མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་བཞུགས་སྒར་དུ་ཉིན་ཕྱེད་ཙམ་རིང་བོད་མི་བརྒྱ་ལ་འགོག་ཁབ་བརྒྱབ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཁུལ་གྱི་བོད་མི་གྲངས་བརྒྱ་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་པ་དང་བསྟུན་མགྱོགས་མྱུར་དྷ་སའི་ཉེ་འཁྲིས་ཀྱི་བོད་མི་ཡོངས་ལ་གང་མགྱོགས་ཏོག་དབྱིབས་འགོག་ཁབ་བརྒྱབ་རྒྱུ་ཡིན་འདུག

ཉེ་སྔོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་མི་གང་མང་མང་ལ་ཏོག་དབྱིབས་འགོག་ཁབ་རྒྱག་དགོས་པའི་ལས་འཆར་སྒྲིག་ཡོད་པ་ལྟར། དེ་རིང་དྷ་ས་ཉིན་མོའི་སློབ་གྲྭར་བདེ་ལེགས་སྨན་ཁང་གི་མཐུན་འགྱུར་འོག བཞུགས་སྒར་ཁུལ་གྱི་བོད་མི་ལོ་ན་ ༤༥ ཡན་དང་། ཕྲུ་གུ་ཆུང་ཆུང་ཡིན་པའི་ཨ་མ་སོགས་ཁ་ཚ་དགོས་གཏུག་གི་ཏོག་དབྱིབས་འགོག་ཁབ་རྒྱག་དགོས་པའི་བོད་མི་བརྒྱ་ལ་ཏོག་དབྱིབས་འགོག་ཁབ་དང་པོ་དེ་རྒྱག་གིན་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་སུ་ཏོག་དབྱིབས་འགོག་ཁབ་བརྒྱབ་རྒྱུའི་ལས་གཞི་མགོ་བཙུགས་པའི་བརྒྱུད་རིམ་སྐོར་དྲིས་སྐབས།  བརྒྱུད་རིམ་དམིགས་བསལ་མེད་པ་དང་རྒྱ་གར་གྱི་སྨན་ཁང་མང་པོ་ཞིག་ལ་སྔོན་འགོག་ཁབ་རྒྱག་རྒྱུ་མགོ་རྩོམ་གྱི་ཡོད་པ་རེད། ཡིན་ནའང་མི་མང་པོ་ཞིག་གིས་བདེ་ལེགས་སྨན་ཁང་དུ་ཁབ་བརྒྱབ་ན་བློ་བདེ་བ་འདུག་ཟེར་མཁན་ཡོང་གི་འདུག འོན་ཀྱང་དེང་སང་ཁབ་རག་གི་མི་འདུག དེར་བརྟེན་ང་ཚོས་ཁབ་རག་པར་འབད་བརྩོན་བྱེད་ཀྱི་ཡོད། བདེ་ལེགས་སྨན་ཁང་ངོས་ནས་ཁབ་རྒྱག་ཆེད་དུ་ཁབ་རག་གི་ཡོད་པ་ལྟར། འདིའི་གོང་ལ་རྒྱ་གར་གཞུང་ལ་འབྲེལ་བ་བྱས་ཏེ། དེ་རིང་ནས་བོད་པ་ཚོར་ལོགས་སུ་ཁབ་རྒྱག་མགོ་བཙུགས་ཏེ་མི་བརྒྱ་ལ་ཁབ་རྒྱག་གི་ཡོད་ལ་མུ་མཐུད་དེ་ཁབ་རྒྱག་གི་ཡིན། དྷ་རམ་ས་ལའི་མི་མང་ལ་སེམས་ཁྲལ་མི་ཡོང་བའི་ཆེད་དུ་བདེ་ལེགས་སྨན་ཁང་ནས་འགན་འཁྱེར་གྱི་ཡོད་ལ། ཁབ་གང་མང་རག་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད། ཅེས་བརྗོད་བྱུང།

ཡང་ད་ལྟའི་ཆར་དྷ་རམ་ས་ལར་མི་ ༨༠༠༠ ལྷག་ལ་འགོག་ཁབ་རྒྱག་དགོས་དུས་ཟླ་བ་གཅིག་ནང་ལས་འཆར་འདི་ཏག་ཏག་འགྲོ་ཐུབ་མིན་སྐོར་དྲིས་པར་ཁོང་གིས། མི་གྲངས་༨༠༠༠ ལྷག་ལ་འགོག་ཁབ་རྒྱག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན། ཁབ་རག་པ་ཡིན་ན་མི་ ༨༠༠༠ ལྷག་ལ་འགོག་ཁབ་རྒྱག་མི་ཐུབ་པ་ཡོད་པ་མ་རེད། འགོག་ཁབ་མངགས་ནས་བཞག་ཡོད་པ་དང་ཉིན་གཉིས་གསུམ་ནང་ཁབ་རག་པ་ཡིན་ན་བདེ་ལེགས་སྨན་ཁང་རང་གི་ངོས་ནས་རིན་མེད་ཐོག་ནས་འགོག་ཁབ་བརྒྱག་མགོ་བཙུགས་ཀྱི་ཡིན། གལ་ཏེ་བདེ་ལེགས་སྨན་ཁང་ལ་འགོག་ཁབ་མ་རག་ན་རྒྱ་གར་གཞུང་གི་ངོས་ནས་བོད་མི་ཚོར་རིན་མེད་ཐོག་འགོག་ཁབ་རྒྱག་གི་རེད། ཅེས་བརྗོད་བྱུང་།

ཉེ་སྔོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་འཛིན་སྐྱོང་ངོས་ནས་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཡོངས་ལ་བསྐྱར་བཅོས་གནང་སྟེ། བོད་མིའི་སྒྲིག་འཛུགས་ངོས་ནས་འབྱུང་འགྱུར་གྱི་དུས་ཚོད་ནང་། བོད་མི་གང་མང་མང་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབ་ཐུབ་པ་གནང་རྒྱུ་ཡིན་གསུངས་པ་ལྟར།  ད་ལྟའི་ཆར་བོད་མི་གྲངས་ ༢༦༤༥༡ ལ་ཏོག་དབྱིབས་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་མི་གྲངས་ ༡༣༤༢༩ ལ་འགོག་ཁབ་གཉིས་ཀ་ཐོབ་ཡོད་འདུག་ལ། བཞུགས་སྒར་ཁུལ་དུའང་མགྱོགས་མྱུར་ཏོག་དབྱིབས་འགོག་ཁབ་རྒྱག་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༣ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༤ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༤ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese