མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་བ་བླ་མ་དཀར་པོ་ཞེས་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཅིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་བརྩམས་པའི་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་ཐོག་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ནས་དཔེ་དེབ་དེ་བརྩམས་པའི་དགོས་དམིགས་སྐོར་ཁོང་གིས། ཨ་རི་བ་བླ་མ་དཀར་པོ་ཞེས་པ་ནི་བོད་དུ་ཕེབས་པའི་ཨ་རི་བ་ཞིག་ཡིན་པ་དང་ཁོང་གི་མཚན་ལ་ཐིའུ་སི་ཁ་སི་མིར་ཧཱ་མཱ་ཊི་བྷེ་ཎེ་ཌ་(Theos Casimir Hamati Bernard) ཟེར་ཞིང་། ཁོང་ཕྱི་ལོ་ ༡༩༠༨ ལོར་འཁྲུངས་པ་དང་ཕྱི་ལོ་ ༡༩༤༧ ལོར་འདས་པ་སོགས་ཀྱི་ལོ་རྒྱུས་སྐོར་ཡོད་པ་རེད། བཙན་བྱོལ་དུ་ཡོད་པའི་ཉམས་ཞིབ་པ་དང་རྩོམ་པ་པོ་རྣམས་ཀྱིས་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་སྐོར་ནས་བོད་ནང་ནས་ལྟ་ཀློག་དང་ཞིབ་འཇུག་གི་རྒྱུ་ཆ་མ་རག་པར་ཆད་པ་དང་མི་གསལ་བ་གང་ཡོད་རྣམས་ཁ་སྐོང་བ་དང་ཇེ་གསལ་གཏོང་དགོས་པའི་ལས་འགན་བཙན་བྱོལ་དུ་ཡོད་པའི་ཉམས་ཞིབ་པ་དང་རྩོམ་པ་པོ་རྣམས་ལ་ཡོད་པ་དང་། ཁོང་གི་དཔེ་དེབ་དེ་ཡང་དང་པོ་ནས་དམིགས་ཡུལ་དེ་ལྟར་བཟུང་བ་མིན་ཡང་། ཉེ་རབས་བོད་ཀྱི་ལོ་རྒྱུས་ཁག་ཅིག་མི་གསལ་བ་རྣམས་ཇེ་གསལ་ཏུ་གཏོང་ཐབས་གནང་ཡོད་ལ། དཔེ་དེབ་དེའི་མི་སྣ་གཙོ་བོ་ཨ་རི་བ་ཐིའུ་སི་བྷེ་ཎེ་ཌ་བླ་མ་དཀར་པོ་་(Theos  Bernard)ལགས་ཐོག་མར་རྒྱ་གར་དུ་ཡོ་གའི་རྣལ་འབྱོར་གྱི་སྐོར་ཞིབ་འཇུག་བྱེད་དུ་ཡོང་བ་དང་། ཕྱིས་སུ་བོད་བརྒྱུད་ནང་བསྟན་ལ་ཡིད་དབང་འཕྲོག་ནས་ནང་ཆོས་དང་བོད་ཡིག་ཀ་སྦུག་ཏུ་བྷ་བྷུ་མཐར་ཕྱིན་ལགས་ཀྱི་མདུན་ནས་སྦྱངས་བ་དང་མཁས་དབང་དགེ་འདུན་ཆོས་འཕེལ་དང་ངོ་ཤེས་སུ་གྱུར་བ། ཕྱི་ལོ་ ༡༩༣༧ ཟླ་ ༥ ཚེས་ ༡༡ ཉིན་ཀ་སྦུག་ནས་ཐོན་ཏེ་རྒྱལ་རྩེར་ཟླ་གཅིག་ལྷག་བསྡད་རྗེས། བོད་གཞུང་ནས་ཁོང་ལ་ལྷ་སའི་ལམ་ཡིག་དམིགས་བསལ་གྱིས་སྤྲད་དེ་ལོ་དེའི་ཕྱི་ཟླ་ ༦ ཚེས་ ༢༥ འབྱོར། ལྷ་སར་ཚ་རོང་གཟིམ་ཤག་ཏུ་ཟླ་ཤས་བསྡད་ཅིང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་སྔ་ཕྱི་ཐེངས་གསུམ་མཇལ་བ་དང་། བཀའ་བློན་རྣམ་པ། དགའ་ལྡན་ཁྲི་པ་སོགས་བོད་གཞུང་གི་གནད་ཡོད་མི་སྣ་གང་མང་དང་ཐུག་འཕྲད་གནང་ཡོད་སོགས་བརྗོད་སོང་།

ཡང་ཁོང་གིས། རྒྱལ་ཚབ་རིན་པོ་ཆེས་བོད་དང་ཨ་རིའི་བར་གཞུང་འབྲེལ་གྱི་འབྲེལ་ལམ་འཛུགས་ཆེད་ཨ་རིའི་སྲིད་འཛིན་ (Franklin D.Roosevelt ) མཆོག་ལ་འབུལ་གནང་མཛད་པའི་ཕྱག་ཡིག་ཅིག་ཁོང་གི་ཕྱག་ཏུ་བསྐུར། བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་སྲིད་སྐྱོང་ཞིག་གིས་ཨ་རིའི་སྲིད་འཛིན་ལ་ཕྱག་ཡིག་ཕུལ་བ་ཐེངས་དང་པོ་ཆགས་ཡོད་པ་དང་། དེར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་ལ། ཕྱག་ཡིག་གི་ནང་དོན་ནི། ནང་བསྟན་ཨ་རི་ལ་དར་སྤེལ་བྱེད་ཆེད་དང་བོད་དང་ཨ་རིའི་བར་འབྲེལ་ལམ་འཛུགས་རྒྱུའི་སྐོར་རེད། ཡིན་ན་ཡང་། རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ཕྱག་ཡིག་དེ་ཨ་རིའི་སྲིད་འཛིན་གྱི་ཕྱག་ཏུ་སྤྲོད་མ་ཐུབ་པར་ལྷག་ཡོད་པས། ད་ལྟའི་བོད་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་དུ་ཨ་རིས་བོད་དོན་ཆེད། ཕྱི་ལོ་༢༠༠༢ དང་ཕྱི་ལོ་ ༢༠༢༠ ལོའི་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དང་། དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་ (SCORTT PERRY) སོགས་ནས་ཀྱང་ཨ་རིའི་སྲིད་འཛིན་གྱི་ངོས་ནས་བོད་དེ་ཉིད་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་ངོས་ལེན་དགོས་པའི་ཁྲིམས་འཆར་སོགས་འདོན་བཞིན་ཡོད་པས། ཆར་པ་ཆུ་གྲོགས། ཉི་མ་མེ་གྲོགས་ཀྱི་དཔེ་ལྟར། བོད་ཀྱི་བདེན་དོན་གསལ་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་སོང་།

དེ་བཞིན་ཁོང་གིས། ཐིའུ་སི་བྷེ་ཎེ་ཌ་བླ་མ་དཀར་པོ་( Theos Bernard ) ལགས་ཀྱིས་ཕྱི་ལོ་ ༡༩༤༡ ལོར་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་གྲོང་ཁྱེར་སན་ཌ་བྷར་བྷ་རཱའི་(Califonia, Santa Barbara)ནང་ས་ཁྱོན་ཆེན་པོ་གཉིས་ཉོས་ཏེ་བོད་ཀྱི་སློབ་གཉེར་ཁང་(Academy Of Tibetan Literataure )དང་།  སྒྲ་སྒྱུར་ཁང་སོགས་འཛུགས་རྒྱུའི་འཆར་གཞི་གཏིང་པ་དང་། བཀའ་བསྟན་དབྱིན་བསྒྱུར་ཆེད་དགེ་འདུན་ཆོས་འཕེལ་ཨ་རི་ལ་མགྲོན་འབོད་དང་། དེའི་ཆེད་དུ་ཀ་ལི་ཀ་ཏ་ནས་ཨ་རིར་སྐྱོད་མཁན་གྱི་གྲུ་གཟིངས་ཀྱི་འཛིན་བྱང་ཡང་ཉོས་ཏེ་མཐར་འགྲོ་མ་ཐུབ་པའི་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་ལོ་རྒྱུས་ཆ་ཚང་ཡོད། མདོར་ན། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་། དགེ་ཆོས། ཨ་རི་བ་བླ་མ་དཀར་པོ་གསུམ་གྱིས་བོད་བརྒྱུད་ནང་བསྟན་ཨ་རིར་དར་སྤེལ་གཏོང་ཐབས་དང་། བོད་དང་ཨ་རིའི་བར་ཆབ་སྲིད་འབྲེལ་ལམ་འཛུགས་ཐབས་བྱེད་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་ཡིན། ཞེས་བརྗོད་སོང་།

དེ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་རྩོམ་སྒྲིག་འགན་འཛིན་ཟུར་པ་དང་ཨ་རི་བ་བླ་མ་དཀར་པོའི་ཞུ་དག་པ་ཚོང་རུ་སེངྒེ་ལགས་ཀྱིས། སྤྱིར་བཏང་ང་ཚོ་མི་རིགས་གང་དང་གང་ཡིན་ཡང་ལོ་རྒྱུས་དེ་རྩ་ཆེན་པོ་ཡིན་ལྟར། རྗེས་རབས་པ་ཚོས་ལོ་རྒྱུས་ཤེས་དགོས་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ལེགས་ཆ་མང་པོ་ཞིག་ལེན་དགོས་པ་མ་ཟད། ཉེ་རབས་ལོ་རྒྱུས་ལ་སྙིགས་དོར་བཅུད་ལེན་གྱིས་ལོ་རྒྱུས་ཀྱི་ཐོག་ནས་གོམ་པ་གསར་པ་ཞིག་སྤོ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་དང་། ཨ་རི་བ་བླ་མ་དཀར་པོ་ཞེས་པ་དེ་ཕྱི་ལོ་ ༡༩༠༩ ནས་༡༩༤༧ བར་གྱི་མི་ཞིག་ཡིན་པ་དང་། ཁོང་མི་ག་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར་ལྷག་བསམ་རྣམ་དག་གིས་ཨ་རིའི་ནང་ནང་ཆོས་དར་སྤེལ་གཏོང་འདོད་ཡོད་མཁན་ཞིག་ཡིན་ཡང་། བོད་ནང་རྭ་སྟག་དོན་རྐྱེན་བྱུང་རྗེས་ཁོང་བསྐྱར་དུ་བོད་ལ་ཕེབས་ཐུབ་མེད་པ་སོགས་ལོ་རྒྱུས་མང་པོ་ཡོད་ཀྱང་། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་སྙིགས་དོར་བཅུད་ལེན་བྱས་ཏེ་ལོ་རྒྱུས་ཀྱི་དཔེ་དེབ་མང་པོར་ལྟ་མི་དགོས་པ་ཞིག་དང་། ལྷག་པར་དུ་དབྱིན་ཡིག་མི་ཤེས་མཁན་ཞིག་ཡིན་ན་བོད་ཡིག་གི་ཐོག་ནས་ལོ་རྒྱུས་ཀྱི་རྒྱུ་ཆ་མང་པོ་ཞིག་རག་གི་ཡོད། སྐད་ཡིག་གཉིས་པ་ཤེས་མཁན་ཞིག་ཡིན་ན་དེབ་དེར་གཞི་བཅོལ་ནས་དགེ་འདུན་ཆོས་འཕེལ་གྱི་སྐོར་དང་། རྭ་སྟག་དོན་རྐྱེན། ཨ་རིའི་སྲིད་འཛིན་སོ་གཉིས་པར་ཕྱག་ཡིག་བསྐུར་བ་དང་། ཨ་རི་བ་བླ་མ་དཀར་པོས་བོད་ཀྱི་ཐང་ག་དང་རིན་པོ་ཆེ་སོགས་ཧ་ཅང་འབོར་ཆེན་ཨ་རིའི་ནང་གདན་འདྲེན་ཞུས་ཡོད་པ་མ་ཟད། ཕྱིས་སུ་ཐང་ག་སོགས་དངོས་པོ་ཁ་ཤས་རེ་ཕྱིར་འཕྲོད་མེད་པ་སོགས་ལོ་རྒྱུས་ཀྱི་གནད་འགག་མང་པོ་ཞིག་ངོ་སྤྲོད་བྱས་ཡོད་སྟབས། དེབ་དེ་བཀླག་པ་ཡིན་ན་གསར་པ་མང་པོ་ཞིག་ཤེས་རྟོགས་ཡོང་ཐུབ་སྐོར་དང་།  ཁོང་ནས་དུས་རྒྱུན་བོད་མི་རིགས་འདི་ག་འདྲ་ཞིག་ཡིན་མིན་མཐོང་དགོས་ན། བོད་སྐད་ཡིག་དང་རིག་གཞུང་། བོད་ཀྱི་ཁོར་ཡུག་ཅིག་ནས་མཐོང་དགོས་པ་རེད་མ་གཏོགས་སྐད་ཡིག་གཞན་ཞིག་གི་ཐོག་ནས་བོད་ཆ་ཚང་བ་ཞིག་མཐོང་ཐུབ་ཁག་པོ་རེད་བསམ་གྱི་ཡོད་སྐོར་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ཉམས་ཞིབ་པ་དང་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས། ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ནང་བཙན་བྱོལ་ནང་རྩོམ་རིག་གི་ཐད་ནས་མི་མང་པོ་ཞིག་ལ་བསམ་ཚུལ་ཡོད་པ་རེད་ལ།  ང་རང་ཚོ་དངོས་དོན་གྱི་ཆ་ནས་ཀྱང་རྒྱུས་མངའ་གང་ལ་གང་ཙམ་ཡོད་བསྡད་པ་ཞིག་ཆགས་ཡོད་པ་རེད། དང་ཐོག་ང་ཚོ་བཙན་བྱོལ་ནང་དུ་རྩོམ་པ་པོ་རྒན་གྲས་ཁག་ཅིག་ཡོད་པ་དང་། དེ་ནས་དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་རྩོམ་པ་པོ་ལའང་རིམ་གྱིས་འགྱུར་བ་ཕྱིན་ཏེ་རྩོམ་ཆོས་ཀྱི་སྤུས་ཀ་དང་རྣམ་པའང་འགྱུར་ནས་ཡོང་བ་རེད། བར་ལམ་ནས་རྩོམ་པ་པོ་རྒན་པ་མང་ཆེ་བ་ཞིག་གི་བརྩམས་ཆོས་ཞེ་དྲག་མཇལ་རྒྱུ་མེད་པའི་གནས་སྟངས་ཆགས་ཡོད་པ་དང་། རྩོམ་པ་པོ་དང་ཉམས་ཞིབ་པ་གསར་པ་མང་པོ་ཞིག་ཡར་ཕེབས་ནས་རྩོམ་ཡིག་གི་སྤུས་ཀ་སོགས་གང་ཅིའི་ཆ་ནས་གནའ་སྔ་མོ་ལས་འཐུས་སྒོ་ཚང་བ་དང་། སྤུས་ཀ་དག་པ་དེ་འདྲ་རིགས་ཤིག་ཡོང་གི་ཡོད་པ་རེད། དེ་འདྲ་ཡོང་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། སྔོན་མའི་རྩོམ་པ་པོ་ཚོས་བརྩམས་བཞག་པའི་དེབ་དེ་ཚོ་རྨང་གཞི་བྱས་པའི་ཐོག་ནས་རྩོམ་པ་པོ་ཕྱི་མ་རྣམས་ཀྱིས་ཡར་གོམ་པ་སྤོ་ཡོང་དུས། སྔ་མ་ལས་ཕྱི་མ་འཐུས་སྒོ་ཚང་བ་དང་རྣམ་པ་མ་འདྲ་བ། སྤུས་ཀ་དག་པ་ཡོང་གི་ཡོད་པ་དེ་ཆོས་ཉིད་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།  དེའི་ཁྲོད་ནས་གཅིག་རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་ཚང་རེད། ཁོང་གི་བརྩམས་ཆོས་རེ་རེ་བཞིན་ཀློག་རྒྱུ་བྱུང་མེད་ཀྱང་རེ་ཟུང་བཀླགས་པའི་ཁྲོད་ནས་རྣམ་པ་མ་འདྲ་བ་དང་དེའི་ནང་ནས་ལེགས་ཆ་ལེན་དགོས་པ་མང་པོ་ཞིག་མཐོང་གི་ཡོད་སྟབས། གཞོན་སྐྱེས་རྩོམ་པ་པོ་ཁོང་ལ་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་ཆེད་དུ་བཅར་ཡོད་པ་དང་། དེ་རིང་དཔེ་དེབ་དབུ་འབྱེད་ལ་བཅར་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་པ་དེ་ནི། ང་ཚོ་བཙན་བྱོལ་ནང་ག་དུས་ཡིན་ནའང་བོད་ཡིག་བརྩམས་ཆོས་ཕྱི་ལོག་ལ་བཏོན་ཡོང་དུས། ཀིརྟིའི་བྱེས་པ་གྲྭ་ཚང་དེ་བོད་ཡིག་གི་བརྩམས་ཆོས་ཀློག་མཁན་མང་ཤོས་གྲས་ཤིག་ཆགས་བསྡད་ཡོད་དུས། རྩོམ་པ་པོ་ཞིག་དང་ཀློག་མཁན་ཞིག་གི་ངོས་ནས་ཕར་བལྟས་ཡོང་དུས་གལ་ཆེན་པོ་མཐོང་བ་དང་། སོ་སོའི་ངོས་ནས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་གལ་ཆེན་པོར་བརྩི་བའི་ཐབས་ཤེས་རིམ་པར་བསྟེན་དགོས་ཀྱི་ཡོད་སྟབས། དེ་རིང་གི་དུས་ཚོད་དེ་རང་ལ་ཉེ་སྔོན་ཁོང་དང་རོགས་པ་འགས་འགྲེམ་སྤེལ་བྱས་པའི་དཔེ་དེབ་<<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ>>སྟོད་སྨད་གཉིས་ཀྱི་འཕྲུལ་དེབ་སྒོ་འབྱེད་ཀྱི་དྲ་ལམ་ཚོགས་འདུར་མཉམ་ཞུགས་མ་བྱས་པར་དཔེ་དེབ་སྒོ་འབྱེད་འདི་ལ་བཅར་ཡོད་སྐོར་སོགས་བརྗོད་སོང་།

ཡང་བཙན་བྱོལ་ནང་གི་ཉམས་ཞིབ་རྩོམ་པ་པོ་རྣམསལ་ལོ་རྒྱུས་ཀྱི་རྒྱུ་ཆ་རག་དཀའ་བའི་སྐོར་ཁོང་གིས།  ཞིབ་འཇུག་གི་ལམ་ནས་བརྩམས་ཆོས་སྤེལ་མཁན་ཞིག་ལ་མཚོན་ན། ལས་དོན་གལ་ཆེན་ཞིག་ནི་དཔྱད་གཞིའི་རྒྱུ་ཆ་འཚོལ་སྒྲུབ་བྱ་རྒྱུ་དེ་རེད། རྒྱལ་ཁབ་གཞན་དག་གི་གནས་བབ་མི་ཤེས་ཀྱང་། ཨ་རིའི་མི་དམངས་དཔེ་མཛོད་ཁང་ལ་མཚོན་ན། རྒྱུ་ཆ་ཕལ་མོ་ཆེ་གཡར་རྒྱུ་ཡོད་ལ། གལ་ཏེ་ཀློག་མཁན་གྱིས་འཚོལ་བཞིན་པའི་དཔེ་དེབ་གང་ཞིག་དཔེ་མཛོད་ཁང་དེར་མེད་ན། དཔེ་མཛོད་ཁང་གིས་འཛམ་གླིང་གི་ས་ཆ་གང་དུ་འཚོལ་དགོས་ཀྱང་བཙལ་ནས་མཁོ་སྤྲོད་གནང་བ་ཡིན། དེ་ལ་ཀློག་མཁན་གྱིས་སྦྲག་གླ་ཙམ་ལས་སྤྲོད་མི་དགོས། འགྲོ་ལུགས་འདིས་ངའི་ཡིད་དབང་འཕྲོག་མྱོང་ཡོད། བཙན་བྱོལ་དུ་དཔེ་མཛོད་ཁང་ཆེ་ཆུང་ཧ་ཅང་མང་ཡང་། དེ་དག་གིས་ཀློག་མཁན་གྱི་དགོས་མཁོ་བརྒྱ་ཆའི་ཅི་ཙམ་ཞིག་སྐོང་ཐུབ་མིན་མི་ཤེས། གང་ལྟར། བཞུགས་སྒར་རྡ་རམ་ས་ལར་བསྡད་དེ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ན། དབྱིན་ཡིག་གི་དཔེ་དེབ་མང་པོ་ཞིག་ལ་གོང་ཆེན་སྤྲད་ནས་ཉོ་དགོས་ཀྱི་འདུག  རྒྱུ་མཚན་ནི་དབྱིན་སྐད་ཀྱི་དཔེ་ཆ་འཛོམས་པའི་དཔེ་མཛོད་ཁང་ཞིག་མེད་པའི་རྐྱེན་གྱིས་རེད། ཉེ་ལམ་དབྱིན་ཡིག་གི་དཔྱད་རྩོམ་ཞིག་དྲ་ཐོག་ནས་རྙེད་ཀྱང་། དེ་ཉིད་ཕབ་ལེན་བྱེད་ཆོག་པ་ཙམ་ལ་ཡང་ཨ་སྒོར་ ༣༤ སྤྲོད་དགོས་ཟེར། དབྱིན་ཡིག་གི་དཔེ་དེབ་དང་རྩོམ་ཡིག་ལ་རིན་གོང་ཆེ་བ་ཉམས་ཞིབ་རྩོམ་པ་པོ་ཚོས་སྔར་ནས་ཤེས་ཀྱང་། ཀློག་མཁན་སྤྱིར་བཏང་བ་སོགས་ཀྱིས་མི་མཁྱེན། སྤྱིར་བོད་དབྱིན་གྱི་དཔྱད་གཞིའི་རྒྱུ་ཆ་འཚོལ་སྒྲུབ་དང་དཔེ་དེབ་ཉོ་བ་དང་འབྲེལ་ནས་བོད་ཀྱི་དཔེ་མཛོད་ཁང་རྣམས་ཀྱི་གནས་བབ་དང་། ཉམས་ཞིབ་རྩོམ་པ་པོ་དག་གི་དཀའ་ངལ་སོགས་ལ་གླེང་དགོས་པ་དང་ཤེས་དགོས་པ་མང་ཡང་། མི་ཕལ་མོ་ཆེས་ཤེས་ཀྱི་མེད་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese