མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༤༤ ནས་རྒྱ་ནག་ལ་སྐྱོན་བརྗོད་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་བོད་དང་ཧོང་ཀོང་། ཡུ་གུར་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་དང་འབྲེལ་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་སུད་སིའི་གྲོང་ཁྱེར་ཇེ་ནི་ཝ་རུ་འཚོག་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༤༧ པའི་སྟེང་། ཁེ་ན་ཌ་དང་ཨ་རིས་གཙོས་པའི་ཚོགས་ཁོངས་རྒྱལ་ཁབ་ ༤༤ ཡིས་རྒྱ་ནག་དམར་གཞུང་གིས་ཤར་ཊུར་ཀི་སི་ཐན་དང་། བོད། ཧོང་ཀོང་བཅས་ནང་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་པར་བློ་འཚབ་དང་ངོ་རྒོལ་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཡོད་པ་རེད།

ཁེ་ན་ཌའི་རྒྱལ་ཚོགས་ཀྱི་སྐུ་ཚབ་སྐུ་ལྕམ་ལེ་སི་ལི་ཨི་ནོར་ཊོན་ (Leslie E. Norton) གྱིས་ཚོགས་ཐོག་ཏུ་མཉམ་འབྲེལ་གྱི་བསྒྲགས་གཏམ་དེ་སྒྲོག་སྦྱང་གནང་བའི་ནང་། ང་ཚོས་ད་ལྟའི་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། ད་བར་ཤིན་ཅང་ནང་མི་གྲངས་ས་ཡ་ ༡ ལྷག་བཀག་ཉར་བྱས་ཡོད་པ་མ་ཟད། ཁུལ་དེའི་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་སྟེང་དོགས་ཟོན་མྱུལ་ཞིབ་དང་། ཁོང་ཚོའི་གཞི་རྩའི་རང་དབང་དང་རིག་གཞུང་བཅས་པར་དམ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཁུངས་འཕེར་ཐོན་གྱིན་འདུག མགོ་ཁྲིད་ཚོས་མི་ཆོས་ལས་འདས་པའི་མནར་གཅོད་དང་ཉེས་ཆད་གཅོད་ཀྱི་ཡོད་པ་མ་ཟད། སྦྲུམ་མ་རྣམས་ཀྱི་སྐྱེ་སྒོ་བཙན་གྱིས་འགོག་པ་དང་། རྩུབ་སྤྱོད་སྤེལ་བ། བཙན་གྱིས་ཕ་མ་བུ་ཕྲུག་ཁ་བྲལ་དུ་གཏོང་གི་ཡོད་པའི་གནས་ཚུལ་ཡང་ཐོན་གྱི་ཡོད། ཅེས་བརྗོད་འདུག

བསྒྲགས་གཏམ་གྱི་མཐའ་མཇུག་དེར། རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱས་རྐྱེན་ཧོང་ཀོང་ནང་གི་གཞི་རྩའི་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ང་ཚོས་སྔར་བཞིན་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་རང་གི་ཕྲག་ཐོག་ཏུ་བབས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཁས་ལེན་རྣམས་ལག་ལེན་དུ་བསྟར་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ད་རེས་དམིགས་བསལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ ༤༤ ངོས་ནས་རྒྱ་ནག་གཞུང་གིས་འཕྲལ་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རང་དབང་ཅན་གྱི་དབྱེ་ཞིབ་པ་རྣམས་ཤིན་ཅང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་ཁུལ་དེར་བསྐྱོད་ཆོག་པའི་དགོས་འདུན་བཏོན་འདུག

ཐེངས་འདིའི་མཉམ་འབྲེལ་བསྒྲགས་གཏམ་དེ་ནི་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཨོ་གླིང་དང་། བྷེལ་ཇམ། ཌེན་མག ཧྥ་རན་སི། འཇར་མ་ནི། ཨི་ཛི་རལ། ཉི་ཧོང་། ཨི་ཊ་ལི། ནེའུ་ཛི་ལན་ཌི། སེ་ཝེ་ཌན། སུད་སི། དབྱིན་ཡུལ། པོ་ལན་ཌི། ནོར་ཝེ། ཡུ་ཀེ་རན་ (Ukraine) སོ་ལོ་ཝ་ཀི་ཡ་(Solovakia) སོགས་ཀྱིས་མཚན་པའི་ཤར་ནུབ་ཀྱི་རྒྱལ་ཁབ་ ༤༤ ཡིས་སྤེལ་བ་ཞིག་ཡིན་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་ངོས་ནས་དེར་ལན་འདེབས་ལྟ་བུ་གང་ཡང་བྱས་མི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese