མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་NBAལ་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp
ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་(NBA)ཀྱིས་རྒྱ་ནག་གི་ཡུ་གུར་མི་རིགས་བཙན་བཀོལ་ཐོན་རྫས་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱེད་མཚམས་འཇོག་དགོས་པའི་ཡི་གེ་བཏང་།
ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཚན་པས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ (National Basketball Players Association) ལ་ཡི་གེ་ཞིག་བཏང་སྟེ། སིལ་སྤོལ་རྩེད་འགྲན་པས་ད་ལྟའང་ཡུ་གུར་མི་རིགས་ལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པའི་བཟོ་ལས་ཁང་ཁག་ཅིག་ལ་མུ་མཐུད་མཉམ་འབྲེལ་བྱེད་བཞིན་ཡོད་སྟབས། མཉམ་འབྲེལ་བྱེད་མཚམས་འཇོག་དགོས་སྐོར་གསུངས་འདུག

རྒྱ་ནག་ཚན་པའི་གྲོས་ཚོགས་འོག་མའི་འཐུས་མི་མི་ཇེམ་སི་མེག་གྷོ་ཝན་ (Jim McGovern) ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་ (Jeff Merkley) ལགས་སོགས་ཀྱིས་བཏང་གནང་བའི་ཡི་གེ་དེའི་ནང་། རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྩེད་འགྲན་པ་བཅུ་ལྷག་གིས་རྒྱ་ནག་ནང་བཅའ་སྡོད་བྱེད་བཞིན་པའི་ལུས་རྩལ་གྱོན་གོས་བཟོ་ཚོང་ཁང་ (ANTA) དང་། (Li-Ning) ། (Peak) བཅས་སུ་མཉམ་འབྲེལ་བྱེད་ཀྱི་ཡོད་པ་མ་ཟད། མུ་མཐུད་ལུས་རྩལ་གྱོན་གོས་བཟོ་ཚོང་ཁང་ (ANTA) དང་མཉམ་འབྲེལ་གྱི་ཆོད་གན་གསར་པ་བཞག་ཡོད་པ་དང་། རྩེད་འགྲན་པས་ཤར་ཏུར་ཀི་སི་ཐན་ནས་བྱུང་བའི་སྲིན་བལ་དང་འབྲེལ་བ་ཡོད་པའི་བཟོ་ཚོང་ཁང་ཁག་ལ་འབྲེལ་བ་བྱས་པར་བརྟེན། རྩེད་འགྲན་པ་དང་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་གཉིས་ཀའི་མཚན་སྙན་ཉེན་ཁའི་གནས་སུ་སྐྱེལ་གྱི་ཡོད་པ་དང་། རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་དང་དེའི་རྩེད་འགྲན་པ་གཉིས་ཀས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཚོང་ལས་དེའི་རིགས་ལ་རྒྱབ་སྐྱོར་ཙམ་ཡང་བྱེད་མི་འོས་པ་ཞིག་ཡིན་སྐོར་བཀོད་འདུག

ཡང་ཡི་གེ་དེའི་ནང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ས་ཁུལ་དེའི་སྲིན་བལ་ཐོན་ལས་དང་འབྲེལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། ལུས་རྩལ་གྱོན་གོས་བཟོ་ཚོང་ཁང་ (ANTA) ཁང་ལ་སོགས་པས་མངོན་གསལ་དོད་པོའི་ཐོག་ནས་ཁུལ་དེའི་སྲིན་བལ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་སྟབས། བཟོ་ཚོང་ཁང་དེ་དག་ནི་ཁུལ་དེའི་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པའི་གནས་ཚུལ་དང་འབྲེལ་བ་ཡོད་སྐོར་དང་། རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ངོས་ནས་རྩེད་འགྲན་པ་རྣམས་པ་ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བཞིན་པ་དང་། བཙན་དབང་གིས་ཡུ་གུར་མི་རིགས་ལ་ངལ་རྩོལ་བསྒྱུར་བཀོལ་བྱས་ཏེ་སྲིན་བལ་གྱི་གྱོན་གོས་བཟོ་བཞིན་པའི་གནས་ཚུལ་ཐོག་གོ་རྟོགས་སྤེལ་དགོས་སྐོར་སོགས་བཀོད་འདུག

གནས་ཚུལ་དེ་དང་འབྲེལ་རོའུ་ཊུར་སོགས་རྒྱལ་སྤྱིའི་གསར་ཁང་ཁག་གིས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ལ་འབྲེལ་བྱས་ཏེ། གྲོས་ཚོགས་ཀྱི་རྒྱ་ནག་ཚན་པའི་ཡི་གེ་དེ་ལ་ལྟ་ཚུལ་ཇི་ཡོད་དྲིས་པར་ལན་འདེབས་གང་ཡང་བྱས་མི་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཚན་པའི་ཡི་གེ་དེ་དང་འབྲེལ་ཝ་ཤིན་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཤར་ཏུར་ཀི་སི་ཐན་ནང་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པའི་གནས་ཚུལ་དེ་ནི་རྫུན་གཏམ་ཁོ་ན་ཡིན་པ་དང་། ཨ་རི་དང་རྒྱ་ཁབ་གཞན་ཁག་ཅིག་གིས་ཤར་ཏུར་ཀི་སི་ཐན་ནང་རྙོག་གླེང་བཟོ་བཞིན་པ་མ་ཟད། རྒྱ་ནག་ལ་སྟངས་འཛིན་བྱ་ཐབས་བྱེད་བཞིན་པ་ནི་ལེགས་འགྲུབ་འབྱུང་མི་སྲིད་པ་ཞིག་ཡིན་ལ། ཨ་རི་སོགས་ཀྱིས་ཡར་འཇོག་བཞིན་པའི་ཕ་བོང་དེ་ཕྱིར་རང་ཉིད་ཀྱི་རྐང་མགོར་ལྷུང་ངེས་ཡིན་སྐོར་གྱི་ཉེན་བརྡ་ཡང་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ནང་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཁོངས་སུ་ཡོད་པའི་ཧོ་སི་ཊོན་རོ་ཀེ་ཊི་ (Houston Rockets) རུ་ཁག་གི་སྤྱི་ཁྱབ་དོ་དམ་པ་ཌ་རིལ་མོ་རེ་ (Daryl Morey) ཡིས། ཧོང་ཀོང་མི་མང་གི་ཞི་བའི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་པ་ལ་བརྟེན། རྒྱ་ནག་གཞུང་དང་རྒྱ་རིགས་སིལ་སྤོལ་ལ་དགའ་མོས་བྱེད་མཁན་གྱིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ལ། སིལ་སྤོལ་ལྷན་ཚོགས་ངོས་ནས་རྒྱ་རིགས་མི་མང་ལ་དགོངས་སེལ་ཞུ་དགོས་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྩེད་འགྲན་ཁག་ཤར་གཏོང་བྱེད་མཚམས་བཞག་ཡོད་སྟབས། སྐབས་དེར་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་དགོངས་སེལ་ཞུས་ཡོད་པ་དང་། དེའི་ཐད་ཡང་སྐབས་དེའི་ཨ་རིའི་སྲིད་འཛིན་གཞོན་པ་མེག་པེན་སི་མཆོག་ནས། རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྐང་རྩེད་པ་དང་སྦྱིན་བདག་ཁ་ཤས་ཀྱིས་རྒྱུན་དུ་རང་དབང་ཐོབ་ཐང་སྤྱད་དེ་རྒྱལ་ཁབ་ལ་སྐྱོན་བརྗོད་སོགས་བྱེད་ཀྱི་ཡོད་ནའང་། མི་གཞན་གྱི་ཐོབ་ཐང་དང་རང་དབང་གི་གནད་དོན་ལ་ཐུག་སྐབས་ཁ་ཁུ་སིམ་པོར་སྡོད་ཀྱི་ཡོད་པ་རེད། རང་དབང་གི་སྨྲ་བརྗོད་འགོག་གི་ཡོད་ནའང་རྒྱ་ནག་དམར་ཤོག་གཞུང་གི་ཕྱོགས་སུ་ལངས་བཞིན་ཡོད་པ་ནི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་རང་ཉིད་ཀྱི་དབང་ཆ་ཡོད་ཚད་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་ལ་ཡོད་པ་ལྟར་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese