མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྲིད་སྐྱོང་གསར་པའི་ངོས་ནས་ཧི་མ་ཅལ་མངའ་སྡེ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་ནས་ཧི་མ་ཅལ་མངའ་སྡེ་གཞུང་མང་གཉིས་ནས་༧གོང་ས་མཆོག་དབུས་པའི་བོད་མི་རྣམས་ལ་རྒྱབ་སྐྱོར་མཐུན་སྦྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་ཡོད་འདུག
ཧི་མ་ཅལ་མངའ་སྡེ་གཞུང་གི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སིམ་ལ་སྤྱི་ཁྱབ་བསྟན་འཛིན་སྣང་བ་ལགས་བརྒྱུད་ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཇའེ་རམ་ཐཱ་གོར་མཆོག་གི་མཚན་ཐོག་ཏུ། འཕྲིན་ཡིག་ཅིག་ཕུལ་བ་བརྒྱུད་སྲིད་སྐྱོང་གསར་པའི་ངོས་ནས་འཚམས་འདྲི་དང་འབྲེལ་ནས་ཧི་མ་ཅལ་མངའ་སྡེ་གཞུང་ནས་ད་བར་བཙན་བྱོལ་གཞུང་མང་གཉིས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

འཕྲིན་ཡིག་ཏུ་སྲིད་སྐྱོང་མཆོག་གིས། ཧི་མ་ཅལ་མངའ་སྡེ་གཞུང་དང་མི་མང་ནས་༧གོང་ས་མཆོག་དབུས་པའི་བཙན་བྱོལ་བོད་མི་རྣམས་ལ་གནས་སྡོད་ཆོག་པ་སོགས་ཀྱི་རྒྱབ་སྐྱོར་མཐུན་སྦྱོར་གནང་བར་བོད་མི་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་དང་། ཧི་མ་ཅལ་མངའ་སྡེ་གཞུང་མང་གཉིས་ནས་མུ་མཐུད་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་མཐུན་སྦྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཕུལ་བའི་འཕྲིན་ཡིག་དང་འབྲེལ་བའི་གནས་ཚུལ་དེ་ཧི་མ་ཅལ་མངའ་སྡེ་གཞུང་གི་དྲ་ཐོག་ཏུ་སྤེལ་ཡོད་པར་བརྟེན།  ཧི་མ་ཅལ་གྱི་བརྒྱུད་ལམ་ཁག་མི་ཉུང་བ་ཞིག་གིས་ཀྱང་སྤེལ་འདུག་ལ། ད་རེས་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཧི་མ་ཅལ་མངའ་སྡེ་བློན་ཆེན་མཆོག་ལ་འཚམས་འདྲི་དང་འབྲེལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་ཐོག་མ་ཡིན་པ་དང་། ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་དེ་སིམ་ལ་སྤྱི་ཁྱབ་བསྟན་འཛིན་སྣང་བ་ལགས་དང་དྲུང་ཆེ་ཚེ་རིང་ཆོས་འཛོམས་ལགས་གཉིས་ནས་དངོས་སུ་མངའ་སྡེ་བློན་ཆེན་གྱི་ཕྱག་ཏུ་ཕུལ་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist