མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མཐོ་སྒང་དུ་མཁའ་སྐྱོད་རྟོག་ཞིབ་འཕྲུལ་ཆས་ཤིག་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་འཁྱག་རོམ་དང་ས་བབ་གནས་སྟངས་སོགས་ལ་རྟོག་ཞིབ་བྱེད་པའི་ཆེད་དུ་ཡིན་སྐོར་བརྗོད་དེ་བོད་འདམ་གཞུང་རྫོང་ཁོངས་སུ་མཁའ་སྤྱོད་འཕྲུལ་ཆས་ཤིག་ཆེད་གཏོང་བྱས་ཡོད་པ་དང་མ་འོངས་པར་རྟོག་ཞིབ་འཕྲུལ་ཆས་དེ་ཇེ་མང་དུ་གཏང་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ཞིག་ནང་། ཉེ་སྔོན་རྒྱ་ནག་གཞུང་གིས་མིང་ལ་འཛེག་མཁན་ (攀登者) ཞེས་པའི་རྟོག་ཞིབ་འཕྲུལ་འཁོར་ཞིག་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༥༠༠ ལྷག་ཡོད་པའི་བོད་འདམ་གཞུང་རྫོང་ཁུལ་དུ་བཏང་ཡོད་པ་དང་། ཉིན་ལྔའི་རིང་འཕྲུལ་འཁོར་དེས་མཐོ་སྒང་གི་འཁྱག་རོམ་ལ་རྟོག་ཞིབ་བྱས་ནས་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་པ་དང་། སྐབས་དེར་འཕྲུལ་འཁོར་དེ་གཡང་གཟར་དང་ཁ་བ་སྟུག་པོ། བྲག་རྡོ་སོགས་ཀྱི་ནང་ཕྱིན་ཡོད་པ་མ་ཟད། དེ་ནི་ནམ་ཟླ་ཧ་ཅང་གྲང་མོའི་ནང་གནས་པ་དང་། འཁྱག་རོམ་གྱི་གས་ཁ་ཆེན་པོ་དག་ལའང་གཡོལ་ཐུབ་པའི་ནུས་པ་ཡོད་ལ། དེ་ནི་བོད་མཐོ་སྒང་དུ་དངོས་སུ་ཚན་རིག་པ་འགྲོ་མི་དགོས་པར་འཕྲུལ་འཁོར་ལ་བརྟེན་ནས་རྟོག་ཞིབ་བྱས་པ་ཐེངས་དང་པོ་ཡིན་སྐོར་བསྒྲགས་འདུག

ཉེ་ལམ་རྒྱ་ནག་ཚན་རིག་ལྟེ་གནས་ཁང་ (Chinese Academy of Sciences) གིས། མ་འོངས་པར་བོད་མཐོ་སྒང་གི་འཁྱག་རོམ་ལ་རྟོག་ཞིབ་ཆེད་འཕྲུལ་འཁོར་དང་མཁའ་སྐྱོད་པར་ཆས་ (drone) བེད་སྤྱོད་བྱས་ཏེ་ཚན་རིག་པ་དངོས་སུ་ཡུལ་དངོས་ལ་འགྲོ་བའི་ཚབ་བྱེད་ཐུབ་ཀྱི་ཡོད་སྐོར་དང་། དེ་ནི་ལས་དོན་གལ་ཆེན་ཞིག་ཡིན་པ། དེ་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་དང་འཁྱག་རོམ་བཞུས་པ་ལས་བྱུང་བའི་རང་བྱུང་གི་གོད་ཆག་གི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་པ་མ་ཟད། དེ་དག་ལ་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་ལ་མིང་མ་བརྗོད་པའི་རྒྱ་ནག་གི་ཉམས་ཞིབ་པ་ཞིག་གིས། རྒྱ་ནག་གཞུང་གི་རྟོག་ཞིབ་འཕྲུལ་འཁོར་དེ་སྤྱད་ནས་འཁྱག་རོམ་ལ་རྟོག་ཞིབ་བྱེད་པའི་ལས་དོན་དེ་ས་བབ་མཐོ་ཞིང་ཁ་བ་ཡང་ཡང་འབབ་པ་དང་། ཚན་རིག་པ་ཚོ་བགྲོད་དཀའ་བའི་ས་གནས་ཁག་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་དང་། བོད་མཐོ་སྒང་ལ་བེད་སྤྱོད་བྱས་པའི་རྟོག་ཞིབ་འཕྲུལ་འཁོར་དེ་ནི་རྒྱ་ནག་གཞུང་གིས་ཟླ་བ་དང་གཟའ་ཆེན་མིག་དམར་གཉིས་ཀྱི་ཐོག་རྟོག་ཞིབ་ཆེད་སྤྱད་པའི་འཕྲུལ་འཁོར་ (Jade Rabbit) དང་ (Zhurong) གཉིས་ཀྱི་བྱེད་ལས་དང་མཚུངས་བ་དང་། ཚན་རིག་པས་ས་བབ་དམའ་ས་ནས་འཕྲུལ་འཁོར་ལ་སྟངས་འཛིན་བྱས་ཏེ་ས་བབ་མཐོ་སའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་མཐོ་སྒང་ལ་སྤྱད་པའི་རྟོག་ཞིབ་འཕྲུལ་འཁོར་དེ་ནི་ཕྱི་ལོ་ ༢༠༡༨ ཙམ་ལ་རྒྱ་ནག་དབུས་གཞུང་གིས་ཨ་སྒོར་ས་ཡ་ ༢ ཙམ་བཏང་སྟེ། རྒྱ་ནག་གི་ཧེ་ལོང་ཅང་ (Heilongjiang) ཞིང་ཆེན་གྱི་ཧྲིན་ཡན་འཕྲུལ་འཁོར་ལྟེ་གནས་ཁང་ (Shenyang Institute of Automation) གིས་ས་བབ་མཐོ་བའི་བོད་དུ་སྤྱོད་ཆེད་བཟོས་པ་ཞིག་ཡིན་འདུག་པ་དང་། རྟོག་ཞིབ་འཕྲུལ་འཁོར་དེ་ས་ཆའི་གནས་བབ་དང་བསྟུན་ནས་འཁོར་སྐྱོད་ཐུབ་ཐབས་སུ་དེའི་འཁོར་ལོ་རང་བཞིན་གྱིས་འགྱུར་འགྲོ་ཐུབ་པ་ཞིག་བཟོས་ཡོད་འདུག བོད་ཁུལ་གྱི་འཁྱག་རོམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད་རྒྱ་ནག་གཞུང་གིས་མ་འོངས་པར་འཕྲུལ་འཁོར་དེའི་རིགས་མང་དུ་གཏང་རྒྱུ་ཡིན་འདུག་ལ། འཕྲུལ་འཁོར་ལྟེ་གནས་ཁང་དེས་ཚན་རིག་པ་ཚོར་སྟབས་བདེ་ཡོང་སླད་མཐོ་ཚད་ལ་སྨི་ ༦༠༠༠ ཡན་ལ་འཕུར་སྐྱོད་ཐུབ་ཅིང་། རླུང་བུ་ཆེན་པོའི་ནང་དུའང་བཀོལ་སྤྱོད་ཐུབ་པའི་མཁའ་སྤྱོད་པར་ཆས་ཤིག་བཟོས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

མཆན། 1

  1. Tenpa Nyima says:
    ལོ་ 2 སྔོན།

    འདམ་གཞུང་། ཟེར་བ་དེ་ནག་ཆུ་ས་ཁུལ་དུ་རེད་དམ་གཞིས་ཁ་རྩེའི་ས་ཁུལ་དུ་རེད། ནག་ཆུ་ས་ཁུལ་དུ་ཡིན་ཚེ་གཞིས་ཁ་རྩེའི་འདམ་གཞུང་ཟེར་དོན་གང་ཡིན་ནམ། རྩོམ་སྒྲིག་པ་ཚོར་དྲི་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist