མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕོ་བྲང་པོ་ཏཱ་ལ་སོགས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལྟེ་བར་བསྒྱུར་བར་བོད་མིས་བློ་ཕམ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཁུལ་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ ལོན་པར་རྟེན་འབྲེལ་གྱི་བྱ་འགུལ་རིགས་སྤེལ་དུ་འཇུག་བཞིན་པ་དེས་བོད་མིའི་སེམས་ལ་རྨ་ཁ་བཟོ་ཡི་ཡོད་འདུག

The world Heritage Potala Palace in Lhasa, Capital of Tibet. 29th June 2021

སང་ཉིན་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ ལོན་གྱི་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཉིན་མོ་དེ་དང་འབྲེལ་བའི་བྱ་འགུལ་རིགས་སྣ་ཚོགས་སྤེལ་དུ་འཇུག་བཞིན་འདུག མདང་དགོང་སྤྱི་ཚོགས་དྲ་ལམ་དུ་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་གི་བརྙན་ཐུང་ཞིག་འགྲེམས་སྤེལ་གནང་བའི་ནང་།  ཕོ་བྲང་པོ་ཏཱའི་རྩིག་ངོས་སུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་ལོན་པར་སྤྲོ་སེམས་འཁོར་བའི་ངང་ནས་རྟེན་འབྲེལ་ཞུ་ཞེས་པ་དང་། གཡས་གཡོན་དུ་སྐར་མ་སེར་པོ་མང་པོ་འཆར་བའི་བརྙན་རིས་ཆེན་པོ་ཞིག་མཐོང་གི་འདུག་ལ། བོད་མི་ཞིག་གིས་ཕོ་བྲང་པོ་ཏཱ་ལའི་ངོས་སུ་དེ་འདྲ་བཟོས་ནས་ཧམ་པ་ལ། དེ་ཚོས་བསམ་བློ་ག་འདྲ་བཏང་བ་ཡིན་ན། རྒྱ་རིགས་ཀྱིས་ཁེངས་ཏེ་རྦད་དེ་རྒྱ་ནག་ནང་བསླེབས་པ་དང་གཅིག་པ་རེད་འདུག་ཅེས་བློ་ཕམ་ཆེན་པོས་བརྗོད་འདུག་ལ། ཡང་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་གི་བརྙན་ཐུང་གཞན་ཞིག་གི་ནང་དུ། བོད་མི་ཞིག་གིས་ཞབས་སྐོར་ལ་ང་ཚོ་རྐང་གཅིག་འགྲོ་ཆོག་གི་མི་འདུག་ཅེས་ངུ་བཞིན་འདུག་ལ། པར་ཁག་ཅིག་དང་བརྙན་ཐུང་དེ་གཉིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤུགས་ཆེན་པོ་སྤེལ་གྱི་འདུག་ལ། མི་མང་པོས་བློ་འཚབ་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་གང་སར་དམར་ཤོག་ཚོགས་པའི་བཀའ་དྲིན་མཚོན་པའི་བྱ་འགུལ་རིགས་སྤེལ་དགོས་པའི་བཀའ་བཀོད་བཏང་ཡོད་པ་ལྟར། ཉེ་སྔོན་ནས་བཟུང་བོད་ཡུལ་དུ་དམར་ཤོག་ཚོགས་པར་བསྟོད་གླུ་ལེན་ཞིང་། དགའ་སྤྲོའི་རྣམ་པ་སྟོན་པའི་འདུ་འཛོམས་རིགས་མང་པོ་བྱེད་ཀྱི་འདུག དེ་རིང་འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གི་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ལོ་བོད་ས་ཡོངས་ལ་རྒྱ་ནག་གུང་ཁྲན་ཏང་བཙུགས་ནས་མི་ལོ་བརྒྱ་འཁོར་བའི་མཛད་སྒོར་ཡུལ་ལུང་སོ་སོའི་སློབ་གྲྭ་དང་། སྤྲོ་ཚོགས་ཁང་ཁག་ཏུ་མི་མང་མཉམ་འཛོམས་བྱས་ཏེ་ཡུལ་ལུང་སོ་སོའི་དམངས་ཁྲོད་ཀྱི་རིག་གནས་ལ་གཞིགས་སྟེ། གུང་ཁྲན་ཏང་ལ་བསྟོད་ཅིང་རྟེན་འབྲེལ་མཚོན་བྱེད་ཀྱི་གླུ་ལེན་གར་རྩེད་དང་། ཤིས་ཚིག་གྱེར་འདོན་སོགས་ཀྱི་བྱ་འགུལ་རིགས་སྤེལ་དགོས་པའི་བཀའ་བཏང་ཡོད་སྐོར་དང་། བོད་ནང་གི་ལས་བྱེད་མང་པོ་ཞིག་གིས་རྒྱ་ནག་བརྒྱ་སྟོན་ལ་རྟེན་འབྲེལ་ཞུ་བའི་ཡི་གེ་དང་པར་རིས་མང་པོ་ཞིག་སྤེལ་གྱི་ཡོད་པ་དེ་དག་ང་རང་གི་མིག་ལམ་ལ་གཏན་ནས་མི་མཛེས་པ་ཞིག་དང་། སེམས་སུ་ན་ཟུག་དྲག་པོ་སྐྱེ་ཡི་འདུག ཅེས་དང་། ཡང་ཁོང་གིས།  ༧པན་ཆེན་རིན་པོ་ཆེས་གསུངས་པ་བཞིན། རྒྱལ་ཁབ་བོར་ཟིན་པའི་མི་ཞིག་ལ། རྒྱལ་སྟོན་དུས་ཆེན་ཞེས་པ་ཞིག་ཡོད་སྲིད་རྒྱུ་མ་རེད། ཅེས་བརྗོད་བྱུང་།

Arrested Tibetan writers in early 2021.(CollectionImage:Tibet Times)

གཞན་ཡང་། འདི་ལོའི་ལོ་མགོ་ཁོ་ནར་བོད་མདོ་སྨད་ཕྱོགས་ནས་རྩོམ་པ་པོ་དང་ཤེས་ཡོན་པ་སྙན་གྲགས་ཅན་ཁག་ཅིག་རྒྱ་ནག་གཞུང་གིས་ཉེས་མིང་སྣ་ཚོགས་གཡོགས་ཏེ་འཛིན་བཟུང་བྱས་ཡོད་པ་དང་། བོད་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་ཚོ་ཁག་ཅིག་གི་གནས་ཚུལ་ཐོན་ཡོད་ཀྱང་ད་དུང་ཁག་ཅིག་གི་གནས་ཚུལ་གཏན་ནས་ཕྱི་རུ་འབྱོར་ཐུབ་ཀྱི་མེད་པའི་གནས་ཚུལ་འདི་གའི་གསར་འགོད་པར་འབྲེལ་ཡོད་ནས་བརྗོད་ཀྱི་འདུག་ལ། གོང་བརྗོད་བོད་ནང་གི་བོད་མི་དེས། སེམས་སྨྲེང་བ་ཞིག་ལ། འུ་ཅག་གི་ས་འདི་ནས་རྒྱུག་ཐག་ཆོད་ཀྱི་རྟ་ཕོ་འགའ་གོ་མེད་ཚོར་མེད་དུ་སྒ་སྲབ་དང་བཅས་བོར་སོང་མོད། རྐུན་མ་རྐུན་མ་རེད་ཟེར་ཕོད་མཁན་ནི་གཅིག་ཀྱང་མི་འདུག དཔེར་ན། དྷི་ལྷ་དང་། སྒོ་ཤེར། རོང་བོ་དགེ་འདུན་ལྷུན་འགྲུབ། གངས་སྐྱེས་སྒྲུབ་པ་སྐྱབས། འདི་དག་ནི་ཧ་ཅང་གློ་བུར་དུ་གོ་མེད་ཚོར་མེད་དུ་མུན་པའི་འོབས་སུ་བཙུད་སོང་། སྐད་ཆ་ཡང་གོ་ཐབས་བྲལ།  ཞེས་འཕྲིན་ཐུང་གི་ལམ་ནས་བརྗོད་བྱུང་།

སང་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ ལོན་གྱི་ཡོད་པའི་ཉིན་མོ་དང་བསྟུན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱ་ནག་དམར་ཤོག་ཚོགས་པས་བོད་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ལ་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ཐེར་འདོན་དང་། འཛམ་གླིང་མི་མང་གིས་རྒྱ་ནག་གཞུང་གི་འགྲོ་བ་མིའི་རིགས་ལ་རྒོལ་བའི་བྱ་སྤྱོད་རྣམས་ངོས་ཟིན་པ་བྱས་ཏེ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་ལས་འགུལ་རིགས་སྤེལ་འཆར་འདུག་ལ། ཡུ་གུར་དང་ཧོང་ཀོང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ནས་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྩིས་ཡོད་འདུག

  དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese