མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲི་རུ་ནས་བོད་མི་ཁག་ཅིག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་འབྲི་རུ་རྫོང་ཙཱ་ལ་ཡུལ་ཚོ་མེ་རི་གྲོང་ཚོའི་བོད་མི་བརྒྱ་བྱིན་ལགས་དང་བོད་མི་གཞན་ཁག་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནག་ཆུ་ས་ཁུལ་གྱི་འབྲི་རུའི་ཕྱོགས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར།  འདི་ལོའི་ཕྱི་ཟླ་ ༤ བའི་ནང་རྒྱ་གཞུང་ཉེན་རྟོག་པས། འབྲི་རུ་རྫོང་ཁོངས་ནས་བོད་མི་བརྒྱ་བྱིན་ལགས་གཙོས་པའི་བོད་མི་གཞན་ཁག་ཅིག་བཅས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་བོད་མི་དེ་དག་གི་གནས་སྟངས་དང་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

འདི་གའི་གསར་འགོད་པར་བོད་མི་ཡར་དར་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་གཞུང་ཉེན་རྟོག་པས་ཁམས་འབྲི་རུ་རྫོང་ཙཱ་ལ་ཡུ་ཚོ་མེ་རི་གྲོང་ཚོ་ནས་ཡིན་པའི་བོད་མི་བརྒྱ་བྱིན་ལགས་དང་ལྷན་དུ་བོད་མི་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་ཀྱང་། འདས་པའི་ལོ་མང་རིང་རྒྱ་ནག་གིས་འབྲི་རུའི་ཕྱོགས་སུ་དམིགས་བསལ་དམ་དྲག་བྱས་རྐྱེན་དང་ད་ལྟའི་ཆར་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་གྱི་ཡོད་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་སོགས་སྤེལ་གྱི་ཡོད་པའི་གནས་སྟངས་འོག བརྒྱ་བྱིན་ལགས་དང་ལྷན་དུ་འཛིན་བཟུང་བཙན་འཁྲིད་བྱས་པའི་བོད་མི་དེ་དག་སུ་ཡིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གསར་འགོད་པས་ཁོང་ཚོ་འཛིན་བཟུང་བྱེད་དོན་གང་ཡིན་དྲིས་པར་ཡར་དར་ལགས་ཀྱིས། བོད་མི་བརྒྱ་བྱིན་ལགས་ནས་ཕྱི་ཕྱོགས་སུ་ཡོད་པའི་རང་ཉིད་ཀྱི་གཉེན་ཉེ་དང་འབྲེལ་འདྲིས་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་འཛིན་བཟུང་བྱས་པ་རེད། ཅེས་བརྗོད་བྱུང་བ་དང་། ད་ལྟའི་ཆར་བོད་མི་བརྒྱ་བྱིན་ལགས་ནི་རང་ལོ་ ༤༤ ཡིན་ཞིང་། དུས་རྒྱུན་དུ་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་དུང་བ་ཟབ་ཅིང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་ལ་བརྩོན་མཁན་ཞིག་ཡིན་འདུག་ལ། ཁོང་ད་ལྟ་ཕྲུ་གུ་གསུམ་གྱི་ཨ་ཕ་ཡིན་པ་རེད།

ཡང་ཉེ་སྔོན་འདི་གའི་གསར་འགོད་པས། བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུའི་ཁོངས་གཏོགས་སོག་རྫོང་ཕྱོགས་ཀྱི་བོད་མི་ཞིག་དང་ལྷན་དུ་ཁ་བརྡ་བྱེད་སྐབས། ཁོང་ནས་རང་ཉིད་ཀྱི་ནང་མི་དང་ལྷན་དུ་ཁ་བརྡ་བྱེད་མ་ཐུབ་པར་ལོ་མང་ཕྱིན་ཡོད་པ་མ་ཟད། རྒྱ་ནག་གིས་ཁོང་གི་ནང་མིར་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་ཁྱིམ་མི་གཅིག་བཙོན་འཇུག་བྱས་པ་དང་། ཁྱིམ་མི་གཅིག་ལས་གནས་ནས་ཕུད་ཡོད་འདུག་ལ། ད་ལྟའང་རྒྱ་ནག་གིས་ཁོང་གི་ནང་མིར་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese