མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་ཕྱོགས་སུ་ཞི་ཡི་གཏམ་བཤད་ཀྱི་དགོངས་དོན་ཟེར་བ་ལག་བསྟར་དགོས་པའི་བཀའ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་ཕྱིན་པ་དང་མཚོ་སྔོན་ཕྱོགས་སུ་ཏང་གི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ་ཞི་ཡི་གལ་ཆེན་གཏམ་བཤད་ཀྱི་དགོངས་དོན་ཟེར་བར་སློབ་སྦྱོང་དང་དོན་འཁྱོལ་ལག་བསྟར་བྱེད་དགོས་སྐོར་བསྒྲགས་འདུག

ཉེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཚོ་སྔོན་དུ་རྟོག་ཞིབ་ཟེར་བའི་སླད་དུ་ཡོང་ནས་མདོ་སྨད་རྐང་ཚ་དང་ཟི་ལིང་ཁུལ་གྱི་བོད་རིགས་དང་རྒྱ་རིགས་མི་མང་ལ་གཏམ་བཤད་སྤེལ་ཡོད་པ་ལྟར། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་། ཕྱི་ཚེས་ ༡༡ ཉིན་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པས་ཞི་ཡི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཟེར་བའི་ཚོགས་འདུ་ཞིག་བསྡུས་ཏེ། ད་ལྟའི་ཆར་མཚོ་སྔོན་ཁུལ་དུ་ཞི་ཅིན་ཕིན་གྱི་གཏམ་བཤད་ཀྱི་གལ་ཆེན་དགོངས་དོན་ཟེར་བ་དྲིལ་བསྒྲགས་དང་སློབ་སྦྱོང་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གུང་ཁྲན་ཏང་བཙུགས་ཏེ་ལོ་བརྒྱ་འཁོར་གྱི་ཡོད་ཟེར་བའི་གནས་སྟངས་འོག རྒྱ་ནག་གིས་བོད་ས་ཡོངས་ལ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། ཉེ་སྔོན་ཞི་ཅིན་ཕིན་གྱིས་མཚོ་སྔོན་དུ་མི་རིགས་ཁག་གི་ལག་གདང་སྦྲེལ་ཏེ་གཅིག་སེམས་གཅིག་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་གཅིག་ལྟར་བརྩེ་བའི་ཞི་མཐུན་གྱི་གཞིས་ཁྱིམ་ལྷན་དུ་འཛུགས་སྐྲུན་དགོས་ཞེས་བོད་རྒྱ་གཉིས་མི་རིགས་གཅིག་དང་ཁྱིམ་ཚང་ཡིན་པའི་གཏམ་བཤད་སྤེལ་དོན་བཞིན། ད་ལྟའི་ཆར་མཚོ་སྔོན་ཕྱོགས་སུ་བོད་རྒྱ་གཉིས་མི་རིགས་གཅིག་དང་ཏང་གི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ནས་ཏང་ལ་བློ་དཀར་དགོས་པ་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་སྤེལ་གྱི་ཡོད་པ་མ་ཟད། ཞི་ཡི་གལ་ཆེན་གཏམ་བཤད་ཀྱི་དགོངས་དོན་ཟེར་བ་དོན་འཁྱོལ་ལག་བསྟར་བྱེད་དགོས་སྐོར་སོགས་བསྒྲགས་འདུག

ཡང་མཚོ་སྔོན་ཁུལ་དུ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་གྱི་ཡོད་པའི་རྣམ་པ་གཞན་ཞིག་ནི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཟེར་བས་དྲ་རྒྱའི་སྟེགས་བུ་སྣ་ཚོགས་སྤྱད་དེ། དྲ་ཐོག་ནས་ཐུན་ཏེ་རྫོང་ཁོངས་ཀྱི་མི་མང་ལ་ཏང་གི་ལོ་རྒྱུས་སྐོར་ལ་ཟབ་སྦྱོང་དང་སློབ་སྦྱོང་བྱེད་དུ་བཅུག་སྟེ་ཏང་ཡོན་ལས་བྱེད་པའི་དགོངས་དོན་ཟེར་བ་དང་དམར་ཤོག་ཚོགས་པའི་ལྟ་གྲུབ་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་འདུག

ཡང་ཉེ་ལམ་ཞི་ཅིན་ཕིན་གྱིས་མཚོ་སྔོན་ཁུལ་དུ་རྟོག་ཞིབ་བྱེད་པའི་སྐབས་སུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་བྱས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་ཡོད་ཀྱང་། དོན་དངོས་སུ་ས་གནས་མང་ཚོགས་ཀྱི་འདོད་བློ་མེད་བཞིན་དུ། མདོ་ལ་རིང་མོའི་ལྷོ་ངོས་ཀྱི་ས་ཁུལ་གྱི་མུ་རུ་རྩ་ཐང་གཙོས་པའི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་ཤུགས་ཆེན་སྤེལ་བ་དང་། ད་ལྟའང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་གོང་འཕེལ་གཏོང་རྒྱུའི་ཆེད་དུ་འཛུགས་སྐྲུན་འདྲ་མིན་བྱས་ཏེ། ས་གནས་བོད་མིའི་འཚོ་གནས་དང་འབྲེལ་ཡུལ་ཁམས་སྙོམས་སྒྲིག་སོགས་ལ་གཏེར་སྐྱོན་ཤུགས་ཆེན་བཏང་དང་གཏོང་མུས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

སྐར་མ ༤༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༦ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese