མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གི་རྒྱ་རིགས་སློབ་མ་ཚོར་བོད་སོགས་ཀྱི་གནད་དོན་ཐོག་ནས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༣ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་ཨོ་གླིང་གི་སློབ་ཆེན་ཁག་ཏུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བོད་དང་ཐའེ་ཝན་སོགས་ཀྱི་གནད་དོན་དང་འབྲེལ་ཏེ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པའི་སྙན་ཐོ་བཏོན་འདུག

Human Rights Watch says China’s government and its supporters have monitored, harassed and intimidated pro-democracy Chinese students living in Australia(Image:screenshot)

ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གིས་ཨོ་གླིང་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་ནག་སྐམ་སའི་སློབ་མ་རྣམས་ཀྱི་རང་དབང་དང་འབྲེལ་ནས་སྙན་ཐོ་ཞིག་བཏོན་པའི་ནང་། ཨོ་གླིང་དུ་སློབ་གཉེར་བྱེད་མཁན་རྒྱ་ནག་གི་སློབ་མ་ཚོས་བོད་དང་ཐའེ་ཝན་སོགས་དང་འབྲེལ་ཏེ་རྒྱ་ནག་དམར་གཞུང་ལ་སྐྱོན་བརྗོད་བྱས་ཚེ་འཇིགས་སྐུལ་དང་བརྙས་བཅོས་ཐེབས་ཀྱི་ཡོད་སྐོར་དང་། འདས་པའི་ལོ་ངོ་བཅུ་ཕྲག་འགའི་གོང་ནས་རྒྱ་ནག་གཞུང་གིས་ཨོ་གླིང་གི་སློབ་ཆེན་ཚོར་གནོན་ཤུགས་སྤྲོད་མགོ་བཙུགས་པ་བཀོད་འདུག

སྙན་ཐོའི་ནང་ཕྱི་ལོ་ ༡༩༨༠ ནས་ ༡༩༩༠ གོ་གྲངས་ཙམ་བར་དུ་ཨོ་གླིང་གི་གཙུག་ལག་སློབ་ཆེན་ཁག་གི་ནང་བོད་དང་ཐའེ་ཝན། གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སོགས་དང་འབྲེལ་ངོ་རྒོལ་དང་ལས་རིམ་གང་འདྲ་ཞིག་སྤེལ་ཡང་། དེར་རྙོག་གླེང་མེད་ནའང་། ཕྱི་ལོ་ ༢༠༡༣ ཙམ་ནས་རྒྱ་ནག་གི་དོན་གཅོད་ཁག་གིས་གནད་དོན་དེ་དག་དང་འབྲེལ་ནས་ཨོ་གླིང་གི་སློབ་ཆེན་ཁག་ལ་སྐྱོན་བརྗོད་དང་། གཏམ་བཤད་པ་དང་ལས་འགུལ་ཁག་ལ་ཚོད་འཛིན་ཤུགས་ཆེར་བྱེད་མགོ་བཙུགས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༣ ལོར་སི་ཌི་ནི་གཙུག་ལག་སློབ་གྲྭ་ (University of Sydney) ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཀྱི་ལས་རིམ་ཞིག་བཟོས་པ་སློབ་རྭའི་ནང་འཚོགས་ཐུབ་མེད་པ་དང་། སྐབས་དེར་སློབ་ཆེན་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་པར་རིས་མི་སྤྱོད་པ་དང་། བོད་དོན་ལས་འགུལ་བ་མཉམ་ཞུགས་མི་ཆོག་པ། དེ་བཞིནགསར་འགོད་པ་ཚོས་ཡོང་མི་ཆོག་པ་བཟོས་པའི་གནས་སྟངས་བྱུང་ཡོད་པ་དང་། ཕྱིས་སུ་སློབ་ཆེན་དེའི་དགེ་རྒན་ཆེན་མོ་ཞིག་གིས་དེ་ནི་སྐབས་དེར་རྒྱ་ནག་དོན་གཅོད་ཁང་གི་ལས་མི་ཞིག་སློབ་ཆེན་དེར་ཡོང་ནས་གནོན་ཤུགས་སྤྲད་པ་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་རྒྱ་ནག་གི་གནོན་ཤུགས་ཆེ་རུ་ཕྱིན་ཏེ་ཨོ་གླིང་གི་སློབ་གཉེར་རང་དབང་ལ་ཉེན་ཁའི་ནང་ལྷུང་གི་ཡོད་སྐོར་བཀོད་འདུག

ཡང་སྙན་ཐོ་དེའི་ནང་། སློབ་མ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་པའམ། བོད་དང་ཤར་ཏུར་ཀི་སི་ཐན། ཐའེ་ཝན་དང་ཧོང་ཀོང་བཅས་ཀྱི་ཐོག་བགྲོ་གླེང་བྱས་ཏེ་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་དང་མ་མཐུན་ཚེ། རྒྱ་ནག་ལ་དགའ་ཞེན་ཆེ་བའི་སློབ་མ་དང་སྤྱི་ཚོགས་དྲ་ལམ་ཁག་ནས་བརྙས་བཅོས་དང་འཇིགས་སྐུལ། དྲ་ཐོག་ནས་ཁ་རྡུང་གཏོང་བ་སོགས་བྱེད་ཀྱི་ཡོད་པ་དང་། དེ་ལ་གཡོལ་ཐབས་སུ་སློབ་མ་མང་པོ་ཞིག་གིས་བོད་སོགས་ཚོར་བ་བསྐྱེན་པོ་ཡིན་པའི་གནད་དོན་ཁག་ལ་གཡོལ་ཐབས་བྱེད་ཀྱི་ཡོད་པ་དང་། ཨོ་གླིང་དུའང་སློབ་གཉེར་དང་ཉམས་ཞིབ་ཀྱི་བརྒྱུད་རིམ་ཁྲོད་རང་དབང་མེད་པ་ཚོར་གྱི་ཡོད་པ་མ་ཟད། དེ་ཡིས་སློབ་གཉེར་རང་དབང་ལ་དོ་ཕོག་གཏོང་གི་ཡོད་སྐོར་བཀོད་འདུག

Chinese Students in Australia.(GETTY IMAGES)

ཕྱི་ལོ་ ༢༠༡༨ ལོར་ཨོ་གླིང་གི་ཉམས་ཞིབ་པ་གསུམ་དང་རྒྱ་ནག་གི་སློབ་ཆེན་ཞིག་གི་སློབ་མ་གཅིག་བཅས་བཞི་ལ་ཨོ་གླིང་གི་ཉམས་ཞིབ་ཁང་ཞིག་ནས་བོད་ཀྱི་སྐོར་ཉམས་ཞིབ་ཀྱི་སློབ་ཡོན་ཐོབ་ཡོད་ནའང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བོད་སྐོར་གྱི་ཉམས་ཞིབ་དེར་རྒྱ་ནག་དབུས་བདེ་སྲུང་ལྷན་ཁང་དང་ཉེན་རྟོག་ལས་ཁུངས་ཀྱིས་རྟོག་ཞིབ་བྱེད་ཀྱི་ཡོད་སྐོར་བརྗོད་དེ་རྒྱ་ནང་སྡོད་པའི་ཉམས་ཞིབ་སློབ་མ་གཅིག་ལ་ཉེན་བརྡ་བཏང་ཡོད་འདུག དེ་བཞིན་ཨོ་གླིང་དུ་བཅའ་སྡོད་དོན་གཅོད་ཞིག་གིས་འབྲེལ་བ་བྱས་ཏེ་ཉམས་ཞིབ་ཀྱི་ལས་གཞི་དེ་མཚམས་འཇོག་བྱེད་དགོས་པ་དང་། ལས་གཞི་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དོ་ཕོག་འགྲོ་གཞི་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ལ། ཕྱིས་སུ་ཨོ་གླིང་གི་ཉམས་ཞིབ་སློབ་མ་གཉིས་ལ་བོད་ནང་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་མེད་པ་བཀོད་འདུག

སྙན་ཐོ་དེ་བརྒྱུད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཨོ་གླིང་གཞུང་དང་གཙུང་ལག་སློབ་ཆེན་ཁག་ལ་ཞུ་སྐུལ་བྱས་པའི་ནང་། ཨོ་གླིང་གི་སློབ་མ་རྣམས་ལ་རྒྱལ་ཁབ་ཕྱི་ནས་སླེབས་པའི་བརྙས་བཅོས་དང་གནས་ཚུལ་བཀག་བསྡོམས། འཇིགས་བསྐུལ་བྱེད་པ་སོགས་ཀྱི་དོན་རྐྱེན་ཁག་ཞུ་གཏུག་བྱེད་སའི་ལས་ཁུངས་ཤིག་ཨོ་གླིང་གཞུང་གིས་ཆེད་འཛུགས་བྱས་ཏེ་གདོང་ལེན་བྱེད་དགོས་པ་དང་། ཨོ་གླིང་གི་གཙུག་ལག་སློབ་ཆེན་ཁག་གིས་རྒྱ་ནག་ནས་ཡོང་བའི་སློབ་མ་དང་ཞིབ་འཇུག་པ། དེ་བཞིན་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་བྱེད་མཁན་གྱི་བདེ་འཇགས་ལ་ཞིབ་འཇུག་དང་གཙུགས་སུ་འཛིན་དགོས་པ་དང་། རྒྱ་ནག་ནས་ཡོང་བའི་སློབ་མ་དང་ཉམས་ཞིབ་པ་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་དགོས་སྐོར་སོགས་བཀོད་འདུག

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་སྐམ་ས་ནས་ཨོ་གླིང་གི་གཙུག་ལག་སློབ་ཆེན་ཁག་ལ་སློབ་འཇུག་ཐོ་འགོད་བྱེད་མཁན་གྲངས་ཁྲི་ ༡༦ བྱུང་ཡོད་འདུག་པ་དང་། ཏོག་དབྱིབས་གཉན་རིམས་མ་བྱུང་གོང་དུ་ལོ་རེའི་ཨོ་གླིང་གི་ཕྱི་འབྱོར་མཐོ་རིམ་སློབ་མའི་བརྒྱ་ཆའི་ ༤༠ རྒྱ་ནག་སྐམ་ས་ནས་ཡོང་བ་ཡིན་འདུག་པ་དང་། ཨོ་གླིང་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་མའི་བརྒྱ་ཆའི་བཅུ་ཙམ་རྒྱ་ནག་ནས་ཡོང་བ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

སྐར་མ ༤༠ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༢ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

༢༠༢༦/༠༤/༣༠
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese