མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ནད་ཡམས་ཀྱི་འབྱུང་ཁུངས་བསྐྱར་ཞིབ་དགོས་པའི་སྐུལ་མ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྟོབས་ཆེན་རྒྱལ་ཁབ་བདུན་ནས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་བསྐྱར་ཞིབ་ཚུད་པའི་ཡུ་གུར་དང་ཧོང་ཀོང་། ཐའེ་ཝན་མཚོ་འགོག་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་སོགས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ལ་ཁ་གཏད་དང་འགན་ལེན་བྱེད་དུ་འཇུག་རྒྱུ་ཡིན་པ་ནན་བརྗོད་བྱས་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཉིན་གསུམ་གྱི་ཚོགས་ཆེན་མཇུག་བསྒྲིལ་བ་དང་བསྟུན། སྟོབས་ཆེན་རྒྱལ་ཁབ་བདུན་ཐུན་མོང་གི་གྲོས་ཆོད་ཡོངས་བསྒྲགས་བྱས་ཏེ།  རྒྱ་ནག་གཞུང་གིས་ཡུ་གུར་གྲང་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས་པ་དང་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཚད་མཐོའི་རང་སྲིད་རང་སྐྱོང་རྒྱུན་སྐྱོང་བྱེད་དགོས་པ་མ་ཟད། རྒྱ་ནག་ནས་མཆེད་པའི་ཏོག་དབྱིས་གཉན་རིམས་ཀྱི་འབྱུང་ཁུངས་མཐིལ་ཕྱིན་པ་ཞིག་རྩད་གཅོད་གཏོང་དགོས་པའི་འབོད་ཚིག་ནན་བསྒྲགས་བྱས་འདུག

དེ་འབྲེལ་རོའུ་ཊར་གསར་ཁང་གི་གནས་ཚུལ་ནང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་ཐུན་མོང་ནས་ད་རེས་རྒྱ་ནག་ཐོག་བཟུང་བའི་ལྟ་སྟངས་ཧ་ཅང་མཁྲེགས་པོ་ཡིན་པ་དང་། མདོར་ན་རྒྱ་ནག་ལ་ཆེས་ཚོར་ཤུགས་སྐྱེན་པའི་ཐའེ་ཝན་མཚོ་འགོག་གི་སྐོར་ཡིན་ཕྱིན་གླེང་སློང་གིས། རྒྱ་ནག་ལ་ཁ་གཏད་དང་འགན་ལེན་བྱེད་དུ་འཇུག་རྒྱུ་ཡིན་སྐོར་བརྗོད་འདུག་ལ།  བྱེ་བྲག་ཏུ་ཐའེ་ཝན་མཚོ་འགག་དང་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་བདེ་འཇགས་ནི་རྒྱལ་སྤྱིའི་བདེ་འཇགས་དང་འབྲེལ་བ་ཡོད་པས་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་གཙིགས་སུ་འཛིན་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

འཛམ་གླིང་གང་སར་བཞུགས་པའི་བོད་མི་ཚོས་རང་ཉིད་གནས་ཡུལ་རྒྱལ་ཁབ་ཀྱི་མགོ་ཁྲིད་བརྒྱུད་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྟེང་བོད་དོན་གླེང་སློང་ཡོང་བར་ཐབས་ཤེས་ཡོད་རྒུ་འདོན་བཞིན་ཡོད་ནའང་།  ད་རེས་ཚོགས་ཆེན་ཐོག་ཐའེ་ཝན་མཚོ་འགག་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་གལ་གནད། དེ་བཞིན་ཧོང་ཀོང་དང་ཡུ་གུར་སོགས་ཀྱི་གནད་དོན་གླེང་བྱས་ཡོད་པ་ལས་བོད་དོན་སྐོར་གྲོས་ཆོད་དང་ཚོགས་འདུའི་ཡུལ་དངོས་གང་གི་སྟེང་གླེང་སློང་གནང་མེད་པ་རེད་ལ། དེ་ཡང་ཚོགས་ཆེན་གྱི་གོང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་ཀྱི་རྒྱལ་སྤྱིའི་མཐུན་གྲོགས་ཚོགས་པ་ (Global Alliance for Tibet) སོགས་ཀྱིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་དང་བསྟུན། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཚོགས་ཆེན་ཐོག་ཏུ་བོད་དོན་གླེང་དགོས་དགོས་པ། དེ་བཞིན་བོད་ནང་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་རྟོག་ཞིབ་ཚན་པ་ཞིག་གཏོང་དགོས་པ་དང་། བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད་པ་དང་། བོད་ནི་ཆུ་བོ་མང་པོའི་མགོ་ཁོངས་ཡིན་སྟབས། ཚན་རིག་དང་མཐུན་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ་ཆུ་བོ་ཁག་གི་བརྒྱུད་དུ་འཛུགས་བསྐྲུན་བྱས་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

རྒྱལ་ཁབ་བདུན་གྱི་གྲོས་ཆོད་ནང་། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་རྒྱལ་སྤྱིའི་ཐོག་འཕེལ་བཞིན་པའི་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་བྱེད་ཐབས་སུ། ཨ་ཧྥི་རི་ཀ་ནང་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་དང་ཨེ་ཤ་ཡའི་རང་བྱུང་གི་རླུང་ལ་བརྟེན་ནས་གློག་འདོན་འཕྲུལ་འཁོར་ (wind farms) གྱི་ལས་གཞི་ལ་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁོངས་དང་འབྲེལ་རྟོག་ཞིབ་ཐེངས་གཉིས་པ་བྱེད་མགོ་བཙུགས་ཏེ། གཉན་སྲིན་དེ་བཞིན་བརྟག་དཔྱད་ཁང་ནས་ཤོར་བ་ཞིག་གམ་སྲོག་ཆགས་གཞན་ནས་མི་ལ་འགོས་པ་ཡིན་མིན་རྩད་གཅོད་དགོས་སྐོར། དེ་བཞིན་རྒྱལ་སྤྱིའི་ཁྲོམ་རའི་ནང་རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་ཚོང་ལས་གཉེར་བཞིན་པར་གདོང་ལེན་བྱ་རྒྱུ་ཡིན་སྐོར་སོགས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་བཀོད་འདུག

ཡང་ཚོགས་ཐོག་ཏུ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ལོ་གཅིག་གི་ནང་ཨ་སྒོར་ཐེར་འབུམ་ ༡༠༠ བཏང་སྟེ། སྟོབས་འབྱོར་ཞན་པའི་རྒྱལ་ཁབ་ཁག་གི་ནང་དུག་རླངས་ཇེ་ཉུང་དུ་གཏོང་ཐབས་དང་། གོ་ལའི་ཚ་དྲོད་འཕེལ་བཞིན་པར་གདོང་ལེན་བྱ་རྒྱུ་ཡིན་པའི་གྲོས་ཆོད་བྱུང་ཡོད་པ་དང་། མ་འོངས་ལོ་གཅིག་གི་ནང་སྟོབས་འབྱོར་ཞན་པའི་རྒྱལ་ཁབ་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་དུང་ཕྱུར་ ༡༠ ཡི་རོགས་རམ་བྱ་རྒྱུ་ཡིན་པ། ཨུ་རུ་སུ་གཞུང་གིས་ཨུ་རུ་སུ་རང་ནས་བྱུང་བའི་རྒྱལ་སྤྱིའི་དྲ་བར་འཇམ་རྒོལ་བྱས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱུག་བདག་ཚོར་བསླུ་བྲིད་གཏོང་གི་ཡོད་པའི་འགན་འཁུར་ལེན་དགོས་པ་དང་། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་ཕྱོགས་ལ་རྟོག་ཞིབ་བྱེད་དགོས་སྐོར་སོགས་ཀྱི་དགོས་འདུན་བཏོན་ཡོད་པ་རེད།

འོན་ཀྱང་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་མ་འོངས་ལོ་གཅིག་གི་ནང་འགོག་ཁབ་དུང་ཕྱུར་ ༡༠ རོགས་རམ་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་ནའང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་འགོག་ཁབ་ཀྱི་གྲངས་དེ་ལས་མང་བའི་རོགས་རམ་བྱེད་ཐུབ་པ་དང་། གཉན་རིམས་ལ་གདོང་ལེན་ཆེད་འགོག་ཁབ་ཐོག་ནུས་པ་འདོན་ཤུགས་ཆེ་ཤོས་དེ་མིན་སྐོར་དང་། གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་ཁས་ལེན་བྱས་པ་དག་ནི་ཁ་གསལ་མེད་སྐོར་བརྗོད་ཀྱིན་འདུག་ལ། ཁོར་ཡུག་ལས་འགུལ་བ་གྲགས་ཆེན་བུ་མོ་གྷེ་རེ་ཊ་ཐན་བྷག་ (Greta Thunberg) གིས་ཐེངས་འདིའི་ཚོགས་ཆེན་གྱི་ཁོར་ཡུག་དང་འབྲེལ་བའི་གྲོས་ཆོད་ཁག་ཡ་ལན་སྟོང་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

ཚོགས་ཆེན་སྐབས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་ཚོས་བྷའེ་ཌན་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་རྗེས། བསྐྱར་དུ་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་གྱི་ནུས་ཤུགས་ཆེ་རུ་གཏོང་བའི་སྲིད་བྱུས་བཟུང་བར་དགའ་བསུ་དང་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་དང་། ཧྥ་རན་སིའི་སྲིད་འཛིན་མཱག་རོན་ (Macron) ལགས་ཀྱིས། སྲིད་འཛིན་བྷའེ་ཌན་མཆོག་ནས་མགོ་ཁྲིད་ཀྱི་ནུས་པ་ནི་མཉམ་འབྲེལ་བྱ་རྒྱུ་དེ་ཡིན་སྐོར་གསུངས་ཡོད་པ་ལྟར། ཨ་རིར་མཉམ་འབྲེལ་བྱ་འདུན་ཆེ་བའི་སྲིད་འཛིན་ཞིག་བྱུང་བ་དེ་གཏམ་བཟང་ཞིག་ཡིན་སྐོར་དང་། དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སན་ (Boris Johnson) མཆོག་ཉིན་དང་པོར་སྲིད་འཛིན་བྷའེ་ཌན་མཆོག་དང་མཇལ་འཕྲད་རྗེས། སྲིད་འཛིན་བྷའེ་ཌན་མཆོག་གི་རྒྱལ་སྤྱིའི་ཁོར་ཡུག་དང་བདེ་སྲུང་། དེ་བཞིན་ཏོག་དབྱིབས་གཉན་རིམས་སོགས་ཀྱི་གནད་དོན་ཐོག་མཉམ་འབྲེལ་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད་སྐོར་བརྗོད་པ་དང་འབྲེལ། ཨ་རི་དང་དབྱིན་ཇི་གཉིས་མུ་མཐུད་མཉམ་འབྲེལ་བྱ་འདུན་ཡོད་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese