མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་རྩིས་བཞེས་ཀྱི་ད་ལྟའི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་རྣམས་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་སློབ་ལོ་རན་པའི་བོད་ཕྲུག་ཁྱོན་ ༧༠༠༠ ལྷག་བྱུང་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་འཕྲལ་ཕུགས་ཀྱི་དཀའ་རྙོག་སེལ་བར་བོད་རིགས་གཞོན་ནུ་ཚོར་དུས་དང་མཐུན་པའི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་ཞིག་སྦྱོར་སྤྲོད་དགོས་པའི་རླབས་ཆེན་གྱི་དགོངས་གཞིའི་འོག ཕྱི་ལོ་ ༡༩༦༡ ལོར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་དང་བཀའ་མོལ་གནང་བ་བརྒྱུད། རྒྱ་གར་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་བོད་མིའི་སློབ་གྲྭའི་ཚོགས་སྡེ་(Tibetan Schools Society)ཟུར་འཛུགས་གནང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་ནས་འཛིན་སྐྱོང་དང་འགྲོ་སོང་ནར་གཏོང་གནང་སྟེ་བོད་ཕྲུག་སྤྱི་བྱིངས་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྔར་ན་མེད་པ་ཞིག་ཐོབ་པའི་མགོ་བཙུགས། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྩིས་བཞེས་གནང་བའི་ལས་མགོ་བརྩམས་ཡོད་པ་ལྟར། ད་ལྟའི་ཆར་ཁྱོན་སློབ་གྲྭ་ཁག་ ༥༥ རྩིས་བཞེས་གནང་ཟིན་པ་དང་། ཉེ་སྔོན་སློབ་གྲྭ་ཁག་དྲུག་རྩིས་བཞེས་དགོས་པའི་བཀའ་ཡིག་འབྱོར་ཡོད་སྐོར་གསུངས་འདུག ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ནང་བཀོད་པའི་གྲངས་ཐོ་ལྟར་ན། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་སྔོན་འགྲོའི་སློབ་གྲྭ་  ༣༥ དང་།   དངོས་གཞིའི་སློབ་གྲྭ་ཁག་ ༢༨ བཅས་ཁྱོན་སློབ་ཁག་ ༦༣ ཙམ་ཡོད་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་སུ་བོད་སློབ་འཛིན་ཚོགས་རྩིས་བཞེས་དང་འབྲེལ་གནད་དོན་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་ཡོད།

Jigme Namgyal Namgyalkhang, Secretary of Education, CTA. Image: Tibet Times

དྲི་བ།   དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་རྩིས་བཞེས་ཀྱི་གནས་སྟངས་གང་འདྲ་ཆགས་བསྡད་ཡོད་པ་རེད།

ལན། ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་མང་པོ་ཞིག་ཡོད་ཅིང་། ༢༠༠༢ ལོ་ནས་དབུས་བོད་སློབ་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་ཏུ་བསྡུ་རྒྱུའི་བཀའ་མོལ་ཞིག་བྱུང་ནས་དབུས་བོད་སློབ་འཛིན་ཚོགས་ལ་འབྲེལ་བ་ཞུས་ཡོད་པ་དང་། ཞིབ་འཇུག་བྱེད་མཁན་སོགས་ཕེབས་མཐར།   སློབ་གྲྭ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་ཏུ་བསྡུ་མགོ་བརྩམས་པ་རེད། སྔོན་འགྲོའི་སློབ་གྲྭ་ ༣༣ དང་། གཞི་རིམ་གོང་འོག་བར་གསུམ་གྱི་སློབ་མ་རྣམས་བསྡོམས་ནས་ཁྱོན་སློན་གྲྭ་ ༥༥ རྩིས་བཞེས་གནང་ཟིན། ད་ལན་སློབ་གྲྭ་རྩིས་ལེན་རིམ་པ་བཞི་པ་རུ། གཞི་རིམ་གོང་མའི་སློབ་གྲྭ་དྲུག་རྩིས་བཞེས་དགོས་པའི་བཀའ་ཡིག་འབྱོར་ཡོད་ཀྱང་། རྩིས་ལེན་བྱེད་སྟངས་ཀྱི་ལས་གཞི་འདི་ཐོག་མའི་ཆ་ལ་གནས་ཡོད་པས་རིམ་གྱིས་ཞིབ་འཇུག་བྱེད་མུས་ཡིན་པ་རེད།

དྲི་བ།   ཐོག་མར་སློབ་གྲྭ་ཁག་རྩིས་ལེན་གནང་སྐབས་ལས་བྱེད་དང་དགེ་རྒན་མང་པོ་རྩ་དགོངས་ཞུས་པར་བརྟེན། སློབ་གྲྭ་ཁག་གི་འཛིན་སྐྱོང་དང་སློབ་འཁྲིད་སོགས་ཀྱི་ཐད་དཀའ་ངལ་ཡོང་གི་ཡོད་པའི་གནས་ཚུལ་གྲོས་ཚོགས་རིམ་པའི་ནང་དུའང་གླེང་སློང་གནང་སོང་། ད་ལྟ་གནས་སྟངས་དེར་ལེགས་བཅོས་ག་འདྲ་གནང་ཡོད་དམ།

ལན། ངས་དེ་སྔ་བཀའ་མོལ་གང་འདྲ་ཞིག་བྱུང་ཡོད་མིན་མི་ཤེས། གཅིག་བྱས་ན་ཐོག་མའི་ཆར་དེ་འདྲའི་གནད་དོན་ཞིག་བྱུང་ཡོད་སྲིད་དེ། མི་སུ་ཞིག་ཡིན་རུང་ཚོགས་པ་སྒྲིག་འཛུགས་ཁག་ལ་ཞུགས་ཟིན་ནས་དེ་ལས་ཕྱིར་ཐོན་དགོས་ཚེ། སེམས་སུ་དངངས་འཚབ་དང་མི་བདེ་བ་སོགས་བྱུང་བ་དང་།  བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་བྱས་ན། དགེ་རྒན་རྣམ་པར་གླ་ཆ་དང་བགྲེས་ཡོལ་གྱི་གླ་ཆ། བགྲེས་ཡོལ་དང་འབྲེལ་བའི་ཐོབ་ཐང་སོགས་གང་འདྲ་བྱེད་ཀྱི་ཡོད་བསམས་སྲིད་ཀྱང་། ངས་དྲན་ཚོད་ལ་དེ་འདྲའི་རིགས་ཤིག་ཡོད་པ་དྲན་གྱི་མི་འདུག གང་ཡིན་ཟེར་ན། ཁོང་ཚོ་སློབ་གྲྭ་གང་དུ་ཕེབས་ཀྱང། གླ་ཆ་དང་བགྲེས་ཡོལ་ཐོབ་ཐང་སོགས་གཅིག་མཚུངས་ཡིན་པས། སོ་སོའི་མི་རིགས་ལ་ཞབས་འདེགས་ཞུ་སླད། ཁོང་ཚོས་བོད་པའི་སྤྱི་ཚོགས་སུ་སྲི་ཞུ་སྒྲུབ་ཀྱི་ཡོད་པ་ལས། ལས་གནས་ནས་དགོངས་ཞུ་དགོས་པ་དང་བགྲེས་ཡོལ་སྔ་ནུར་དགོས་པ་སོགས་གང་ཡང་མ་བྱུང་ལ། འདས་པའི་རྩིས་ལེན་རིམ་པ་གསུམ་གྱི་རིང་ལ་དེ་འདྲའི་དཀའ་ངལ་མ་བྱུང་། དེ་མིན་པའི་གན་རྒྱའི་ཐོག་ལས་ཁུར་ཞུ་མུས་ཡིན་པའི་ལས་བྱེད་ཁག་ལ་འཕོ་འགྱུར་ཞིག་བྱུང་སྲིད། མུ་མཐུད་བོད་མིའི་སྒྲིག་འཛུགས་སུ་ལས་ཀ་བྱེད་འདོད་ན། དེར་ཞུགས་པའི་བརྒྱུད་རིམ་ཞིག་ཡོད་པ་བརྒྱུད་དགོས་ཐོག ཆ་རྐྱེན་ཚང་བའི་རིགས་ལས་བྱེད་དུ་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད།

དྲི་བ།  རྩིས་བཞེས་ཟིན་པའི་སློབ་གྲྭ་ཁག་གི་འགྲོ་གྲོན་སློབ་གྲྭ་གཞན་དང་བསྡུར་ན་ཧ་ཅང་གི་ཆེན་པོ་ཡིན་ཚོོོད་འདུག སྤྱི་ཡོངས་ཀྱི་འགྲོ་གྲོན་གང་འདྲ་གནང་གི་ཡོད་པ་རེད། རྒྱ་གར་གཞུང་ནས་མུ་མཐུད་གཟིགས་རྟོག་གནང་གཏན་འཁེལ་བའི་གནང་སྟངས་ཡོད་དམ།

ལན། ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་བཞིན་སློབ་གྲྭ་ཁག་གིས་སློབ་ཡོན་ལེན་གྱི་མེད་ཀྱང་། ཟས་གོས་གནས་མལ་གྱི་སློབ་དངུལ་ལེན་གྱི་ཡོད་པ་རེད། རོགས་དངུལ་གྱི་ཐད་ནས་ཞུས་ན། ཕྱི་ལོ་ ༢༠༡༣ ལོར་ཐོག་མའི་རྩིས་སྤྲོད་རྩིས་ལེན་གྱི་ལས་གཞི་མགོ་བརྩམ་དུས། དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་རོགས་དངུལ་བྱེ་བ་ ༤༣ གནང་གི་ཡོད་པ་དང་། ལོ་རེར་ཡུལ་ཐང་སྤར་ཆ་  ༥ སྤར་གྱི་ཡིན་ཟེར་བའི་བཀའ་མོལ་ཞིག་ཡོད་པ་བཞིན། ད་ལྟ་བར་དུ་དེ་ལྟར་གནང་མུས་ཡིན་པ་རེད། དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ནས་སློབ་གྲྭ་ ༥༥ ལ་རོགས་དངུལ་མུ་མཐུད་གནང་མུས་ཡིན་པས། ད་བར་དཀའ་ཁག་ཅི་ཡང་མ་བྱུང་ལ། མ་འོངས་པར་དེ་ལྟར་ཡིན་པའི་རེ་སྨོན་ཡོད། གལ་ཏེ་རོགས་དངུལ་དངོས་གནས་ཆད་ཚེ། དཀའ་ངལ་གཏན་གཏན་འཕྲད་སྲིད་ཀྱང་། འཕགས་བོད་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ལ་བརྟེན་ནས། བཙན་བྱོལ་དུ་ཡོད་པའི་བོད་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་འཕེལ་རྒྱས་སླད། དབུས་གཞུང་ནས་རོགས་དངུལ་གནང་བའི་རེ་བ་དང་ཡིད་ཆེས་ཡོད།

དྲི་བ། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཡོངས་ཀྱི་ནང་བོད་རིགས་སློབ་མས་བརྒྱ་ཆ་ ༦༤ ཙམ་ལས་ཟིན་གྱི་མེད་པ་དང་། མ་འོངས་པར་དེ་ལས་ཉུང་དུ་འགྲོ་ཉེན་ཡོད་པར་བརྟེན། ཤེས་རིག་ལས་ཁུངས་ནས་སློབ་གྲྭ་དེ་དག་གི་འཛིན་སྐྱོང་དང་སློབ་གསོའི་ཐད་དགོངས་པ་ག་འདྲ་བཞེས་ཀྱི་ཡོད་དམ།

ལན། འདི་ང་ཚོ་ཚང་མས་གདོང་ལེན་བྱེད་དགོས་པའི་གནས་སྟངས་རེད། སློབ་གྲྭའི་སྡེ་ཁག་ནང་སློབ་ཕྲུག་ཉུང་དུ་ཕྱིན་པ་དེ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་སུ་དེ་སྔོན་ལྟར་གྲངས་འབོར་གནས་ཡོད་མ་རེད། བོད་ནས་རྒྱ་གར་དུ་ཡོང་མཁན་བོད་རིགས་སྤུན་ཟླ་ཚོ་ཇེ་ཉུང་དུ་ཕྱིན་པ་ཙམ་མིན་པར་བོད་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་གཞིས་སྤོ་འགྲོ་བ་དང་། དེ་བཞིན་དེ་སྔོན་དང་མི་འདྲ་བར་གཞོན་སྐྱེས་ཚོའི་ནང་མི་སྐྱོང་སྟངས་ཀྱི་བསམ་ཚུལ་ལ་འགྱུར་བ་ཕྱིན་ཡོད་པ་རེད། དེ་སྔོན་ཕ་མ་ཚོར་ཕྲུ་གུ་ལྔ་ནས་དྲུག་བར་ཡོད་པ་དང་དེང་སང་ཕ་མ་ཚོར་ཕྲུ་གུ་རེ་གཉིས་མ་གཏོགས་ཡོད་མ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་གྲྭ་ཁག་ཏུ་བུ་ཕྲུག་གི་གྲངས་འབོར་ལོ་རེ་ནས་ཉུང་དུ་འགྲོ་ཡི་ཡོད་པ་རེད། ང་ཚོའི་སློབ་གྲྭ་ཁག་གི་ནང་སློབ་གྲྭའི་སྡེ་ཁག་ལྔ་ཡོད་པ་དང་། སྡེ་ཁག་ལྔ་རྩིས་ན་བོད་པའི་སློབ་ཕྲུག་གི་བརྒྱ་ཆ་ ༦༤ མ་གཏོགས་ཡོད་མ་རེད། གྲངས་འབོར་ལ་ཆ་བཞག་པ་ཡིན་ན་ཁྱོན་བསྡོམས་སློབ་མ་ ༡༥༡༠༠ ལྷག་ཡོད་པའི་ཁྲོད། བོད་ཕྲུག་གི་གྲངས་འབོར་ ༩༧༠༠ ཙམ་ཡོད་རེད། སློབ་གྲྭའི་སྡེ་ཁག་ཚང་མས་གུ་ཡངས་པོ་དང་མཁྲེགས་འཛིན་མ་གནང་བའི་ཐོག་ནས་མ་འོངས་བོད་ཕྲུག་གི་ཤེས་ཡོན་དང་སློབ་གྲྭའི་སྡེ་ཁག་ལ་མི་གནོད་པ་བྱ་རྒྱུ་གལ་ཆེན་པོ་རེད། ད་ལྟ་ང་ཚོའི་སློབ་གྲྭར་བུ་ཕྲུག་ཉུང་དུ་འགྲོ་བའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། དེ་སྔོན་ལྟར་སློབ་གྲྭ་མང་པོ་ཉར་རྒྱུའི་དུས་ཚོད་མ་རེད། དེར་བརྟེན་སློབ་གྲྭའི་སྡེ་ཁག་ཕན་ཚུན་ཟླ་སྒྲིལ་གཏོང་བ་དང་སློབ་གྲྭའི་སྡེ་ཁག་སོ་སོའི་ནང་ལའང་ཟླ་སྒྲིལ་གཏོང་བ་སོགས་ཀྱི་ཐབས་ཤེས་འཚོལ་དགོས་རེད། དེ་འདྲ་གནང་བའི་སྐབས་སུ་སློབ་གྲྭའི་སྡེ་ཁག་སོ་སོའི་བསམ་ཚུལ་གཙོ་བོར་མ་བཟུང་བར་རྒྱ་ཆེ་ས་ནས་བོད་ཕྲུག་གི་བདེ་དོན། བོད་སྤྱི་པ་ལ་བསམ་ནས་གུ་ཡངས་པོའི་ཐོག་ནས་གནང་དགོས་ཀྱི་རེད། ང་ཚོས་དགོངས་པ་བཞེས་དགོས་པ་དེ་ཟླ་སྒྲིལ་གནང་བའི་སྐབས་སུ་ཤེས་ཡོན་སྲིད་ཇུས་དང་མ་འགལ་བ་དང་གཞིས་ཆགས་སྲ་བརྟན་ལ་མ་གནོད་པ། སློབ་གྲྭའི་སྡེ་ཁག་སོ་སོའི་དམིགས་ཡུལ་དང་མཐུན་པ། བུ་ཕྲུག་ཚོའི་ཤེས་ཡོན་སློབ་གསོ་ལ་དོ་ཕོག་མ་སོང་བ་སོགས་གཞི་རྩར་བཟུང་སྟེ། ཟླ་སྒྲིལ་གཏོང་དགོས་པའི་དུས་སྐབས་ལ་བསླེབས་ཡོད་པ་རེད། གལ་སྲིད་བུ་ཕྲུག་ཚོའི་ཤེས་ཡོན་དང་བོད་སྤྱི་པ་ལ་ཕན་གྱི་ཡོད་ན། ཤེས་རིག་གི་ངོས་ནས་སློབ་གྲྭ་སུས་འཛིན་སྐྱོང་བྱེད་ཀྱི་ཡོད་མེད་དེ་གལ་ཆེན་པོར་བརྩི་ཡི་མེད། འདིའི་ཐོག་ལ་ང་ཚོའི་སློབ་གྲྭའི་སྡེ་ཁག་ཕན་ཚུན་བར་གུ་ཡངས་ཀྱི་ལམ་ནས་ཕན་ཚུན་བཀའ་མོལ་གནང་དགོས་རེད། གཙོ་བོ་བུ་ཕྲུག་ཚོའི་ཤེས་ཡོན་ལ་དོ་ཕོག་མ་འགྲོ་བ་དང་ནུས་པ་མཉམ་སྤུངས་ཐོག་ནས་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད། སློབ་གྲྭ་མང་པོ་ཉར་ནས་ཚང་མ་ཁ་འཐོར་བ་ཡིན་ན་ཕན་ཐོགས་གང་ཡང་ཡོད་མ་རེད། སློབ་གྲྭའི་ནང་དུ་ཕྲུ་གུའི་གྲངས་འབོར་ཉུང་ཉུང་ཡིན་སྟབས། ཟླ་སྒྲིལ་གནང་སྟེ་ཕན་ཚུན་གུ་ཡངས་པོའི་ཐོག་ནས་བཀའ་མོལ་གནང་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟ་ནང་བཞིན་གནང་བ་ཡིན་ན་མ་འོངས་པར་ལོ་ ༡༥ དང་ ༢༠ ནང་གནས་བབ་འདི་ལས་ཛ་དྲག་པ་དང་ཉེན་ཁ་ཆེ་རུ་མ་གཏོགས་འགྲོ་ཡི་མ་རེད། དེར་བརྟེན་འབྲེལ་ཡོད་ཚང་མས་འདིའི་ཐོག་ལ་ཐུགས་འཁུར་གནང་དགོས་པ་དེ་གལ་ཆེན་པོ་རེད།

བཅར་འདྲི་བ་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese