང་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན། ཁོང་ཁྲོ་ཟ་ན་མ་སྐྱིད་པ་ཡོང་གི་ཡོད་པ་ཁོང་ཁྲོའི་ཉེས་དམིགས་སོགས་སྤྱོད་འཇུག་གི་ལེའུ་དྲུག་པ་དང་ལེའུ་བརྒྱད་པ་དེ་ཚོས་ཆོས་ཁས་མ་ལེན་མཁན་ཞིག་ཡིན་རུང་འདི་ཀློག་པ་ཡིན་ན་བསམ་བློ་གཏོང་བར་ཁྱད་པར་ཞེ་དྲགས་ཡོད་རེད། བསམ་བློ་བཏང་ན་མ་གཏོགས་སྤྱོད་འཇུག་སྔོན་ལ་སྦྱངས་ནས་ཁོང་ཁྲོ་ལངས་མཁན་ཡོང་མི་སྲིད་པ་མ་རེད། དཔེ་ཆའི་ནང་བཤད་པ་དེ་ཚོར་རྒྱུ་མཚན་གང་འདྲ་འདུག་བསམ་བློ་བཏང་དགོས་པ་དེ་གལ་ཆེན་པོ་རེད། ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས། དེ་ནས་ཐོས་པའི་དོན་ལ་ཡང་ནས་ཡང་དུ་བསམ་ནས་བསམ་བྱུང་གི་ཤེས་རབ་སྐྱེས། བསམ་པའི་སྐབས་སུ་ཚན་རིག་པའི་སྐད་ཆ་བླངས་ཏེ་ག་ལེར་སེམས་ལ་མྱོང་བ་སྐྱེས་ནས་སེམས་ལ་འགྱུར་བ་ཐེབས་ནས་སྒོམ་བྱུང་གི་ཉམས་མྱོང་སྐྱེས་ཏེ་མི་ཚེར་འགྱུར་བ་འགྲོ་རྒྱུ་དང་ཁྱིམ་ཚང་ལ་འགྱུར་བ་འགྲོ་རྒྱུ། སྤྱི་ཚོགས་ལ་འགྱུར་བ་འགྲོ་རྒྱུ་སོགས་ཡོང་གི་རེད། ང་ཚོ་བོད་པ་དེ་ཚོ་སྙིང་རྗེ་ཆེ་བ་དང་སེམས་ལྷོད་ལྷོད་ཡོད་པ་ཕལ་ཆེར་མཐོང་གི་འདུག བྱམས་བརྩེ་དགོས་པ་རེད། ཅེས་སྤྱོད་འཇུག་གི་ཚིག་རྣམས་ལ་ཉིན་ལྟར་བསམ་བློ་བཏང་ནས་འགྲོ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༡༧ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༨ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese