མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དགོན་པ་ཚོར་མར་རྒྱན་མེ་ཏོག་ཏང་ལ་འབུལ་ཟེར་བའི་ལས་འགུལ་སྤེལ་དུ་བཅུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ ༡༠༠ ལོན་པར་རྟེན་འབྲེལ་མཚོན་བྱེད་དུ་བོད་ཀྱི་དགོན་པ་ ༣༠ ཙམ་ལ་མར་རྒྱན་མེ་ཏོག་ཏང་ལ་འབུལ་ཟེར་བ་དང་ལོ་བརྒྱའི་ཀྲུང་གོའི་ཕུགས་འདུན་ལས། ནང་བསྟན་དུས་རབས་གསར་པར་བསྐྱོད་ཟེར་བའི་ཡིག་གཟུགས་འགྲན་བསྡུར་བྱེད་དུ་བཅུག་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་དྲ་བའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་དར་རྩེ་མདོའི་ས་གནས་སྲིད་གཞུང་དང་། ས་གནས་ཀྱི་ནང་བསྟན་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྒྱ་ནག་དམར་གཞུང་བཙུགས་ཏེ་ལོ་ ༡༠༠ ལོན་པར་རྟེན་འབྲེལ་དུ། མར་རྒྱན་མེ་ཏོག་ཏང་ལ་འབུལ་ཟེར་བའི་དྲིལ་བསྒྲགས་རང་བཞིན་གྱི་འགྲན་བསྡུར་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེའི་ནང་ས་གནས་ཀྱི་བོད་དགོན་ཁག་ ༣༠ ཡིས་བོད་ཀྱི་སྲོལ་རྒྱུན་མར་རྒྱན་མེ་ཏོག་མཆོད་པ་བཞེངས་སྐྲུན་གྱི་ལག་རྩལ་དང་། རྒྱ་ནག་དམར་གཞུང་གི་དྲིལ་བསྒྲགས་ཀྱི་ནང་དོན་ལྡན་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་དུ་བཅུག་སྟེ་བྱ་དགའ་སྤྲད་ཡོད་འདུག

མར་རྒྱན་མེ་ཏོག་མཆོད་པ་འགྲན་བསྡུར་དེའི་སྟེང་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་དང་དར་མདོ་གྲོང་ཁྱེར་གྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས།  ཐེངས་འདིར་རང་རེ་དར་མདོ་གྲོང་ཁྱེར་ནང་བསྟན་འཐུན་ཚོགས་ཀྱིས། དགོན་ཁག་སོ་སོའི་མར་རྒྱན་ལག་རྩལ་རྒྱུན་འཛིན་དར་སྤེལ་ཡོང་ཆེད་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པར་དགའ་སྟོན་རྟེན་འབྲེལ་དུ། མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་ཉམས་པའི་མར་རྒྱན་ལག་རྩལ་ལ་བྱང་ཆ་ལྡན་པའི་དགེ་རྒན་གྱི་མཛུབ་སྟོན་འོག དགོན་ཁག་སོ་སོས་ལག་རྩལ་སློབ་སྦྱོང་དང་བསྐྱར་སྦྱོང་གི་བྱ་འགུལ་སྔོན་དུ་སོང་ནས།  ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་དང་བསམ་བློའི་སྙིང་སྟོབས་ལ་མཆོད་པའི་མར་རྒྱན་སྒྱུ་རྩལ་འགྲེམ་སྟོན་གྱི་བྱ་བ་དེ་གཉེར་བ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་འདུག

ད་ལན་གྱི་མར་རྒྱན་མཆོད་པ་དེ་དག་བོད་ཀྱི་སྲོལ་རྒྱུན་རིག་གནས་གཞིར་བཟུང་། མཐུན་པ་སྤུན་བཞི་དང་། ཚེ་རིང་རྣམ་དྲུག སྡོམ་བརྩོན་དམ་པ། བཀྲ་ཤིས་རྟགས་བརྒྱད་སོགས་བཀོད་ཡོད་ནའང་། དེ་དག་ནི་རྒྱ་ནག་དམར་ཤོག་གཞུང་མགོ་བརྩམས་ནས་མི་ལོ་ ༡༠༠ འཁོར་བར་རྟེན་འབྲེལ་གྱི་ཆེད་དུ་བསྐྲུན་པ་ཞིག་ཡིན་སྐོར་བཀོད་འདུག་ལ། མར་རྒྱན་མཆོད་པའི་སྒྱུ་རྩལ་འགྲན་བསྡུར་དེའི་ཁྲོད་ནས་མི་ཉག་གནས་འགོ་དགོན་གྱིས་བཅའ་བཟོ་གནང་བའི་མར་རྒྱན་མཆོད་པ་ལ་ཨང་དང་པོ་དང་། བྲག་མཁར་བཤད་གྲྭ་དང་ལྷ་སྒང་དགོན། འགེ་བ་ཁ་དགོན་པ་བཅས་ཀྱིས་བཅའ་བཟོ་གནང་བའི་མར་རྒྱན་མཆོད་པ་ལ་ཨང་རིམ་གཉིས་པའི་བྱ་དགའ་ཐོབ་ཡོད་འདུག

ཡང་ཉིན་དེའི་ཕྱི་དྲོར་་བསྡུས་ཡོད་པ་དང་། ཡིག་གཟུགས་ཀྱི་ཚིག་གཞི་ཕལ་ཆེ་བ་རྒྱ་ནག་གཞུང་ལ་ཆེ་བསྟོད་དམ། ཡང་ན་རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ས་ཡོངས་སུ་དྲིལ་བསྒྲགས་བྱེད་བཞིན་པ་རྐྱང་རྐྱང་ཡིན་པ་རེད། དེ་ཡང་གཞུང་འབྲེལ་གནས་ཚུལ་དེའི་ནང་སྤེལ་བའི་འགྲན་བསྡུར་གྱི་ཡུལ་དངོས་པར་རིས་ཁྲོད། རྒྱལ་ཁབ་སྟོབས་འབྱོར་ཁྲིམས་ཀྱིས་སྐྱོང་། །སྤྱི་ཚོགས་འདྲ་མཉམ་འཆམ་མཐུན་ལྡན། །དམངས་ནི་རྒྱལ་གཅེས་མཛའ་མཐུན་ཅན། །སྲིད་འབྱོར་རིག་གསུམ་རྒྱས་གྱུར་ཅིག།།ཅེས་པ་དང་། ཡང་གཞན་དུ། ཏང་གི་ལོ་རྒྱུས་སྦྱོངས། །བསམ་བློའི་གོ་རྟོགས་བསྐྱེད། །དོན་དངོས་ཡང་དག་སྒྲུབས། །རྣམ་པ་གསར་པར་འབྱེད། །ཅེས་སོགས་བཀོད་ཡོད་འདུག

འདས་པའི་ལོ་ཤས་རིང་ནས་རྒྱ་ནག་གཞུང་གིས་བོད་ནང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དང་མཐུན་པའི་བོད་བརྒྱུད་ནང་བསྟན་ཟེར་བའི་སྲིད་ཇུས་འོག བོད་ནང་གི་དགོན་པ་ཁག་གི་འཛིན་སྐྱོང་ལས་དོན་བཅས་པར་ཐེ་བྱུས་ཚབས་ཆེན་བྱས་པས་མི་ཚད། དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་དུ་འཇུག་གི་ཡོད་པ་དང་། མངོན་གསལ་དོད་པོའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐང་ཀའི་སྟེང་རྒྱ་ནག་གི་མགོ་འཁྲིད་ཚོའི་པར་བཀོད་པ་དང་། མཆོད་རྟེན་ངོས་སུ་ཆབ་སྲིད་ཀྱི་འབོད་ཚིག་སྣ་ཚོགས་བཀོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་ལྟར། ཨ་རི་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་དགོན་སྡེ་ཁག་ལ་དམ་དྲག་སྟངས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པའི་གྲུབ་དོན་བཏོན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

༢༠༢༦/༠༩/༢༢
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

༢༠༢༦/༠༩/༢༢
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

༢༠༢༦/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese