མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་གིས་ཐའེ་ཝན་ལ་དྲག་ཤུལ་ངོམས།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཁའ་ལམ་དུ་དམག་དོན་གནམ་གྲུ་ ༢༨ སྡེབ་གཅིག་ཏུ་བཏང་སྟེ་འདས་པའི་ལོ་ངོ་ ༧༠ ལྷག་ནང་དཔུང་འཇུག་གི་དྲག་ཤུལ་ཤུགས་ཆེ་ཤོས་དེ་ངོམས་ཡོད་འདུག

དེ་རིང་རྒྱལ་སྤྱིིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ལམ་དབྱིན་ཡུལ་དུ་ཚོགས་པའི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ ༧ གྱི་ཚོགས་འདུའི་སྟེང་རྒྱ་ནག་གི་དམག་དོན་བྱ་འགུལ་ལ་སྐྱོན་བརྗོད་དང་སྦྲགས། ཐའེ་ཝན་མཚོ་འགག་ཁུལ་དུ་བརྟན་བརླིང་དགོས་གལ་ཆེ་བའི་སྐོར་ནས་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ཤིག་སྤེལ་བ་དང་བསྟུན། ཁ་སང་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱལ་སྲུང་མཁའ་དབྱིངས་ཁུལ་དུ་དམག་དོན་གནམ་གྲུ་ ༢༨ འཕུར་སྐྱོད་བྱས་ཏེ་ཐའེ་ཝན་ལ་འཇིགས་སྐུལ་བྱས་ཡོད་འདུག

ཐའེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཁ་སང་རྒྱ་ནག་གིས་བཏང་བའི་གནམ་གྲུའི་ཁྲོད། J-16 རྟགས་ཅན་གྱི་འཐབ་འཁྲུག་གནམ་གྲུ་ ༡༤ དང་། J-11 རྟགས་ཅན་གྱི་འཐབ་འཁྲུག་གནམ་གྲུ་དྲུག ད་དུང་ H-6 རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཐུབ་པའི་འབར་མདེལ་གཡུག་མཁན་གྱི་གནམ་གྲུ་བཞི་དང་། མཚོ་འོག་གྲུ་གཟིངས་ལ་འགོག་རྒོལ་གྱི་གནམ་གྲུ་བཅས་ཡོད་པ་དང་། རྒྱ་ནག་གིས་འཐབ་འཁྲུག་གནམ་གྲུ་དེ་དག་ཐའེ་ཝན་གྱི་རྒྱལ་སྲུང་མཁའ་དབྱིངས་ཁུལ་དུ་བཏང་བ་མ་ཟད། ཐའེ་ཝན་གྱི་སྟངས་འཛིན་འོག་ཡོད་པའི་ལྷོ་ཕྱོགས་ཀྱི་པ་ར་ཊ་སི་གླིང་ཕྲན་ (Pratas Islands) ཁུལ་དུའང་འཕུར་སྐྱོད་བྱས་ཡོད་འདུག

ཁ་སང་རྒྱ་ནག་གིས་དོན་རྐྱེན་དེ་དང་འབྲེལ་ནས་གསལ་བཤད་ལྟ་བུ་གང་ཡང་བྱས་མེད་ནའང་། དེ་རིང་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་མཱ་ཤའོ་ཀོང་(Ma Xiaoguang) ཟེར་བ་དེས། གལ་ཏེ་ཕྱིའི་རྒྱལ་ཁབ་ཀྱིས་ཐའེ་ཝན་རང་བཙན་ཡོང་ཐབས་དང་། ཐའེ་ཝན་གྱི་གནད་དོན་ལ་ཐེ་ཇུས་བྱེད་བཞིན་པར་དེར་རྒྱ་ནག་ངོས་ནས་གུ་ཡངས་གཏོང་ཐབས་རྩ་ནས་མེད་པ་དང་། རྒྱ་ནག་ངོས་ནས་ཐའེ་ཝན་དང་ཕྱིའི་རྒྱལ་ཁབ་དབར་གྱི་མཉམ་འབྲེལ་ལ་ངོས་ལེན་མེད་པའི་བརྡ་ལན་སྤྲོད་དགོས་ཀྱི་ཡོད་སྐོར་བརྗོད་འདུག

འདས་པའི་ལོ་ཤས་ནང་རྒྱ་ནག་གིས་ཐའེ་ཝན་གྱི་མངའ་ཁོངས་མཁའ་དབྱིངས་དང་མཚོ་རྒྱུད་ཁུལ་དུ་དམག་དོན་གྱི་གནམ་གྲུ་དང་འཐབ་འཁྲུག་གྲུ་གཟིངས་སོགས་བཏང་ཏེ་ཐའེ་ཝན་ལ་སྡིགས་ར་ལྟ་བུ་སྐུལ་ཤུགས་ཆེ་རུ་བཏང་ཡོད་ཅིང་། ཉེ་ཆར་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱལ་སྲུང་མཁའ་ལམ་ཁུལ་དུ་གནམ་གྲུ་ ༢༥ དང་། ཡང་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་གནམ་གྲུ་ ༡༥ བཏང་ཡོད་པ་རེད། འོན་ཀྱང་ཁ་སང་གི་དོན་རྐྱེན་དེ་ནི་འདས་པའི་ལོ་ངོ་ ༧༠ ལྷག་ནང་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་ལམ་སྟེང་གནམ་གྲུ་མང་ཤོས་འཕུར་སྐྱོད་བྱས་པ་ཞིག་ཆགས་ཡོད་འདུག

ཉེ་སྔོན་བཞག་པའི་སྟོབས་འབྱོར་ཅན་པའི་རྒྱལ་ཁབ་ ༧ གྱི་གྲོས་ཆོད་ནང་། རྒྱ་ནག་ངོས་ནས་ཤར་ཊུར་ཀི་སི་ཐན་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་སྲུང་དགོས་སྐོར་དང་། རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དེ་རང་དབང་དང་གུ་ཡངས་ཀྱི་གནས་སྟངས་སྒང་གནས་རྒྱུ་གལ་ཆེན་ཡིན་པ་བསྐྱར་ནན་ཞུ་ཡི་ཡོད་པ་དང་། དེ་བཞིན་ཐའེ་ཝན་མཚོ་འགག་ཁུལ་དེ་ཞི་བདེ་ལྷིང་འཇགས་ཐོག་གནས་རྒྱུ་དང་། ཕྱོགས་གཉིས་(རྒྱ་ནག་དང་ཐའེ་ཝན་)བར་གྱི་གནད་དོན་རྣམས་ཞི་བདེའི་སྒོ་ནས་འགྲིག་མཐུན་ཡོང་རྒྱུར་འབད་དགོས་པ། དེ་བཞིན་རྒྱལ་ཁབ་ ༧ ངོས་ནས་ཤར་བརྒྱུད་དང་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གནས་སྟངས་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་ལྟར། ཕྱོགས་ཚང་མའི་མོས་མཐུན་མེད་པར་ཕྱོགས་གཅིག་ཁོ་ནའི་ངོས་ནས་ད་ལྟའི་གནས་བབ་ལ་འགྱུར་ལྡོག་གཏོང་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བཀོད་ཡོད་དུག

གནད་དོན་དབྱེ་ཞིབ་པས་ད་ཐེངས་ཀྱི་རྒྱ་ནག་གི་བྱེད་སྟངས་དེས་ཨ་རི་དང་ཐའེ་ཝན་གྱི་མཉམ་འབྲེལ་ལ་ངོ་རྒོལ་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། རྒྱལ་ནང་ནས་རྒྱ་ནག་བཅིངས་གྲོལ་དམག་ལ་ཨ་རི་དང་ཐའེ་ཝན་གྱི་སྟོབས་ཤུགས་འགྲན་ཐུབ་པའི་སྟོབས་ཤུགས་ངོམ་གྱི་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱིན་འདུག་ལ། ལྷག་པར་དུ་ཉེ་ཆར་ཕྱི་ཚེས་ ༡༣ ཉིན་གྲུབ་པའི་འཛམ་གླིང་གོ་སྟོབས་འབྱོར་རྒྱལ་ཁབ་ ༧ གྱི་མཉམ་འབྲེལ་བསྒྲགས་གཏམ་ལ་མངོན་གསལ་དོད་པོའི་ཐོག་ནས་ངོས་ལེན་མེད་པའི་རྣམ་པ་བསྟན་པ་ཞིག་ཡིན་སྐོར་དང་། ཡང་དབྱེ་ཞིབ་པ་རེ་འགས་ཁ་སང་ཕྱི་ཚེས་ ༡༥ ཉིན་ཨ་རིའི་མཚོ་དམག་གིས། ཨ་རིའི་འཐབ་འཁྲུག་གནམ་གྲུ་དབོར་འདྲེན་གྲུ་ཆེན་ USS Ronald Reagan ཞེས་པ་དེ་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོ་ཁུལ་དུ་བཏང་ཡོད་པའི་གནས་ཚུལ་སྤེལ་བར་བརྟེན། རྒྱ་ནག་གིས་དེར་ཡ་ལན་གྱི་ཚུལ་དུ་བཏང་བ་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese