མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ཨོ་རྩལ་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ལ་ཨང་དང་པོ་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་ཁྲུང་ཆིང་གྲོང་ཁྱེར་དུ་བསྡུས་པའི་ ༢༠༢༡ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་གྱི་སྟེང་བོད་རིགས་ཨོ་རྩལ་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ཀྱིས་རྒྱང་ཐག་སྨི་ ༥༠༠༠ ཡི་སྐྱེས་པའི་རྒྱང་རྒྱུག་ནང་སྐར་མ་ ༡༤ དང་སྐར་ཆ་ ༠༣ ལྷག་གི་ཐོག་ནས་ཨང་དང་པོའི་རྒྱལ་ཁ་བླངས་ཡོད་འདུག

Tibetan Olympic Athlete Topgyal. Image@xinhua

ཁ་སང་རྒྱ་ནག་གི་གཞུང་འབྲེལ་མི་དམངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༧ ཡིན་པའི་བོད་མི་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ཀྱིས་འདས་པའི་ལོ་འགའ་ཤས་ནང་རྒྱ་ནག་རྒྱལ་ཡོངས་དང་། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སོགས་པའི་མིང་གྲགས་ཆེ་བའི་འགྲན་བསྡུར་ནང་ཞུགས་ཏེ་གསེར་ཟང་རྟགས་མ་མི་ཉུང་བ་ཞིག་ཐོབ་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༡༦ ལོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷར་རྫིལ་དུ་ཚོགས་པའི་ཨོ་ལིམ་པིག་རྩེད་འགྲན་ནང་སྟོབས་རྒྱལ་ལགས་རྒྱ་ནག་གི་རྩེད་འགྲན་པའི་མིང་ཐོག་ནས་སྨི་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་ནང་ཞུགས་ཏེ་ཨང་ ༩༡ པ་དེ་ཆགས་ཡོད་པ་རེད།

བོད་རིགས་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ནི། ༡༩༩༤ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ལྷ་ས་སྟག་རྩེ་རྫོང་དར་རྒྱས་ཤིང་དུ་སྐྱེས་ཤིང་། ༢༠༠༩ ལོ་ནས་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་རྒྱུག་ཤར་སྦྱོང་བརྡར་ནང་ཞུགས་ཏེ་ ༢༠༡༡ ལོར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱུག་ཤར་འགྲན་བསྡུར་ཁྲོད་གྲུབ་འབྲས་ཆེན་པོ་བླངས། ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་ཚོགས་པའི་ཨོ་རྩལ་འགྲན་ཚོགས་དང་།  ཕྱི་ལོ་ ༢༠༡༦ ལོར་ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་མཉམ་ཞུགས་གནང་ཡོད་པ་སོགས་ད་བར་དུ་རྒྱ་ནག་ནང་ལོགས་དང་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་ཁྲོད་གསེར་དངུལ་གྱི་རྟགས་མ་ ༢༠ ལྷག་ཐོབ་ཡོད་འདུག

Tibetan Athletes (Public domain)

འདས་པའི་ལོ་ཤས་ནང་བོད་རིགས་ལུས་རྩལ་པ་ཁག་ཅིག་རྩེད་འགྲན་སྣ་མང་ནང་ཞུགས་ཏེ་སྙན་གྲགས་རྒྱས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོའི་ལོན་ཊོན་ཨོ་རྩལ་འགྲན་ཚོགས་ཐོག་བོད་མཚོ་སྔོན་ནས་ཡིན་པའི་འདུར་རྒྱུག་པ་ཆོས་དབྱངས་སྐྱིད་ལགས་དང་ལྷ་ས་སྟག་རྩེ་རྫོང་ནས་ཡིན་པའི་སྟོབས་རྒྱལ་ལགས་གཉིས་མཉམ་ཞུགས་གནང་སྟེ། ཆོས་དབྱིངས་སྐྱིད་ལགས་སུ་དངུལ་གྱི་རྟགས་མ་ཐོབ་ཡོད་པ་དང་། དེ་བཞིན་བོད་རིགས་བཀྲ་ཤིས་དབྱངས་འབུམ་ལགས་དང་། ཀླུ་མོ་མཚོ། ཆོས་སྐྱིད་སྒྲོལ་མ། ཉིག་སྒྲོལ་མ་དབྱངས་སྐྱིད། ཤེས་རབ་མཚོ་སོགས་རྒྱ་ནག་རྒྱལ་ཡོངས་དང་རྒྱལ་སྤྱིའི་རང་བཞིན་གྱི་རྩེད་འགྲན་མང་པོའི་ནང་མཉམ་ཞུགས་བྱས་ཏེ་གཟེངས་རྟགས་ཐོབ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༧ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༨ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese