མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་འཛིན་བཟུང་བྱས་ཏེ་ལོ་གཉིས་ལྷག་འགྲོ་བཞིན་འདུག  

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp
ས་བྱི་ཞི་རྒོལ་སྐོར་གྱི་དཔེ་དེབ་གལ་ཆེན་ཚེ་སྲོག་གིས་སྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་རྩོམ་པ་པ་བློ་བཟང་ལྷུན་གྲུབ་བམ་སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས་འཛིན་བཟུང་བྱས་ཏེ་ལོ་གཉིས་དང་ཟླ་ཕྱེད་མ་ཟིན་ཙམ་འགྲོ་བཞིན་ཡོད་ཀྱང་ད་དུང་ཁྲིམས་ཀྱི་འགྲོ་རིམ་དང་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་འོག་བཞག་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༧ ཉིན། བོད་ནང་གི་འབྲེལ་བོད་ཅིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ཚེས་ ༡༧ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱེད་དོན་གཙོ་བོ་ནི་ཁོང་གིས་སྒེར་གྱི་སློབ་ཁྲིད་བྱེད་ས་ཞིག་གཉེར་ཏེ་། བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་སོགས་སློབ་ཁྲིད་བྱས་ཡོད་སྟབས། མི་ཞིག་གིས་ལྐོག་ནས་སྲིད་གཞུང་ལ་ཁོང་གཡོ་ཚོང་བྱས་ཡོད་གོ་རྒྱུ་ཡོད་པ་ཙམ་ལས། གཞན་ཁོང་ལ་ནག་ཉེས་སོགས་གང་ཡང་མེད་ན་ཡང་། ད་བར་བཀག་སྐྱིལ་འོག་བཞག་སྟེ་ནང་མི་སྤུན་མཆེད་སོགས་སུ་ལ་ཡང་ཐུག་འཕྲད་བྱེད་བཅུག་མེད་འདུག
དེ་རིང་དྷཱི་ལྷ་ལྡན་ལགས་ཀྱི་འབྲེལ་ཡོད་ཅིག་ལ་ཁོང་གི་གནས་སྟངས་ག་འདྲ་ཡིན་དྲིས་དུས། དྷཱི་ལྷ་ལྡན་ལགས་ཀྱི་པར་དང་གནས་ཚུལ་གང་ཡང་ཡར་མར་གཏོང་མི་ཆོག་པའི་བཀའ་བཏང་ཡོད་པ་མ་ཟད། ཁོང་དང་འབྲེལ་བ་ཉེ་བོ་ཡོད་པའི་མི་ཚོར་འབྲེལ་བ་མཐུད་ཁག་པོ་ཆགས་ཡོད་སྐོར་དང་། དྷཱི་ལྷ་ལྡན་ལགས་ཀྱི་རྩོམ་ཡིག་དང་སྒེར་དེབ་སོགས་དྲ་ལམ་ཁག་ནས་ནག་གསུབ་བཏང་བ་དང་། དཔེ་ཚོང་ཁང་ཁག་ནས་བཀག་སྡོམ་བྱས་ཏེ་ལྟ་ཀློག་བརྒྱུད་བསྐུར་རིགས་བྱེད་པར་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་འདི་གའི་གསར་འགོད་པར་སྔར་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་ཁོང་གི་ནང་མི་ཚོར་ཐག་གཅོད་ཅིག་བྱ་རྒྱུའི་བརྡ་ལན་འབྱོར་བ་ལྟར། སྐབས་དེར་ནང་མི་ཚོས་ལྷ་བསང་གཏོང་བ་དང་བཅའ་བ་སྐུ་རིམ་མང་པོ་ཞིག་བྱས་ཏེ་སོང་ན་ཡང་། སྐབས་དེར་ཐག་གཅོད་རྒྱུ་ཕར་ཞོག་ནང་མི་ཚོར་ཐུག་འཕྲད་ཙམ་ཡང་བྱེད་བཅུག་མེད་པ་དང་། སྤྱིར་ན་ཁོང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་དེ་སྔ་ནས་ཕྱི་ཕྱོགས་སུ་ཡོད་པའི་ཁོང་གི་སྤུན་མཆེད་ཀྱིས་གོ་ཐོས་བྱུང་ཡོད་ཀྱང་། ད་བར་ཀློད་གྲོལ་ཞིག་ཡོང་བར་རེ་ནས་མི་བཤད་ཐབས་བྱས་པ་ཡིན་མོད། ད་ལྟ་ཀློད་གྲོལ་ཡོང་རྒྱུའི་རེ་བ་དང་ཐག་གཅོད་ཅིག་ཡོང་ཐབས་སོགས་དཀའ་ཁག་ཆེན་པོ་འཕྲད་ཡོད་སྟབས། ཁོང་གི་ནང་མི་དང་གྲོགས་པོ་སློབ་ཕྲུག་སོགས་བློ་འཚབ་ངང་སྒུག་ནས་བསྡད་ཡོད་སྐོར་བརྗོད་བྱུང་།
རྩོམ་པ་པོ་ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་འབྲེལ་ཡོད་བརྒྱུད་བོད་ཀྱི་དུས་བབ་ཐོག་སྤེལ་བའི་རྩོམ་ཡིག་ཅིག་གི་ནང་། སྤྱིར་བདག་གིས་བཤད་པའི་སྐད་ཆ་དང་བྲིས་པའི་དཔེ་དེབ་ཡོད་དགུ་གཞུང་དམངས་གཉིས་ཀ་ཞི་འགྲིག་མཉམ་གནས་དང་། འདྲ་མཉམ་གཉིས་སྨན། རང་བདེ་གཞན་སྐྱིད་ཅིག་ཡོང་ཕྱིར་ལས་གཞན་གང་ཡང་མིན་མོད། སྒེར་གཅོད་པ་ཞིག་ལ་མཚོན་ན་དེ་དག་ནི་ཁོངས་ནས་འཁྲུག་བྱེད་ཀྱི་ཉེ་རྒྱུ་ཞིག་ཏུ་གྱུར་ཡོད་པ་རེད། དེ་བས་དུས་ཚོད་དང་ཁོར་ཡུག་གི་གནས་སྟངས་ལ་གཞིགས་ན་ཁོ་བོའི་སྐད་ཆ་དང་བྲིས་རྩོམ་དག་གི་ཉེ་རྒྱུ་ལས་ཁྲིམས་ལ་ལན་གཅིག་འགྲོ་དགོས་པ་གཏན་འཁེལ་ཡིན་པ་འདྲ། འོན་ཏེ་བདག་གབ་སྦས་བྱོལ་གསུམ་གང་ཡང་མེད་པར་འཐད་པ་དང་བཅས་འབོད་པ་དང་ལེན་བྱེད་པའི་གྲ་སྒྲིག་ཡོད་དེ། གབ་སྦས་བྱོལ་གསུམ་བགྱི་བ་དེ་ནི་རང་འགན་རང་འཁུར་མ་བྱས་པའི་བྱས་ཉེས་ཤིག་རེད། བྱ་བ་གང་ཞིག་བསྒྲུབས་ཀྱང་རང་འགན་རང་འཁུར་དང་། ཕྱི་གསལ་ནང་གསལ། བདེན་པ་བདེན་དྲང་ཞིག་ཨེ་འཁྱོང་ལྟ་རྒྱུ་ནི་བདག་གི་མི་ཚེ་འདིའི་དམ་བཅའ་དང་པོ་དེ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ནི་སྤྱི་ལོ་ ༡༩༨༠ ལོར་བོད་མགོ་ལོག་པདྨ་རྫོང་དུ་སྐྱེས་ཤིང་། ལོ་ན་བཅུ་གཅིག་སྟེང་ནས་ཆོས་སྒོར་ཞུགས་ཏེ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་ཡོད་པ་མ་ཟད། ཕྱིས་སུ་བོད་དབུས་ཀྱི་གདན་ས་འབྲས་སྤུངས་དང་སེ་ར་གཉིས་སུ་ནང་ཆོས་ཀྱི་གཞུང་ཆེན་མོར་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོ་ནས་བོད་ཀྱི་ས་ཁུལ་མང་པོར་འགྲུལ་བཞུད་ཀྱིས་བོད་ནང་གི་དོན་དངོས་གནས་ཚུལ་མཚོན་པའི་རྩོམ་ཡིག་མང་པོ་བྲིས་ཡོད་པ་མ་ཟད། སྔ་ཕྱིར་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་དཔེ་དེབ་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་དང་། བསྟུན་རྒོལ་ཁྲིམས་གཏུགས། དོགས་པའི་ཚོམ་བཅས་བྲིས་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

སྐར་མ ༣༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

སྐར་མ ༤༠ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese