མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་དམ་ལ་བརྟེན་ནས་གཟའ་སྐར་མིག་དམར་སྟེང་མི་གཏོང་ཐབས་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

ནང་པའི་དགེ་འདུན་པ་རྣམས་ཐུགས་དམ་ལ་བཞུགས་ཀྱི་ཡོད་པའི་དངོས་ཡོད་གནས་སྟངས་འོག ཨུ་རུ་སུའི་ཚན་རིག་པས་ཐུགས་དམ་གྱི་བྱེད་བབ་དང་ཚན་རྩལ་ཟུང་འབྲེལ་ཐོག་ནས་གཟའ་སྐར་མིག་དམར་ཐོག་དངོས་སུ་མི་གཏོང་རྒྱུའི་འཆར་གཞི་སྒྲིག་གི་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་སྔ་བར་འཛམ་གླིང་རྒྱལ་ཁབ་མི་ཉུང་བ་ཞིག་གིས་འཕྲུལ་རིགས་ཚན་རྩལ་ལ་བརྟེན་ནས། ཉི་མའི་ཁྱིམ་རྒྱུད་ཀྱི་རེས་གཟའ་མིག་དམར་འཚོལ་ཞིབ་ཀྱི་ལས་གཞི་སྤེལ་མུས་ཡིན་པ་དང་། ཉེ་བའི་ལོ་ཤས་གོང་ནས་ཚན་རིག་པས་གཟའ་སྐར་མིག་དམར་ཐོག་མི་དངོས་སུ་བསྐྱོད་ཐབས་ཀྱི་ལམ་ཁ་འཚོལ་གྱི་ཡོད་ནའང་ད་བར་མི་གཅིག་ཀྱང་བསྐྱོད་ཐུབ་མེད་པའི་སྐབས་འདིར། ཨུ་རུ་སུའི་རྒྱལ་ས་མའོ་སི་ཁའོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཚན་རིག་པ་སྐོར་ཞིག་གིས། ནང་པའི་ཐུགས་དམ་སྐབས་ཀྱི་ཕུང་པོ་དང་ཀླད་པའི་ནུས་ཤུགས་ཀྱི་བྱེད་བབ་སོགས་ལ་བརྟེན་ནས་གཟའ་སྐར་མིག་དམར་སྟེང་དངོས་སུ་མི་བསྐྱོད་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ད་ལྟ་ཨུ་རུ་སུའི་ཚན་རིག་པས་ནད་ཡམས་ཀྱི་དཀའ་ངལ་འོག་ཞིབ་འཇུག་མཚམས་འཇོག་བྱས་ཡོད་ནའང་། མི་འགྱང་བར་ནད་ཡམས་མཚམས་ཆད་པ་དང་ཞིབ་འཇུག་རྒྱུན་སྐྱོང་དང་ལག་བསྟར་ཡོང་བར་རེ་བ་རྒྱག་གི་ཡོད་པ་རེད།

ནང་པའི་ཐུགས་དམ་ལ་བརྟེན་ནས་གཟའ་མིག་དམར་ཐོག་བསྐྱོད་རྒྱུའི་མཁའ་དབྱིངས་སྐོར་ཞིབ་ཀྱི་ལས་གཞི་དེ་ཕྱི་ལོ་ ༢༠༡༧ ཙམ་ནས་མགོ་འཛུགས་ཀྱིས། བོད་པའི་དགེ་འདུན་པ་མང་པོ་ཞིག་དང་ལྷན་དུ་ཞིབ་འཇུག་བྱེད་མུས་ཡིན་ཞིང་། ཨུ་རུ་སུའི་ཚན་རིག་སྡེ་ཚན་དེས་བོད་པའི་དགེ་འདུན་པ་རྣམས་སྨན་ཁང་ངོས་ནས་འདས་གྲོངས་སུ་ཕྱིན་པའི་དཔྱད་འབྲས་སྒྲོག་ཟིན་ནའང་། སྐུ་ཕུང་ཐད་ཀར་བཞུགས་ཐུབ་པ་དང་ཕུང་པོ་རུལ་བའམ་དྲི་ངན་གྱི་མ་འཇུས་པར་ཐུགས་དམ་ཞེས་སྒོམ་གྱི་སྒྲུབ་པར་ཞུགས་ཀྱི་ཡོད་སྟབས། དགེ་འདུན་པ་དེ་དག་གི་ཀླད་པའི་བྱེད་ལས་ལ་ཞིབ་འཇུག་བྱས་ཏེ། ཐུགས་དམ་གྱི་ངང་ཚུལ་ནས་གཟའ་མིག་དམར་སྟེང་བསྐྱོད་ཐུབ་པའི་ནུས་པ་མཐོང་གི་ཡོད་སྐོར་སོགས་བརྗོད་འདུག

དེ་འབྲེལ་རྒྱ་གར་གྱི་ (News 18) གནས་ཚུལ་ནང་། ཨུ་རུ་སུའི་ཚན་རིག་པས་ནང་པའི་ཐུགས་དམ་གྱི་བྱེད་ཐབས་དང་ཐབས་ལམ་གཞན་ཟུང་འབྲེལ་གྱིས། མཁའ་དབྱིངས་སྐོར་བསྐྱོད་ཀྱི་ལས་གཞིར་གཡུར་དུ་སྨིན་པའི་གྲུབ་འབྲས་ཐོབ་པ་དང་། དམིགས་བསལ་ཐུགས་དམ་གྱི་ཐབས་ལམ་ལ་བརྟེན་ནས། མཁའ་དབྱིངས་སྐོར་སྐྱོད་བྱེད་སྐབས་ཚན་རྩལ་གྱི་རྒྱུ་ཆ་ཉུང་ཞིང་ཆོས་ཉིད་ཀྱི་སྒུལ་ཤུགས་ལ་འགོག་རྒོལ་ཆེ་ཆེར་ཐུབ་པ་མ་ཟད། མཁའ་དབྱིངས་ཕུར་སྐྱོད་ཀྱི་གྲུ་གཟིངས་ལ་ཆག་སྐྱོན་དང་མིར་གནོད་སྐྱོན་སོགས་ཀྱི་ཉེན་ཁ་ཧ་ཅང་ཆུང་ཆུང་ཡིན་སྐོར་སོགས་བརྗོད་འདུག

ཨུ་རུ་སུའི་ཚན་རིག་སྡེ་ཁག་དེའི་སྣེ་འཁྲིད་པ་སྐུ་ཞབས་ཡོ་རེ་(Yury Bubeyev) ལགས་ཀྱིས། ང་ཚོས་མཁའ་དབྱིབས་སྐོར་སྐྱོད་ཀྱི་ལས་གཞི་ལེགས་འགྲུབ་ཡོང་བའི་ཐབས་ལམ་ཞིག་འཚོལ་གྱི་ཡོད། ནང་པའི་དགེ་འདུན་པ་ཚོ་དྲན་པ་མ་ཉམས་པར་ཡུན་རིང་བཞུགས་ཐུབ་པ་འདི་ཐབས་ལམ་གཅིག་ཡིན། ཞེས་དང་། དེ་རྗེས་ང་ཚོས་༧གོང་ས་མཆོག་ལ་སྒོམ་སྒྲུབ་ཀྱི་རྟོགས་པ་མཐོ་བའི་བོད་པའི་དགེ་འདུན་པ་རྣམས་ཀྱི་ཀླད་པར་ཞིབ་འཇུག་བྱེད་པའི་གོ་སྐབས་ཤིག་གནང་རོགས་ཞུས་པར། ༧གོང་ས་མཆོག་ནས་ང་ཚོར་ཐུགས་དམ་སྐོར་ལ་ཞིབ་འཇུག་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་། ཞེས་བརྗོད་ཡོད་པ་རེད།

ད་སྔ་བར་ཚན་རྩལ་རིག་པའི་ལོ་རྒྱུས་ནང་གཟའ་ཆེན་མིག་དམར་སྟེང་མི་དངོས་སུ་བསྐྱོད་པའི་ཟི་ཐོ་བཀོད་མྱོང་མེད་ཅིང་། འཕྲུག་རིགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གཟའ་མིག་དམར་སྟེང་བསྐྱོད་ཡོད་པ་ལྟར། ཕྱི་ལོ་ ༡༩༧༡ ལོར་ཨུ་རུ་སུའི་འཕྲུལ་སྐར་མིག་དམར་གསུམ་པ་ (Mars 3) ཞེས་པ་ཐོག་མར་གཟའ་མིག་དམར་སྟེང་འབབ་ཐུབ་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ཨ་རིའི་འཕྲུལ་སྐར་(Viking 1, Viking 2) གཉིས་མཐུད་མར་གཟའ་མིག་དམར་སྟེང་འབབ་ཐུབ། དེ་བཞིན། རྒྱ་གར་དང་རྒྱ་ནག ཉི་ཧོང་དང་ཡུ་རོབ་མཐུན་ཚོགས་སོགས་ནས་གཟའ་མིག་དམར་གྱི་མཐའ་ལ་སྐོར་བསྐྱོད་ཀྱི་ལས་གཞི་མུ་མཐུད་སྤེལ་མུས་ཡིན་པ་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese