མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དབུ་བརྙེས་ཏེ་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནས་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་དབུ་བརྙེས་ཏེ་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྟེང་མཉམ་ཞུགས་བྱས་ཏེ་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་དོན་ཁག་ངོ་སྤྲོད་ཞུས་ཡོད་པ་རེད།

ཁ་སང་དགོང་མོ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲྭ་རྒྱ་དང་ངོ་དེབ་ཐད་གཏོང་བརྒྱུད། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་གྱི་འདུ་འཛོམས་ཤིག་འཚོགས་ཡོད་ཅིང་། འདུ་འཛོམས་སྟེང་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ལྕམ་ཇའེ་ནེ་( jaanne  leedom Ackerman ) ལགས་ཀྱིས་ལས་རིམ་དེའི་གཏམ་བཤད་པ་དག་ངོ་སྤྲོད་བྱས་པ་དང་། རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཡན་ལག་ཚོགས་པ་ཁག་གི་ཚོགས་མི་ཚོས་རང་རང་གི་སྐད་ཡིག་ཐོག་ནས་འདས་པའི་ལོ་ངོ་བརྒྱའི་རིང་གི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་གཞི་ཁག་ལ་བསྔགས་བརྗོད་ཞུས་ཤིང་།  ཉེ་བའི་ལོ་བརྒྱའི་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་བཙོན་འོག་ཏུ་ལུས་པའི་རྩོམ་པ་པོ་དང་སྙན་ངག་པ། གསར་འགོད་པ་སོགས་ཀྱི་རང་དབང་བརྩད་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

སྐབས་དེར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཇའེ་ནེ་ལེ་ཌོམ་ལགས་ཀྱིས།  པེན་རྩོམ་པ་པོའི་མཐུན་ཚོགས་ནི་འཛམ་གླིང་རྒྱལ་ཁབ་བརྒྱ་ལྷག་གི་ནང་ཡོད་པའི་རྩོམ་པ་པོ་དང་རྒྱལ་སྤྱིའི་རྩོམ་པ་པོ་རྣམས་མཉམ་མཛོམས་བྱེད་སའི་གནས་ཤིག་ཡིན། རྩོམ་པ་པོ་རྣམས་རང་རང་གི་ཁོར་ཡུག་དང་རྒྱལ་སྤྱིའི་སྟེང་མཉམ་འཛོམས་ཀྱིས་རྩོམ་དང་རྩོམ་རིག་སྒྱུ་རྩལ་གླེང་བ་དང་། རྩོམ་འབྲིའི་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་ལ། རྩོམ་འབྲི་རང་དབང་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ལ་མེད་དུ་མི་རུང་བ་ཞིག་ཡིན། ཞེས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཚོགས་པ་ཁག་གི་འཐུས་མི་ཚོས་རང་རང་གི་སྐད་ཡིག་ནང་པེན་རྩོམ་པ་པོའི་མཐུན་ཚོགས་ངོ་སྤྲོད་དང་འབྲེལ་ནས་འདས་པའི་བྱས་རྗེས་གླེང་སློང་བྱས་ཡོད་པ་ལྟར། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དྲུང་ཆེ་མགོ་ལོག་ལྕགས་མོ་ལགས་དང་རྒྱུན་ལས་སྨིན་སྣང་མཛེས་ལགས་གཉིས་ནས་འདུ་འཛོམས་སྟེང་མཉམ་ཞུགས་ཀྱིས།  པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ངོ་སྤྲོད་དང་སྦྲགས། འདས་པའི་ལོ་ཤས་རིང་གི་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྤེལ་བའི་ལས་རིམ་ཁག་གི་སྐོར་ལ་མདོར་བསྡུས་ཤིག་གསུང་ཡོད་པ་རེད།

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་ ༡༩༢༡ ལོར་དབྱིན་ཇིའི་རྒྱལ་ས་ལོ་ཊོན་དུ་སྐུ་ཞབས་སི་ཁའོ་ཊི་ (Catharine amy dawson scott ) ལགས་ཀྱིས་གསར་འཛུགས་གནང་ཞིང་། ཚོགས་པ་དེ་ནི་རྒྱལ་སྤྱིའི་སྟེང་གི་རྩོམ་པ་པོའི་ཚོགས་པ་ཆེས་ཐོག་མ་དེ་ཡིན་ལ།  རྒྱལ་སྤྱིའི་ནང་རྩོམ་འབྲིའི་རང་དབང་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྩོད་མཁན་གཙོ་བོའི་གྲས་ཡིན་པ་རེད།

བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༩༩ ཟླ་བ་༣ ཚེས་༡༩ཉིན་བཞུགས་སྒར་རྡ་རམ་ས་ལར་ཐོག་མ་གསར་འཛུགས་གནང་། ཚོགས་པ་དེས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་འགུལ་རིམ་པ་སྤེལ་ཞིང་། དམིགས་བསལ་བོད་ནང་གི་བཙོན་འོག་ཏུ་ལུས་པའི་རྩོམ་པ་པོ་དག་གི་གསུང་རྩོམ་དཔར་བསྐྲུན་དང་། ཁྲིམས་འགལ་ཐོག་བཙོན་འཇུག་བྱས་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་སྐོར་ལ་སྙན་ཐོ་བཏོན་ནས་རྒྱལ་སྤྱིའི་སྟེང་དུ་འགྲེམ་སྤེལ། དེ་བཞིན་བོད་མི་རྣམས་ལ་རྩོམ་རིག་ཟབ་སྦྱོང་དང་།  བོད་ནང་དུ་རྒྱ་ནག་གིས་སྤེལ་མུས་ཡིན་པའི་སྐད་གཉིས་སློབ་གསོའི་ལས་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་མུས་ཡིན་ཞིང་། འདས་པའིལོ་ཤས་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་འདུ་ཁག་ལའང་མཉམ་ཞུགས་མི་ཉུང་བ་ཞིག་གནང་ཡོད་འདུག

དཔལ་ལྡན་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༤ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese