མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་འབྲེལ་བའི་གློག་བརྙན་གཉིས་བཟོ་སྐྲུན་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི༧སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་སེམས་ཀྱི་འཕེལ་འགྱུར་ཞེས་པའི་གློག་བརྙན་ཞིག་སེམས་དང་སྲོག་ལྟེ་གནས་ཁང་གི་དྲ་རྒྱ་ www.mindandlife.org ནས་རིན་མེད་ཐོག་གཟིགས་འབུལ་གནང་རྒྱུ་ཡིན་འདུག

སེམས་དང་སྲོག་གི་ལྟེ་གནང་ཁང་གིས་འདི་ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་ཆེད། ཕྱི་ལོ་ ༢༠༡༩ ལོར་བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་ནང་༧གོང་ས་མཆོག་དང་འཕེལ་འགྱུར་སྨྲ་བའི་ཚན་རིག་པ་སྐོར་ཞིག་དབར་གླེང་མོལ་ཞུས་པའི་ལས་རིམ་དེ་ཉིད། སྐར་མ་ ༣༥ ཅན་གྱི་དངོས་བཤུས་གློག་བརྙན་སེམས་ཀྱི་འཕེལ་འགྱུར་ (Evolution of the Heart) ཞེས་པ་ཞིག་ཏུ་ཕབ་སྐྲུན་བྱས་ཏེ། སྐུའི་འཁྲུངས་སྐར་ཉིན་ནས་བཟུང་སེམས་དང་སྲོག་ལྟེ་གནས་ཁང་གི་དྲ་རྒྱ་ www.mindandlife.org ཞེས་པ་ནས་རིན་མེད་ཐོག་གཟིགས་ཐུབ་ཀྱི་ཡོད་འདུག

དངོས་བཤུས་གློག་བརྙན་དེ་ནི་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་ཨ་རིའི་སེམས་དང་སྲོག་གི་གོ་སྒྲིག་འོག་༧གོང་ས་མཆོག་དང་། འཕེལ་འགྱུར་སྐྱེ་དངོས་རིག་པ་སྨྲ་བ་སྐུ་ཞབས་ཌེ་ཝིཌ་སི་ལོན་ཝིལ་སོན་ (David Sloan Wilson)ལགས་དང་། སྤྱི་ཚོགས་ཚན་རིག་སྨྲ་བ་པུམ་ལ་གྷོ་བྷོ་ཌོ་མཱ་ཌི་ཀི་ཛེ་ལ་(Pumla Gobodo-Madikizela)ལགས་བཅས་ཀྱི་དབར་བྱམས་བརྩེ་དང་། ཕན་ཚུན་འབྲེལ་བ། འགྱུར་ལྡོག་ཅེས་པའི་བརྗོད་གཞིའི་སྟེང་གླེང་མོལ་གནང་བ་ཞིག་ཡིན་པ་དང་། གླེང་མོལ་གྱི་ལས་རིམ་དེའི་ནང་། ༧གོང་ས་མཆོག་གི་འཛམ་གླིང་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པའི་ཐུགས་དགོངས་གཞིར་བཞག་ཐོག མིའི་རིགས་འདི་སྔར་བས་བྱམས་བརྩེ་དང་སྙིང་རྗེ་ལྡན་པ་ཞིག་ཏུ་འཕེལ་འགྱུར་འགྲོ་ཐུབ་མིན་དང་། འཕེལ་འགྱུར་རིག་པའི་ནང་བྱམས་སྙིང་རྗེ་དང་གཞན་ཕན་གྱི་གནད་དོན་ཐོག་དོ་སྣང་ཤུགས་ཆེར་སླེབས་བཞིན་པ་སོགས་ཀྱི་སྐོར་ནས་གླེང་མོལ་ཞུས་ཡོད་པ་རེད།

གཞན་ཡང་། ད་ལྟའི་ཆར་རྒྱལ་སྤྱིའི་ཁྲོམ་རའི་ནང་༧གོང་ས་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པའི་སྐོར་གྱི་དངོས་བཤུས་གློག་བརྙན་གསར་པ་བོད་ནམ་ཡང་མ་བརྗེད་ (Never Forget Tibet) ཞེས་པ་ཞིག་ཐོན་ཡོད་ཅིང་། ཕྱི་རྒྱལ་གྱི་གློག་བརྙན་སྐོར་གྱི་གནས་ཚུལ་འགོད་སྤེལ་བྱེད་སའི་དྲ་རྒྱ་ www.deadline.com ཞེས་པའི་ནང་གནས་ཚུལ་ཐོན་པ་ལྟར་ན། གློག་བརྙན་དེ་ནི་རྒྱ་གར་གྱི་གསར་འགོད་པ་ལྕམ་རཱ་ནི་སིངྒ་(Rani Singh)ལགས་ཀྱིས་བྲིས་པའི་དཔོན་རིགས་ཤིག་དང་༧གོང་ས་མཆོག་ (An Officer and His Holiness) ཅེས་པའི་དཔེ་དེབ་གཞི་ལ་བཞག་སྟེ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྐྱེན་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་རྒྱ་གར་གྱི་དཔོན་རིགས་སྐུ་ཞབས་ཧར་མན་དྷིར་སིངྒ་ (Har Mander Singh) གཙོས་པའི་རྒྱ་གར་གྱི་དམག་མིའི་རུ་ཁག་ཅིག་གིས་༧གོང་ས་མཆོག་རྒྱ་གར་གྱི་ས་མཚམས་སུ་བསུ་མར་སྐྱོད་པའི་སྐོར་གྱི་ལོ་རྒྱུས་དྲན་ཐོ་རང་བཞིན་གྱི་གློག་བརྙན་ཞིག་ཡིན་པ་མ་ཟད། མགོན་པ་ཁོང་ཉིད་ཀྱིས་ཆིབས་བསྒྱུར་དེའི་སྐོར་གློག་བརྙན་ནང་གསུངས་པ་ཐོག་དང་པོ་ཡིན་སྐོར་ཡང་བཀོད་ཡོད་འདུག

Har Mander Singh with His Holiness The Dalai Lama

དབྱིན་ཇིའི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ཇི་ཡན་པཱོལ་མར་ཊི་ནེ་ཛི་(Jean-Paul Mertinez)ལགས་ཀྱིས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་དེའི་ནང་། ཕྱི་ལོ་ ༡༩༤༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བའི་ཨོ་སི་ཊི་རི་ཡ་ (Austria) རྒྱལ་ཁབ་ཀྱི་རི་འཛེག་པ་དང་། བོད་ནང་ལོ་བདུན་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་སྐུ་ཞབས་ཧེན་རིག་ཧེ་རར་ (Heinrich Harrer) ལགས་ཀྱིས་བརྒྱབ་པའི་པར་རྙིང་དཀོན་གྲས་དང་། ༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རིང་མགོན་པོ་ཁོང་ཉིད་དང་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་དང་། དབྱིན་ཇིའི་སྲིད་བློན་མེག་མི་ལན་ (Macmillan) དབར་བསྐུར་བའི་གསང་བའི་འཕྲིན་ཡིག་དག་ཀྱང་བཅུག་ཡོད་འདུག

དངོས་བཤུས་གློག་བརྙན་འདི་ཉིད་གཞི་འཛིན་སའི་དཔེ་དེབ་དཔོན་རིགས་ཤིག་དང་༧གོང་ས་མཆོག་ཅེས་པ་དེའི་ནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་དཔོན་རིགས་ཧར་མན་དྷིར་སིངྒ་ལགས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ཉེན་ཡོལ་ཆེད་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་བཞིན་པའི་༧གོང་ས་མཆོག་རྒྱ་གར་གྱི་ས་མཚམས་ནས་ཚད་མཐོའི་བདེ་འཇགས་ཀྱི་ཐོག་ནས་བསུ་མ་བྱས་པའི་སྐོར་གྱི་ལོ་རྒྱུས་དོན་རྐྱེན་གཙོར་འདོན་བྱས་ཡོད་ཅིང་། རྩོམ་པ་པོས་ལོ་རྒྱུས་ཀྱི་དོན་རྐྱེན་དེ་དག་སྐུ་ཞབས་ཧར་མན་དྷིར་སིངྒ་གི་ཉིན་ཐོ་གཞིར་བཟུང་སྟེ། གོང་ས་མཆོག་ལ་དངོས་སུ་བཅར་འདྲི་སོགས་བྱས་ཏེ་བྲིས་པ་ཞིག་ཡིན་འདུག དེབ་འདིའི་རྩོམ་པ་པོ་རཱ་ནི་སིངྒ་ནི་སྐུ་ཞབས་ཧར་མན་དྷིར་སིངྒ་གི་ཚ་མོ་ཡིན་འདུག་ལ། ཁོང་མོའི་དེབ་དེ་ཕྱི་ལོ་ ༢༠༡༩ ལོར་པེན་གྷོན་པར་སྐྲུན་ཁང་ (Penguin Random House) གིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༦ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༦ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༨ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༩ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese