མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་རས་གྱོན་མེད་ན་ཞབས་ཕྱིའི་རིགས་མི་བྱེད་པའི་ལམ་སྟོན་བཀོད་ཁྱབ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་ནང་ཏོག་དབྱིབས་འགོས་ཁྱབ་ཚོད་འཛིན་གང་ལེགས་ཡོང་བཞིན་ཡོད་པས་དེ་རིང་ནས་མངའ་སྡེ་གཞན་དང་འགྲོ་འོང་ཆོག་པ་དང་ཚོང་ར་རྣམས་རྒྱུན་ལྡན་ལྟ་བུ་བྱས་ནས་སྒོ་འབྱེད་ཆོག་སྐོར་བསྒྲགས་འདུག་ཀྱང་རེས་གཟའ་སྤེན་པ་དང་ཉི་མར་མུ་མཐུད་སྒོ་རྒྱག་རྒྱུ་ཡིན་མིན་ཁ་གསལ་མི་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བཀོད་ཁྱབ་ཅིག་བཏང་བའི་ནང་། དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པ་ནས་དགོང་མོའི་ཆུ་ཚོད་ ༨ པ་བར་ཚོང་ཁང་དང་ཁྲོམ་ར་རྣམས་སྒོ་འབྱེད་ཆོག་པ་དང་། ཟ་ཁང་དང་ཇ་ཁང་། ཆང་ཁང་སོགས་མཚན་མོའི་ཆུ་ཚོད་ ༡༠ བར་དུ་སྒོ་འབྱེད་ཆོག་གི་ཡོད་འདུག དེ་བཞིན། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་གཞུང་གི་ལས་ཁུངས་ཁག་དང་ཆོས་ལུགས་ཀྱི་ལྟེ་གནས་ཁག་སྒོ་འབྱེད་ཆོག་པ་དང་། མངའ་སྡེ་ཕན་ཚུན་བར་འགྲོ་སྐྱོད་ཆོག་པ་མ་ཟད། ས་གནས་གཞན་ནས་ཧི་མ་ཅལ་མངའ་སྡེའི་ནང་འཛུལ་བར་དམིགས་བསལ་ཆོག་མཆན་ (E-pass) དགོས་ཀྱི་མེད་སྐོར་བསྒྲགས་འདུག

མངའ་སྡེ་གཞུང་གི་བཀོད་ཁྱབ་དེའི་ནང་། གཉེན་སྟོན་ཚུད་པའི་སྤྱི་ཚོགས་དང་རིག་གནས། རིག་གཞུང་དང་ཆབ་སྲིད་ཀྱི་འདུ་འཛོམས་རིགས་བྱེད་ཆོག་ནའང་། ཁང་མིག་གཅིག་གི་ནང་མང་མཐར་མི་གྲངས་ ༥༠ ལས་འཛོམས་མི་ཆོག་ཅིང་། སྤྱིའི་ཤོང་ཚད་ཀྱི་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་མི་ཆོག་པ། ཕྱིའི་ཁོད་ཡངས་པའི་གནས་སུ་མི་གྲངས་ ༡༠༠ འཛོམས་ཆོག་སྐོར་དང་། འདས་མཆོད་བསྒྲུབ་པ་དང་ཕུང་བོ་ཞུགས་འབུལ་སོགས་ཀྱི་སྐབས་མི་གྲངས་ ༥༠ ལས་བརྒལ་མི་ཆོག་སྐོར་བཀོད་འདུག དེ་བཞིན་གློག་བརྙན་ཁང་དང་སྤྱི་གླིང་། ཟློས་གར་ཁང་དང་ལུས་སྦྱོང་ཁང་སོགས་སྤྱིའི་ཤོང་ཚད་ཀྱི་བརྒྱ་ཆའི་ལྔ་བཅུ་ལས་མ་བརྒལ་བའི་ཐོག་ནས་མཚན་གྱི་ཆུ་ཚོད་ ༡༠ བར་དུ་སྒོ་འབྱེད་ཆོག་སྐོར་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་གཞུང་གི་ལྷན་ཁང་ཁག་དང་ས་གནས་ལས་ཁུངས་ཁག རང་སྐྱོང་སྡེ་ཚན་ཁག་གི་ལས་མི་ཡོངས་ལས་ཞུགས་བྱེད་དགོས་ཀྱི་ཡོད་འདུག

ཡང་བཀོད་ཁྱབ་དེའི་ནང་། སྤྱིར་མངའ་སྡེའི་ནང་ཉིན་རེའི་ཏོག་དབྱིབས་གཉན་རིམས་ཀྱི་འགོས་ཚད་དང་། དེ་ལ་བརྟེན་ནས་རྐྱེན་འདས་སུ་འགྲོ་བའི་གྲངས་ཚད་དམའ་རུ་འགྲོ་བཞིན་ཡོད་ནའང་། ཚོང་ཁང་དང་ཁྲོམ་ར། མི་མང་འདུ་འཛོམས་བྱེད་སར་ངེས་པར་དུ་ཁ་རས་གྱོན་པ་དང་། ཁ་རས་ཚུལ་མིན་གྱིས་གྱོན་ཚེ་ཉེས་ཆད་གཅོད་པ། ཁ་རས་མ་གྱོན་ཚེ་ཞབས་ཕྱི་མི་བྱེད་པ། མི་ཕན་ཚུན་བར་རྒྱང་ཐག་ཧྥི་ཊི་ ༦ འཛིན་པ། མི་མང་འདུ་འཛོམས་བྱེད་སའི་ས་གནས་ཁག་ཏུ་ཁ་ལུད་དང་མཆིལ་མ་མི་གཡུགས་པ་སོགས་ཀྱི་ལམ་སྟོན་ཁག་མུ་མཐུད་ལག་བསྟར་ནན་མོ་བྱེད་དགོས་པ་དང་། མ་འོངས་པར་མངའ་སྡེ་གཞུང་གི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བཀོད་ཁྱབ་ཅིག་མ་ཡོང་བར་དུ་ཐེངས་འདིའི་བཀོད་ཁྱབ་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་སྐོར་བཀོད་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་ཧི་མ་ཅལ་མངའ་སྡེའི་ནང་ཏོག་ནད་འགོས་པའི་མི་གྲངས་ ༡༨༨ དང་རྐྱེན་འདས་སུ་ཕྱིན་པ་གྲངས་ ༤། དྲག་སྐྱེད་བྱུང་བ་གྲངས་ ༣༡༤ བྱུང་ཡོད་འདུག་ལ། ད་ལྟ་ནད་གཞི་ཅན་གྲངས་ ༢༢༧༦ ཡོད་འདུག དེ་བཞིན་རྒྱ་གར་རྒྱལ་ཡོངས་སུ་འདས་པའི་ཉིན་གཅིག་གི་རིང་མི་གྲངས་ཁྲི་ལྔ་ཙམ་ (༥༠༨༤༨) དང་རྐྱེན་འདས་སུ་ཕྱིན་པ་གྲངས་ ༡༣༥༨ བྱུང་ཡོད་འདུག འདས་པའི་ཉིན་གྲངས་ ༤ རིང་ཉིན་རེའི་ནད་པ་གསར་པའི་གྲངས་ཁྲི་ ༦ གི་མན་དང་། འདས་པའི་ཉིན་གྲངས་ ༣ རིང་ཉིན་རེའི་རྐྱེན་འདས་སུ་ཕྱིན་པའི་གྲངས་ ༡༥༠༠ མན་ལ་ཡོད་སྟབས། རྒྱ་གར་རྒྱལ་ཡོངས་སུ་སྤྱི་ཡོངས་ཀྱི་ནད་གཞིའི་འགོས་ཚད་དང་རྐྱེན་འདས་སུ་འགྲོ་ཚད་གཉིས་འདས་པའི་ཟླ་ཤས་དང་བསྡུར་ན་མར་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese