མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་སྨན་རྩིས་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུས་བོད་ཀྱི་སྨན་རྩིས་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་སྐབས་དེང་རབས་ཚན་རིག་དང་མཐུན་པའི་ཐོག་ནས་སྨན་རྩྭ་འདེབས་ལས་བྱེད་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་བོད་ཀྱི་སྨན་རྩིས་ཁང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་སྨན་རྩིས་ཁང་གི་ཚོགས་ཁང་དུ་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྨན་རྩིས་ཀང་གི་དྲུང་ཆེ་ལས་ཚབ་དང་དྲུང་ཆེ་ལས་རོགས། སྐུ་བཅར་སྨན་རམས་པ། སྡེ་ཚན་ཁག་གི་འགན་འཛིན་རྣམས་ནས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་མཇལ་དར་འབུལ་ལམ་ཞུས་རྗེས། དབུས་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་སྤེན་པ་ཚེ་རིང་མཆོག་ལ་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་བཤད་གནང་སོང་། དེ་ནས་སྨན་རྩིས་ཁང་གི་དྲུང་ཆེ་ལས་ཚབ་དང་སྡེ་ཚན་འགན་འཛིན་སོ་སོས་སྡེ་ཚན་གྱི་ལས་འགན་སྙིང་བསྡུས་རེ་སྙན་སྒྲོན་ཞུས་སོང་།

སྲིད་སྐྱོང་མཆོག་ནས་ད་ལྟའི་ཆར་བཀའ་བློན་རྣམས་བསྐོ་བཞག་བྱུང་མེད་ནའང་ཕྱག་ལས་སོགས་ལ་སྐུ་ངལ་དང་འགོག་རྐྱེན་གང་ཡང་ཡོང་གི་མེད་སྐོར་གསུངས་པ་དང་འབྲེལ། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཚན་པ་སོ་སོར་འཚམས་གཟིགས་སུ་ཕེབས་ཏེ་རྒྱུས་ལོན་གནང་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་སུ་ལས་བྱེད་རྒན་པ་མང་པོ་ཞིག་མེད་ཀྱང་འབྲིང་བ་མང་ཙམ་ཡོད་པ་དང་། ལྷག་པར་དུ་སློབ་སྦྱོང་ཚད་མཐོ་བོ་གནང་མཁན་གྱི་ན་གཞོན་མང་པོ་ཞིག་ཡོད་ཀྱང་། ཁོང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཀྱི་སྒྲོམ་གཞིར་རྒྱུས་མངའ་དེ་ཙམ་མེད་པར་བརྟེན་ལམ་སྟོན་དགོས་གལ་ཆེ་སྟབས། མི་འགྱངས་བར་བཀའ་བློན་རྣམས་ཕེབས་མཚམས་སུ་གཞོན་སྐྱེས་ལས་བྱེད་མང་པོ་ཞིག་ནས་རང་མགོ་་ཐོན་སླད་ལམ་སྟོན་གནངས་དང་གནང་མུས་ཡིན་སྐོར་གསུངས་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གིས། ད་ཐེངས་ཀྱི་བཀའ་ཤག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ཟིན་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མི་འགལ་བར། དབུ་མའི་ལམ་གྱི་སྲིད་ཇུས་དང་་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས། རྒྱ་ནག་གཞུང་དམངས་གཉིས་ལ་འབྲེལ་ལམ་བཙུགས་ནས། བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་དུ་ཆིབས་བསྒྱུར་གནང་ཐུབ་ན། སྐུ་འཁྲུངས་ཡུལ་སྟག་འཚེར་དང་། ལྷ་སར་ཕེབས་འདུན་ཡོད་པ་བཞིན། སྐུ་སྒེར་གྱི་ཕོ་བྲང་དང་སྐབས་བཅུ་དྲུག་པའི་བཀའ་ཤག་གཉིས་ཀྱིས་རྒྱ་ནག་གཞུང་ལ་འབྲེལ་ལམ་བཙུགས་ཐབས་ཀྱིས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འབད་འབུངས་བྱ་རྒྱུ་དང་། ཇི་སྲིད་བོད་རྒྱའི་དཀའ་རྙོག་མ་སེལ་བར་དེ་སྲིད་བོད་ནང་གི་གནས་ཚུལ་བསྡུ་རུབ་མང་ཙམ་བྱས་ཏེ། བོད་ས་ཁག་ཏུ་རྒྱ་མི་གནས་སྤོར་བྱེད་མུས་ཡིན་པའི་གནད་དོན་དང་། བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་རང་དབང་མེད་པ་དང་། ཆོས་སྡེ་ཁག་ལའང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་བཀག་འགོག་བྱེད་མུས་ཡིན་པ་དེར། རྒྱལ་ཁབ་  ༢༥ ལྷག་གི་ནང་གནས་མུས་ཡིན་པའི་བོད་རིགས་ན་གཞོན་ཚོས་རྒྱལ་སྤྱིའི་སྡིངས་ཆར་བོད་དོན་དྲིལ་བསྒྲགས་མང་ཙམ་བྱ་དགོས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་སོ་སོའི་ལས་དོན་དང་། ཚོགས་སྡེ་ཁག་གི་ལས་དོན་རྣམས་གལ་ཆེན་ཡིན་ནའང་། གཙོ་བོ་ཚང་མས་ནུས་པ་མཉམ་སྤུང་གི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དེ་ཡིན་པས། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་ཤུགས་རྒྱག་འཆར་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་དེ་ཕྱི་རྒྱལ་བ་རྣམས་ལ་འགྲེལ་བཤད་གང་མང་མང་རྒྱག་རྒྱུ་ནི་བོད་མི་ཡོངས་ཀྱི་འགན་འཁྲི་ཡིན་སྐོར་གསུངས་སོང་།

CTA Sikyong Penpa Tsering. Image: Tibet times

བོད་ལུགས་གསོ་བ་རིག་པ་དེང་དུས་དང་མཐུན་པའི་ཐོག་ནས་ཡར་རྒྱས་གཏོང་གལ་ཆེ་བའི་སྐོར་ལ་སྲིད་སྐྱོང་མཆོག་གིས། ད་ལྟ་ནས་སྨན་རྩིས་ཁང་གིས་སྨན་རྩྭ་འདེབས་པའི་ལས་གཞི་མང་པོ་ཞིག་ལ་འབད་བརྩོན་བྱེད་དགོས་ཀྱི་འདུག དེང་སང་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱ་རྒྱུ་གལ་ཆེན་པོ་རེད་འདུག རྒྱལ་ཁབ་མང་པོའི་ནང་ཤེས་རྟོགས་ཐུབ་པའི་ཆེད་དུ་ཚན་རིག་དང་མཐུན་པའི་ཐོག་ལ་འབད་བརྩོན་བྱེད་གལ་ཆེ་བ་དང་། སྨན་རྩྭ་འདེབས་ལས་ཆེད་བོད་མིའི་སྒྲིག་འཛུགས་ནས་དཔེར་ན་རྒྱ་གར་ལྷོ་ཕྱོགས་སོགས་ནས་ས་ཆའི་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུ་ཡོད་སྐོར་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་དང་རྒྱག་བཞིན་པའི་གནས་སྟངས་ཆགས་ཀྱི་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་ལྟའི་ཆར་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་ཟིན་པ་བརྒྱ་ཆ་ ༨༢ ཆགས་ཡོད་པ་དེ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་གནས་བབ་དང་མཚུངས་ཀྱི་ཡོད་སྐོར་གསུངས་སོང་།

ཁོང་གིས། ད་ལྟ་བར་དུ་སྨན་རྩིས་ཁང་མགོ་བཙུགས་པ་ནས་བཟུང་འགན་འཛིན་མང་པོ་ཕེབས་ཡོད་པ་རེད། སྨན་རྩིས་ཁང་གི་འཛིན་སྐྱོང་གི་འགྲོ་སྟངས་དེ་དག་ཡག་པོ་ཡོད་པའི་རྣམ་པ་འདུག མི་སྒེར་གྱི་མི་ཚེའི་ནང་དཀའ་ངལ་འཕྲད་ཀྱི་རེད། དེ་ལ་ང་ཚོས་གདོང་ལེན་བྱེད་བཞིན་འགྲོ་དགོས་ཀྱི་ཡོད་པ་རེད། དེ་བཞིན་སྒྲིག་འཛུགས་ལའང་དཀའ་ངལ་འཕྲད་ཀྱི་རེད། ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཉུང་དུ་གཏང་དགོས་ཀྱི་ཡོད་ན། མང་ཚོགས་ནང་དུ་གོ་རྟོགས་ཤུགས་ཆེན་པོ་འགྲོ་དགོས་ཀྱི་རེད། ང་ཚོ་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་འགྲོ་ཡི་ཡོད་དུས། ཁྲིམས་དང་སྒྲིག་གཞིའི་དབང་བསྒྱུར་འོག་ནས་འགྲོ་དགོས་ཀྱི་རེད། ཁྲིམས་དང་སྒྲིག་གཞིའི་དབང་བསྒྱུར་འགྲོ་དགོས་ཀྱི་ཡོད་ན་ཁྲིམས་དང་སྒྲིག་གཞིའི་ནང་གང་གསལ་བ་དེ་ལ་བལྟ་དགོས་ཀྱི་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese