མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདེ་ལེགས་སྨན་ཁང་གིས་ཛ་དྲག་མྱུར་སྐྱོབ་ཁང་ཞིག་གསར་འཛུགས་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་བཞུགས་སྒར་དུ་ཡོད་པའི་བདེ་ལེགས་སྨན་ཁང་གིས་བརྟག་དཔྱད་དང་ཛ་དྲག་མྱུར་སྐྱོབ་ཁང་ཞིག་གསར་འཛུགས་གནང་ཡོད་པ་དེ་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་དབུ་འབྱེད་དང་རབ་གནས་གནང་སོང་།

དབུ་འབྱེད་ཐོག་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེས། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཉིན་མོ་སྟེ། དུས་ཚིགས་ཁྱད་པར་ཅན་ཞིག་ལ་བདེ་ལེགས་སྨན་ཁང་དུ་ཕེབས་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་གསུངས་པ་དང་འབྲེལ།  རྒྱལ་དབང་སྐུ་འཕྲེང་རིན་བྱོན་ནི་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ལྷག་པར་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་མི་ཀུན་ལ་ཆོས་སྲིད་གཉིས་ཀྱི་ཐད་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། བཙན་བྱོལ་མི་མང་རྣམས་ཀྱང་རྒྱལ་ཁབ་ཡོད་པའི་མི་རིགས་དག་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས། མི་ཚོགས་ཀྱི་ཁྲོད་དུ་འགྲེང་ཐུབ་པ་ནི། མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པ་དང་། བོད་མི་ཚོས་མགོན་པོ་གང་གི་བཀྲིན་དྲན་པའི་ཐོག་ནས་ཁོང་གི་བཀའ་གསུང་བསྒྲུབ་རྒྱུ་ནི་བོད་མི་ཚང་མའི་འགན་འཁྲི་ཡིན་པ་དང་། བོད་ཀྱི་ཆེས་ཛ་དྲག་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ཚང་མས་འགན་འཁུར་མཉམ་ལེན་བྱ་དགོས། ཞེས་གསུངས་སོང་།

ཡང་ཁོང་གིས། བོད་མི་ཚོས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་དང་། ནང་ཆོས་ཀྱི་སྙིང་བཅུད་ལས་བརྡོལ་བའི་ཡ་རབས་བཟང་སྤྱོད་ཀྱི་ཀུན་སྤྱོད་མ་ཉམས་པར་རྒན་གཞོན་བར་གསུམ་གྱིས་ཕན་ཚུན་ལ་བརྩི་བཀུར་བྱེད་དགོས། ཉེ་ལམ་བོད་མི་རྣམས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་དམའ་རུ་འགྲོ་ཡི་ཡོད་པས། ཚང་མས་འགན་འཁུར་མཉམ་ལེན་གྱིས་འགྲོ་འདུག་སྤྱོད་གསུམ་གྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཁོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་མངགས་བཞིན། ཚང་མས་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་པ་དང་། གནའ་བོའི་བོད་ཀྱི་སྤྱི་ཚོགས་དང་བསྡུར་ན། བོད་མི་ཚོས་འཕྲོད་བསྟེན་ལ་དོ་སྣང་བྱས་ནས་མཇུག་སྐྱོང་དང་ཡར་རྒྱས་གཏོང་དགོས། ལྷག་པར་བདེ་ལེགས་སྨན་ཁང་གིས། ད་བར་དུ་ནད་པ་མང་པོ་ཞིག་ལ་ལྟ་རྟོག་ཡག་པོ་བྱས་ནས་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པ་དང་། དེ་རིང་ཡང་ནད་པ་བརྟག་དཔྱད་དང་ཛ་དྲག་མྱུར་སྐྱོབ་ཁང་ཞིག་བཙུགས་ཡོད་པའང་ཧ་ཅང་གི་ཡག་པོ་འདུག་ལ། སླད་མར་མུ་མཐུད་དུ་སྤྱི་ཚོགས་ལ་ཞབས་ཞུ་དང་། ལས་དོན་ཇེ་ལེགས་སུ་གཏང་དགོས་སྐོར་སོགས་གསུངས་བྱུང་།

མཛད་སྒོའི་མཇུག་ཏུ་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། སྐྱབས་རྗེ་གླིང་ཆེན་པོ་མཆོག་ཆིབས་བསྒྱུར་གནང་བར་བཀྲིན་ཆེ་ཞུས་པ་དང་། བདེ་ལེགས་སྨན་ཁང་དུ་ནད་པ་བརྟག་དཔྱད་བྱེད་དུ་ཡོང་མཁན་མང་པོ་ཡོད་པ་དང་། ལྷག་དོན་ཏོག་དབྱིབས་རིམས་ནད་༡༩ཁྱབ་གདལ་འགྲོ་མུས་ཡིན་པའི་གནས་སྐབས་སུ། ནད་པ་མང་པོ་ཞིག་བརྟག་དཔྱད་བྱེད་དུ་ཡོང་གི་ཡིན་པས། སྨན་ཁང་གི་ནང་ལོགས་སུ་ཡོད་པའི་ནད་པ་ཚོར། ནད་ཡམས་མི་འགོས་པ་དང་། ཁོང་ཚོའི་བདེ་ཐང་གི་ཆེད་དུ། ལོ་གཅིག་ལྷག་ཙམ་ལ་ཕྱི་རོལ་དུ་གུར་བརྒྱབ་ནས་བསྡད་ཀྱང་། ཆར་རླུང་གི་དཀའ་ཁག་བྱུང་བས། བརྟག་དཔྱད་དང་ཛ་དྲག་མྱུར་སྐྱོབ་ཁང་བཙུགས་པ་སྐོར་སོགས་གསུངས་སོང་།

དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist