མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཟླ་གཅིག་ནང་ཚུན་རྒྱ་གར་ནང་གི་བོད་མི་ཚང་མར་འགོག་ཁབ་བརྒྱབ་ཐུབ་པར་འབད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་བོད་མི་གྲངས་ ༢༦༤༥༡ ལ་ཏོག་དབྱིབས་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་མི་གྲངས་ ༡༣༤༢༩ ལ་འགོག་ཁབ་གཉིས་ཀ་ཐོབ་ཡོད་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་གི་ཁྲོད་ནས་ཧི་མ་ཅལ་ཁུལ་དུ་འགོག་ཁབ་བརྒྱབ་མེད་པའི་གྲངས་འབོར་དེ་མཐོ་ཤོས་ཡིན་པ་དང་། འབྱུང་འགྱུར་ཟླ་བ་གཅིག་ནང་རྒྱ་གར་ནང་གི་བོད་མི་ཆ་ཚང་ལ་འགོག་ཁབ་བརྒྱབ་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དེ་ཡང་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། སྤྱི་ཡོངས་ནས་བལ་ཡུལ་ནང་གི་བོད་མིའི་ཁྲོད་འགོག་ཁབ་བརྒྱབ་པའི་གྲངས་འབོར་དེར་འགྱུར་བ་དེ་ཙམ་འགྲོ་ཡི་མེད་པ་དང་། རྒྱ་གར་ནང་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་ནའང་། བྱང་ཕྱོགས་ཧི་མ་ཅལ་མངའ་ཁུལ་གྱི་སིམ་ལ་དང་། རྡོ་ལན་ཇི། སུན་མཚོ་མན་གསུམ། མ་ན་ལི། དྷ་ས་བཅས་འགོག་ཁབ་བརྒྱབ་མ་ཐུབ་པའི་གྲངས་འབོར་མང་ཤོས་ཀྱི་ས་ཁུལ་ཆགས་ཡོད་པར་བརྟེན། སིམ་ལ་དང་རྡོ་ལན་ཇིའི་ཐད་བསྟན་འཛིན་སྨན་ཁང་ (Tenzin Hospital) གིས་འགོག་ཁབ་ཉོ་སྒྲུབ་ཀྱིས་མང་ཚོགས་ལ་བརྒྱབ་རྒྱུའི་བཀོད་སྒྲིག་བྱས་ཟིན་པ་དང་། དེ་བཞིན་སུན་མཚོ་མན་གསུམ་དང་ཀུ་ལུ་མ་ན་ལི་ཁུལ་དུ་འགོག་ཁབ་ཐོབ་མེད་པའི་བོད་མི་ ༡༠༠༠ ལྷག་ཙམ་ཡོད་པ་རྣམས་ཀྱི་ཐད་འབིར་གྱི་སྨན་ཁང་འགན་འཛིན་ཀརྨ་སྒྲོལ་མ་ལགས་ལ་བཀོད་མངགས་བྱས་ཡོད་འདུག   གཞན་ཡང་། ལྡེ་རུ་རྡུན་ཁུལ་དུ་བོད་མི་ ༣༠༠༠ ལྷག་ཡོད་པ་རྣམས་བདེ་སྐྱིད་གླིང་དུ་ཡོད་པའི་སྤྱི་ཁྱབ་ས་མགོ་ལས་ཁུངས་ནས་བཀོད་སྒྲིག་བྱ་རྒྱུ་དང་། འབིར་ཁུལ་ལ་མཚོན་ན་བོད་མི་ ༡༠༠༠ ལྷག་ཡོད་པ་རྣམས་ལ་རྫོང་སར་དགོན་པས་བཀོད་སྒྲིག་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག དྷ་རམ་ས་ལར་ད་ལྟའི་ཆར་ཁྱོན་མི་གྲངས་ ༨༠༠༠ ལྷག་ལ་འགོག་ཁབ་ཐོབ་མེད་ཅིང་། དེ་དག་ལ་བཞུགས་སྒར་གྱི་བདེ་ལེགས་སྨན་ཁང་ངོས་ནས་གྲ་སྒྲིག་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

དེ་བཞིན་བལ་ཡུལ་གྱི་གནས་སྟངས་དང་འབྲེལ་ཏེ། སྲིད་སྐྱོང་མཆོག་ནས་རྒྱ་གར་དང་། ཉི་ཧོང་། ཨ་རི་བཅས་ཀྱི་གཞུང་རྣམས་ལ་འགོག་ཁབ་ཀྱི་རོགས་རམ་གནང་རྒྱུའི་འབོད་སྐུལ་ཞུས་ཟིན་པ་ལྟར། འགོག་ཁབ་རྣམས་ཐད་ཀར་བལ་ཡུལ་ནང་གི་བོད་མི་ཚོར་འཕྲོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་ད་ལྟའི་འཛིན་སྐྱོང་ངོས་ནས་བཀའ་ཤག་སྐབས་གོང་མའི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གྲུབ་ཆ་དང་ལས་དོན་བྱེད་ཕྱོགས་བཅས་ལ་བསྐྱར་སྒྲིག་གནང་ཡོད་པ་མ་ཟད། ཏོག་དབྱིབས་ལས་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཐོག་མའི་སྟེང་། བོད་མིའི་སྒྲིག་འཛུགས་ངོས་ནས་འབྱུང་འགྱུར་གྱི་དུས་ཚོད་ནང་། བོད་མི་གང་མང་མང་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབ་ཐུབ་པ་གནང་རྒྱུ་དང་། ཏོག་དབྱིབས་ཀྱིས་མནར་བའི་བོད་མི་རྣམས་སྨན་བཅོས་དང་ལྟ་སྐྱོང་ཚད་ལྡན་བྱེད་ཐབས། གཉན་རིམས་ཀྱི་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་ཀྱིན་པ་དག་ལ་ལྟ་རྟོག་བྱེད་ཐབས་བཅས་གནད་དོན་གསུམ་གཙོར་བཟུང་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

ཉེ་ལམ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེར་ཕྱིན་པ་དང་བསྟུན། ནད་པའི་ཁྲོད་གཉན་ནད་ཧམ་སྤུ་ནག་པོ་(Black Fungus) སོགས་ཀྱི་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཐོག ད་ལྟའི་ཆར་བོད་མིའི་ཁྲོད་གཉན་ནད་ཧམ་སྤུ་ནག་པོ་ཕོག་པའི་གནས་ཚུལ་ཐོན་མེད་པ་དང་། ཕྱོགས་གཞན་ནས་ནད་གཞི་དེ་ཏོག་དབྱིབས་ནད་པའི་ཁྲོད་ནས་བརྒྱ་ཆ་ ༣ ཙམ་ལ་མ་གཏོགས་འགོ་ཡི་མེད་པ་དང་། རྒྱ་གར་ནང་མཚོན་ན་ལྷོ་ཕྱོགས་མངའ་སྡེ་མཱ་ཧཱ་ར་ཤི་ཏྲ་ (Maharashtra) དང་། གྷུ་ཇ་ར་ཏི་ (Gujarat) མ་གཏོགས་མངའ་སྡེ་གཞན་ནང་ཛ་དྲག་པོ་མེད་སྟབས། མང་ཚོགས་ངོས་ནས་དེར་ཐུགས་སྣང་བྱ་རྒྱུ་ཙམ་ལས་སེམས་འཚབ་བྱ་དགོས་དོན་མེད་སྐོར་འགྲེལ་བརྗོད་གནང་སོང་།

དེ་ནས་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་བརྗོད་དོན་ལྟར་ན། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་དང་པོ་ཁོ་ན་ཐོབ་པའི་མི་གྲངས་ ༢༦༤༥༡ བྱུང་ཡོད་པ་དང་། འགོག་ཁབ་གཉིས་ཀ་ཐོབ་མཁན་མི་གྲངས་ ༡༣༤༢༩ བྱུང་ཡོད་འདུག དེ་བཞིན་འདས་པའི་བདུན་ཕྲག་གཅིག་ནང་རྒྱ་བལ་གཉིས་སུ་ཟུར་བཀག་ནང་ཡོད་པའི་བོད་མི་ཁྱོན་ ༩༩༢ དང་། མི་ ༢༣༣༢ ལ་གཉན་རིམས་བརྟག་དཔྱད་བྱས་ཡོད་འདུག གཞན་ཡང་། འདས་པའི་བདུན་ཕྲག་གཅིག་ནང་བོད་མི་སྐྱེས་པ་གྲངས་ ༤༥ དང་བུད་མེད་ ༧༦ བཅས་ཁྱོན་བོད་མི་ ༡༢༡ ལ་གཉན་རིམས་ཕོག་ཡོད་པ་དང་། བོད་མི་ ༢ འདས་གྲོངས་སུ་གྱུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 1

  1. Sonam Gyaltsen says:
    ལོ་ 2 སྔོན།

    Wao 😯 Great 👍 New Sikyong Penpa Tsering Lag. ཁ་ཡོད། ལག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist