མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཆ་རྐྱེན་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) དང་རྒྱ་གར་གྱི་གཞུང་འབྲེལ་མ་ཡིན་པའི་སློབ་གྲྭའི་ཤེས་ཡོན་དོ་དམ་ལྷན་ཚོགས་(Council For the Indian School Certificate Examinations) གཉིས་ཀྱིས་འདི་ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཆ་རྐྱེན་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྙན་འབུལ་ཞུས་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༠ ལོའི་ལོ་མགོ་ནས་བཟུང་རྒྱ་གར་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་ཕྱིན་ཡོད་པར་བརྟེན། རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆ་ཚང་སྒོ་བརྒྱབ་སྟེ་ཡིག་རྒྱུགས་གཏོང་ཐུབ་མེད་ནའང་དམིགས་བསལ་གྱི་གནས་བབ་འོག་ནས་འཛིན་རིམ་འཕར་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་བཏང་ཟིན་པ་ལྟར། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༡ སྔོན་ལ་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་འཆར་ཡོད་འདུག་ལ། འདི་ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་སློབ་ཕྲུག་འབུམ་ ༡༤ ལྷག་ནས་མཉམ་ཞུགས་ཐོ་འགོད་བྱས་ཡོད་འདུག

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་འཐུས་མི་ ༡༣ ནས་འདས་པའི་བདུན་ཕྲག་གཉིང་རིང་འཆར་གཞི་འགོད་འབུལ་གནང་བའི་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་སྤྲོད་སྟངས་དེ་བརྒྱ་ཆ་ ༣༠ འཛིན་རིམ་ ༡༠ པའི་སློབ་ཚན་ལྔ་ལས་བརྒྱ་ཆ་མཐོ་ཤོས་ཀྱི་སློབ་ཚན་གསུམ་དང་། བརྒྱ་ཆ་ ༣༠ འཛིན་རིམ་ ༡༡ པའི་ཡིག་རྒྱུགས་མཐའ་མའི་བརྒྱ་ཆ། དེ་མིན་གྱི་བརྒྱ་ཆ་ ༤༠ འཛིན་རིམ་ ༡༢ པའི་དཔོད་བྲིས་(Unit Test) དང་དུས་ཚིགས་ཡིག་རྒྱུགས་ (Internal Exams)། དེ་བཞིན་ཚོད་ལྟའི་ཡིག་རྒྱུགས་ (Pre-board) ཀྱི་གྲུབ་འབྲས་ལ་གཞི་འཛིན་རྒྱུ་དང་། དེ་བཞིན་ (Practicals) བརྒྱ་ཆ་ ༡༠༠ ནས་ཡིན་ཞིང་སློབ་གྲྭ་ནས་ཕུལ་བའི་བརྒྱ་ཆ་ལྟར་སྤྲོད་རྒྱུ་ཡིན་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་གཙོ་བོ་ (Kottayan Katankot Venugopal) ལགས་ཀྱིས། གལ་ཏེ་སློབ་ཕྲུག་ཚོར་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཆ་རྐྱེན་དེ་དག་མ་ཚང་བ་ཡིན་ན། ལོ་གསུམ་རིང་སློབ་སྦྱོང་བྱས་ཏེ་བསྐྱར་དུ་ཡིག་རྒྱུགས་གཏང་བའམ་ (Compartment) སྡེ་ཚན་ནང་བཞག་རྒྱུ་ཡིན་པ་དང་། སློབ་ཕྲུག་སུ་རུང་ཞིག་ཡིག་རྒྱུགས་ཀྱི་བརྒྱ་ཆ་ལ་འདོད་བློ་མ་ཚིམས་པ་དེ་འདྲ་བྱུང་ཚེ། ཡིག་རྒྱུགས་དངོས་སུ་གཏོང་བའི་གནས་སྟངས་ཡོད་སྲིད་སྐོར་བརྗོད་འདུག

གཞན་ཡང་། བོད་ཁྱིམ་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་བསོད་ནམས་སྲི་ཆོས་ལགས་ནས་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ནང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་འཆར་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་འཛིན་རིམ་བཅུ་པའི་བརྒྱ་ཆ་སྤྲོད་སྟངས་དེ་ཁྱོན་བརྒྱ་ཆ་ ༡༠༠ ནས་བརྒྱ་ཆ་ ༡༠ དཔོད་བྲིས་དང་། བརྒྱ་ཆ་ ༣༠ ལོ་ཕྱེད་ཡིག་རྒྱུགས་། དེ་བཞིན་བརྒྱ་ཆ་ ༤༠ ཚོད་ལྟའི་ཡིག་རྒྱུགས་བཅས་ཁྱོན་བརྒྱ་ཆ་ ༨༠ དང་། བརྒྱ་ཆ་ ༢༠ དུས་ཚིགས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནས་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese