མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙན་བྱོལ་ནས་བོད་ནང་འབྲེལ་བ་གནང་རྒྱུར་དམ་དྲག་སྔར་ལྷག་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཏང་གི་ལོ་བརྒྱ་ཟེར་བའི་དྲིལ་བསྒྲགས་ཀྱི་ལས་རིགས་སྣ་མང་འོག་བོད་ཀྱི་ས་ཁུལ་མང་པོར་དམ་དྲག་དང་བོད་མིའི་ཁྱིམ་ཚང་ནས་ཁྱིམ་ཚང་བརྒྱུད་ཏང་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་རྒྱ་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ འཁོར་ཟེར་བའི་དུས་དྲན་གྱི་ལས་འགུལ་རིམ་པ་སྤེལ་བཞིན་པའི་སྐབས་འདིར། ད་ལྟའི་ཆར་བཙན་བྱོལ་བོད་མི་ཚོས་བོད་ནང་གི་རང་ཉིད་ཀྱི་ཕ་མ་གཉེན་ཉེ་སོགས་ལ་འབྲེལ་བ་གནང་རྒྱུར་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པ་དང་། གལ་སྲིད་འབྲེལ་མཐུད་བྱས་ཚེ། དེ་མ་ཐག་རྒྱའི་ལས་བྱེད་པས་འཕྲིན་ཡིག་བསྐུར་བ་དང་ཐ་ན་ཁ་པར་སོགས་ཡོང་ནས་མི་སྒེར་ལ་འདྲི་རྩད་གཅོད་པ་དང་། ལག་གི་ཁ་པར་བཙན་འཕྲོག་གིས་ཞིབ་བཤེར་སོགས་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། དེང་སང་བོད་ནང་འབྲེལ་བ་བྱེད་པར་རྒྱ་ནག་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་འདུག བོད་མི་མི་རེ་སྒེར་རེའི་སྐད་འཕྲིན་གཙོས་པའི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་ཁ་པར་སོགས་ལ་གསང་ཉན་བྱེད་ཀྱི་ཡོད་པ་གསལ་བོ་རེད། བོད་ནང་འབྲེལ་བ་བྱེད་སྐབས་ཆབ་སྲིད་ལོས་ཡིན། དེང་སང་སྒོར་མོ་དང་སྨན། ཏོག་དབྱིབས་གཉན་རིམས་སོགས་ཀྱི་སྐོར་ནས་ཁ་བརྡ་བྱེད་མི་ཆོག་པ་དང་ཡང་སྐད་ཆ་བཤད་ནས་དུས་ཡུན་སྐར་མ་གང་འཚམ་ཕྱིན་ཚེ། འབྲེལ་ཡོད་རྒྱ་ནག་ལས་ཁུངས་ཀྱིས་འཕྲིན་ཡིག་བསྐུར་བ་དང་ལས་བྱེད་པས་ཁ་པར་ཡོང་ནས་ཉེན་བརྡ་གཏོང་གི་འདུག ཅེས་བརྗོད་བྱུང་།

ཡང་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ང་དང་ངའི་གྲོགས་པོ་ངེད་གཉིས་བོད་ཕྱི་ནང་གཉིས་ཀྱི་མི་སྣ་མང་པོ་འཛོམས་སའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་ཞུགས་ཏེ། ཉིན་གྲངས་གཉིས་ལས་མ་འགོར་བར་གཞུང་གི་ལས་བྱེད་པས་གཞུང་ལས་ཁང་དུ་འཁྲིད་སོང་ནས་དྲི་བ་དྲིས་པ་མ་ཟད། ཁ་པར་ལག་ནས་བཙན་གྱིས་འཕྲོག་སོང་། རྗེས་མ་ནས་སྐད་འཕྲིན་ཚོགས་པ་ཁག་དང་ཕྱི་ཕྱོགས་ཀྱི་མིར་འབྲེལ་བ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་སོང་། ཞེས་བརྗོད་བྱུང་ལ། གནས་ཚུལ་མཁོ་སྤྲོད་པའི་བདེ་འཇགས་སྲུང་སྐྱོབ་སླད་ཁོང་གི་མཚན་དང་སྐད་འཕྲིན་ཚོགས་པ་གཉིས་ཀྱི་མིང་གསལ་འདོན་བྱས་མེད།

གནས་ཚུལ་མཁོ་སྤྲོད་པ་ལྟར་ན། དེང་སང་རྒྱ་ནག་གིས་བོད་མཚོ་སྔོན་ཕྱོགས་ཀྱི་མགོ་ལོག་དང་ཡུལ་ཤུལ། དེ་བཞིན་ཀན་ལྷོ་སོགས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། དམིགས་བསལ་ཏང་དབུ་བརྙེས་ཏེ་ལོ་བརྒྱ་འཁོར་གྱི་ཡོད་པའི་ལས་རིགས་མང་པོ་སྤེལ་བཞིན་ཡོད་སྟབས། བདུན་ཕྲག་གཅིག་ཙམ་གྱི་མཚམས་ནས་རྒྱ་ནག་གི་ལས་བྱེད་པ་ཁྱིམ་ཚང་དང་ཁྱིམ་ཚང་བྱས་ནས་༧གོང་ས་མཆོག་གི་སྐུ་པར་གཙོས་པའི་ཆབ་སྲིད་དང་འབྲེལ་བའི་པར་རིས་དང་ལས་རིགས་སྤེལ་གྱི་ཡོད་མེད་ཞིབ་བཤེར་གཏོང་བ་དང་། ཏང་གི་ལོ་བརྒྱ་ཟེར་བ་དྲིལ་བསྒྲགས་མཚོན་པའི་པར་རིས་སྦྱོར་སླད་ཡོང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist