མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་པས་དཔྱད་པ་བྱས་པའི་ཐོག་ནས་སྦྱིན་པ་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ནད་ཡམས་ཞི་བའི་རྗེས་སུ་རྒྱ་གར་གྱི་སྲིད་བློན་མུ་ཌི་མཆོག་དང་འབྲེལ་ཡོད་བློན་ཆེན། སློབ་དཔོན་ཆེན་པོ་སོགས་ལ་མཇུལ་འཕྲད་གནང་སྟེ་དེང་དུས་ཀྱི་ཤེས་ཡོན་དང་རྒྱ་གར་གྱི་རིག་གནའ་རབས་རིག་གཞུང་གཉིས་ཟུང་དུ་སྦྲེལ་བའི་སྐོར་གསུང་གླེང་གནང་རྒྱུ་ཡིན་སྐོར་གསུངས་སོང་།

H.H The 14th Dalai lama

དེ་རིང་༧གོང་ས་མཆོག་གིས་བཞུགས་སྒར་དྷ་རམ་ས་ལ་ནས་དྲ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཌའེ་ལན་གྷ་ནཱ་ཡི་རྒྱལ་ས་ཧེ་ཌི་རཱ་བྷཌ་ནང་ཡོད་པའི་ (Dr. Reddy’s) ནད་རིགས་བརྟག་དཔྱད་ཁང་གི་ཟུང་འབྲེལ་གཙོ་སྐྱོང་དང་འཛིན་སྐྱོང་གཙོ་འཛིན་སྨན་པ་ (G.V. Prasad) དང་ལྷན་དུ་བྱམས་བརྩེ་དང་འཕྲོད་བསྟེན་གྱི་བརྗོད་གཞིའི་ཐོག་གསུང་གླེང་དང་བཀའ་འདྲིར་བཀའ་ལན་གནང་ཡོད་པ་དང་། ༧གོང་ས་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་བཞུགས་ཡུན་རིང་ཤོས་དེ་ཡིན་པའི་སྐོར་ལ་མགོན་པོ་གང་ཉིད་ཀྱིས། ཁྱེད་རང་ཚོས་ངོས་རང་ལ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། རྒྱ་གར་ནི་ངོས་རང་གི་ཕ་ཡུལ་རེད། ངོས་རང་གི་སྐྱེས་ཡུལ་བོད་རེད་དེ་མི་ཚེ་ཕལ་མོ་ཆེ་རྒྱ་གར་ནང་དུ་སྐྱེལ་བ་རེད། ཕྱི་ལོ་ ༡༩༥༩ ལོ་ནས་རྒྱ་གར་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱི་ཁོར་ཡུག་ཞི་བདེ་བག་ཕེབས་ཤིག་ཡིན་པ་ངོས་རང་གི་མྱོང་བས་བསྒྲུབས་པ་ཡིན། ཆོས་ལུགས་ཀྱི་འགྲོ་སྟངས་ལ་ཆ་བཞག་ན་རྒྱ་གར་ནང་ཆོས་ལུགས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་ཆོས་ལུགས་མཐུན་སྒྲིལ་ཡག་པོ་འདུག ཕྱོགས་གཅིག་ནས་ཞུས་ན་རྒྱ་གར་ནི་རང་དབང་ལུང་པ་རེད། ངོས་རང་གི་བསམ་བློའི་ནང་གང་ཡོད་པ་རྣམས་འཛེམས་ཟོན་མེད་པར་བཤད་ཐུབ་པ་དང་རྒྱ་གར་ཙམ་མིན་པར་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཐུབ་པའི་ནུས་པ་ཡོད་པའི་ལུང་པ་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་གར་གྱི་མགྲོོན་པོ་ཡིན་པ་ལ་སྤོབས་པ་ཡོད་པ་དང་། དེའི་ནང་ནས་རྒྱ་གར་གྱི་སྐུ་མགྲོན་ཡུན་རིང་ཤོས་ཆགས་ཀྱི་ཡོད་རེད། སྐུ་མགྲོན་ཡིན་རུང་སྐུ་མགྲོན་དེས་རྒྱ་གར་ལུང་པ་ལ་དཀའ་ངལ་བཟོས་ཡོད་མ་རེད། ངོས་རང་རྒྱ་གར་ནང་དུ་བསྡད་པར་སྤྲོ་སྣང་ཡོད། ཅེས་གསུངས་སོང་།

འཛམ་གླིང་མི་མང་ནས་༧གོང་ས་མཆོག་གི་རླབས་ཆེན་མཛད་བཟང་ལ་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད་པ་དེས་སྐུ་ཚེ་ཡུན་རིང་བརྟན་པར་ཕན་ཐོགས་ཀྱི་ཡོད་སྐོར་ལ་མགོན་པོ་གང་ཉིད་ཀྱིས། ཁ་སང་ངོས་རང་གི་སྐྱེས་སྐར་ཆགས་ཀྱི་ཡོད་པ་རེད། ས་ཁུལ་གང་ས་ནས་སྐྱེས་སྐར་སྲུང་གཙི་བྱས་ནས་འཚམས་འདྲི་གནང་མཁན་མང་པོ་ཡོད་དུས་དེ་རིང་གོ་སྐབས་བཟུང་ནས་འཚམས་འདྲི་གནང་མཁན་གྱི་མི་མང་སྤྱི་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ (Nancy Polesi) གཙོས་པའི་དབུ་ཁྲིད་ཆ་ཚང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ངོ་ཤེས་པ་ནས་བཟུང་ཁ་ཙམ་མིན་པར་དངོས་སུ་བོད་ལ་ཕྱིན་ཏེ་རྒྱ་མིའི་གནད་ཡོད་དབུ་ཁྲིད་ལ་བཀའ་མོལ་གནང་བ་དང་དྷ་རམ་ས་ལར་ཕེབས་པ་རེད། དེར་བརྟེན་རྒྱུན་རིང་ནས་འགྲོགས་པའི་བོད་དོན་རྒྱབ་སྐྱོར་བ་དང་ངོས་རང་གི་གྲོགས་པོ་ (Nancy Polesi) གཙོས་པའི་གྲོགས་པོ་གཞན་མང་པོ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དེ་བཞིན་དབུ་ཁྲིད་གཞན་རྒྱ་གར་གྱི་སྲིད་བློན་མོ་ཌི་དང་མངའ་སྡེའི་སྲིད་བློན། ཆབ་སྲིད་པ་མང་པོ་ཞིག་གིས་ཁ་སང་ངོས་རང་གི་སྐྱེས་སྐར་ལ་འཚམས་འདྲི་གནང་གི་འདུག དེ་དག་ཆ་ཚང་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ངོས་རང་གིས་ངོས་འཛིན་བྱེད་པ་ཞིག་ལ་ཁོང་ཚོས་ངོས་རང་ལ་འཚམས་འདྲི་གནང་བ་དེ་འདྲ་ཆགས་ཆགས་མིན་པར་ཁ་ཞེ་གཉིས་མེད་ཀྱི་འཚམས་འདྲི་ཡིན་པར་ངོས་འཛིན་ཞུ་ཡི་ཡོད། ངོས་རང་གི་མི་ཚེ་བེད་སྤྱོད་ཡོད་པ་ཞིག་གཟིགས་ནས་ཡི་རངས་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཡི་རངས་བསྔགས་བརྗོད་ཀྱི་ཚིག་བརྗོད་པའི་གནས་ཚུལ་བྱུང་དུས་ངོས་རང་གི་མི་ཚེ་གང་ཐུབ་ཀྱིས་རིང་པོ་བསྡད་དགོས་བསམ་པའི་འདུན་པ་སྐྱེས་ཀྱི་འདུག གཉིད་ལམ་ནང་དུ་རྟགས་མཚན་གཞན་པའི་ཐོག་ནས་དཔྱད་པ་བྱེད་ན་ངོས་རང་གི་མི་ཚེ་འདི་ལོ་ངོ་ ༡༡༠ ཡང་ན་ ༡༡༣ སྡོད་རྒྱུའི་རེ་བ་ཡོད་པ་རེད། མི་གཞན་གྱི་བརྩེ་བའི་སེམས་པ་དང་གུས་བཀུར། རེ་འདོད་བཅངས་པ་དེས་ངོས་རང་ལོ་ངོ་ ༡༡༠ ཙམ་སྡོད་དགོས་བསམ་པའི་སེམས་ཤུགས་དྲག་པོ་ཡོད། ཞེས་གསུངས་སོང་།

ཡང་ཁོང་གིས། རྒྱ་གར་གྱི་སྐུ་མགྲོན་ཡིན་པའི་ཆ་ནས་ངོས་རང་རྒྱ་གར་ནང་དུ་ཞི་བདེ་བག་ཕེབས་ངང་ནས་གནས་ཀྱི་རེད། ཉིན་གཅིག་གི་བྱ་གཞག་དབང་དུ་བྱེད་ན་ཆུ་ཚོད་འགའ་ཤས་ཤིག་སྒོམ་སྒྲུབ་ཀྱི་ཉམས་ལེན་བྱེད་ཀྱི་ཡོད་རེད། ཉམས་ལེན་བྱ་རྒྱུའི་གཞི་རྩ་དེ་རྒྱ་གར་གྱི་གནའ་རབས་རིག་གཞུང་ཆགས་ཀྱི་ཡོད་པ་རེད། གཙོ་བོ་ན་ལེནྜའི་རིག་གཞུང་བཟང་པོ་དང་འབྲེལ་བའི་ཤེས་ཡོན་ཉམས་ལེན་ཆགས་ཀྱི་ཡོད་རེད། ངོས་རང་ལ་ཉེན་རྟོག་པའི་གྲོགས་པོ་ཞིག་ཡོད། ཁོང་གིས་ང་ལ་སྐུ་རྩེད་དང་འབྲེལ་ནས་ན་ལེནྜའི་སློབ་སྤྱི་གསུང་གི་ཡོད་རེད། མིང་འདི་སྙིང་རྗེ་མོ་འདུག དངོས་ཡོད་གནས་ཚུལ་ལ་ངོས་རང་གྲྭ་པ་དཀྱུས་མ་ཞིག་དང་དེའི་ནང་ནས་སྐྱབས་བཅོལ་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་ངོས་རང་གི་རྒྱུན་ལྡན་གྱི་ཉམས་ལེན་འདི་དུས་རབས་བརྒྱད་པ་ནས་བཟུང་བོད་ལ་ན་ལེནྜའི་རིག་གཞུང་དར་ནས་དེ་ལ་མུ་མཐུད་ཉམས་ལེན་བྱེད་བཞིན་པ་རེད། དུས་རབས་བརྒྱད་པའི་སྐབས་སུ་ན་ལེནྜའི་མཁས་དབང་ཆེན་པོ་མཁན་ཆེན་ཞི་བ་འཚོ་བོད་ནང་དུ་གདན་འདྲེན་ཞུས་ཏེ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་ནང་དུ་གཏན་འབེབ་གནང་སྟེ་སངས་རྒྱས་བསྟན་པའི་རྨང་གཞི་བཙུགས་པ་རེད། ཅེས་གསུངས་སོང་།

ཡང་དཔྱད་ཞིབ་ལྡན་པའི་བྱམས་སྙིང་རྗེ་ཡི་ཉམས་ལེན་གལ་ཆེན་ཡིན་པའི་སྐོར་ལ་་ཁོང་གིས། བྱམས་པའི་ཉམས་ལེན་བྱེད་པར་ཡིད་ཆེས་ཙམ་མིན་པར་རིག་པའི་སྒོ་ནས་དཔྱད་པ་བྱས་ནས་སྒྲུབ་དགོས་ཀྱི་ཡོད་པ་རེད། བྱམས་སྙིང་རྗེ་ཉམས་ལེན་ཡག་པོ་ཡོད་ན་འཚེ་མེད་ཞི་བ་རང་བཞིན་གྱིས་ཡོང་གི་ཡོད་རེད། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ་ནི་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་བཟང་པོ་རེད། འཚེ་མེད་ཞི་བ་དང་བྱམས་པ་ངེས་པར་དུ་དགོས་ཀྱི་ཡོད་རེད། འཛམ་གླིང་གི་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཡོད་པ་རེད། ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་དེ་ཁག་ཁག་རེད། མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་བྱམས་སྙིང་རྗེ་མེད་པའི་རྐྱེན་གྱིས་རེད། དེར་བརྟེན་རྒྱ་གར་གཞུང་གི་སྐུ་མགྲོན་ཡིན་པའི་ཆ་ནས་ངོས་རང་གི་བྱ་སྤྱོད་ཡོངས་རྫོགས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་གོང་འཕེལ་གཏོང་བར་དམ་བཅའ་བརྟན་པོ་བཟུང་བ་ཡིན། རྒྱ་གར་གྱི་གནའ་རབས་ཀྱི་བཤད་སྲོལ་ཡོད་པ་ལས་ཆོས་ལུགས་ལ་རིས་སུ་མ་ཆད་པའི་ཐབས་ལམ་གྱི་སྒོ་ནས་བྱམས་སྙིང་རྗེ་གོང་འཕེལ་གཏོང་བའི་ལུགས་སྲོལ་ཡོད་པ་རེད། སྤྱིར་བཏང་ཆོས་ལུགས་མང་པོ་ཡོད་རེད་དེ། ཆོས་ལུགས་ཆ་ཚང་ལ་གུས་བཀུར་ཡོད་པ་རེད། ཆོས་ལུགས་ཡོངས་ཀྱིས་བྱམས་བརྩེའི་སྐོར་གཅིག་གྱུར་གསུང་གི་ཡོད་རེད། ལྟ་གྲུབ་ཀྱི་དབང་དུ་བྱེད་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གཉིས་ཀ་ཡོད་པ་རེད། ལྟ་གྲུབ་མི་འདྲ་བ་ཡོད་ནའང་ལྟ་གྲུབ་དེ་དག་གི་གྲུབ་དོན་བསླབ་བྱ་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་ཆགས་ཀྱི་ཡོད་དུས། ཆོས་ལུགས་མཐུན་སྒྲིལ་ཡོང་བའི་གཞི་རྩ་དེ་རེད། རྒྱ་གར་ནང་དུ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་ཕན་ཚུན་གུས་བཀུར་དང་མཛའ་བརྩེ་ཡོད་པ་ཡག་པོ་རེད། ངོས་རང་གི་ཉམས་མྱོང་དང་ཤེས་ཡོན་ཡོད་པ་དེ་རྒྱ་གར་གྱི་ཆོས་ལུགས་ལ་མ་བརྟེན་པའི་ཐབས་ལམ་དེ་རེད། འཛམ་གླིང་ནང་གཞན་ལ་འཚེ་བ་དང་འབྲེལ་བའི་དཀའ་ངལ་མང་པོ་ཡོད་དུས། དེ་ལ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་སྔོན་ནས་ཡོད་པའི་རིག་གཞུང་བཟང་པོ་དེ་ཕན་ཐོགས་ཡོད་པ་རེད། དེང་དུས་ཤེས་ཡོན་དང་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་ནས་སྤེལ་རྒྱུའི་དམ་བཅའ་ཡོད། ནད་ཡམས་ཞི་བའི་རྗེས་སུ་རྒྱ་གར་གྱི་སྲིད་བློན་མོ་ཌི་དང་འབྲེལ་ཡོད་བློན་ཆེན། སློབ་དཔོན་ཆེན་པོ་སོགས་ལ་ཐུག་འཕྲད་བྱས་ཏེ་དེང་དུས་ཀྱི་ཤེས་ཡོན་དང་རྒྱ་གར་གྱི་རིག་གནའ་རབས་རིག་གཞུང་གཉིས་ཟུང་དུ་སྦྲེལ་བའི་སྐོར་གྲོས་མོལ་བྱ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་ནས་བཀའ་འདྲི་བཀའ་ལན་གྱི་ལས་རིམ་ནང་བརྟག་དཔྱད་ཁང་དེའི་ཆེད་ལས་པ་ཨེ་མི་རཱ་ཤཱ་(Ameera Shah)ལགས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་རྒྱུ་དང་དཔལ་འབྱོར་གསོག་སྒྲུབ་མང་པོ་གནང་གི་ཡོད་པ་རེད། གཞན་ལ་སྦྱིན་པ་གཏོང་བའི་སྐབས་སུ་སོ་སོ་ལ་འདང་གི་མེད་པའི་དཀའ་ངལ་འཕྲད་པ་དེ་ལ་གདོང་ལེན་གང་འདྲ་གནང་དགོས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། བྱ་བ་བཟང་ངན་གང་ཡིན་རུང་ཤེས་རབ་དང་འབྲེལ་ནས་ཡོང་གི་ཡོད་པ་རེད། ལས་ཀ་གང་འདྲ་བྱེད་རུང་རིག་པའི་སྒོ་ནས་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་རེད། གཞན་ལ་སྦྱིན་པ་བཏང་བ་ཡིན་རུང་སྦྱིན་པ་གཏོང་སའི་ཡུལ་དེ་ཨ་རག་མང་པོ་འཐུང་མཁན་ཡིན་ན། དེ་ལ་དངུལ་མང་པོ་སྤྲད་པ་དེས་ཁོ་རང་ལ་སྡུག་བསྔལ་ཆེ་རུ་འགྲོ་ཡི་ཡོད་པ་དེས་ཕན་ཐོགས་ཡོང་གི་མེད་པ་རེད། དངུལ་སྦྱིན་པ་གཏོང་བའི་སྐབས་སུ་ཚོད་བྱེད་དགོས་ཀྱི་ཡོད་པ་རེད། གཞན་ལ་སྦྱིན་པ་གཏོང་བའི་སྐབས་སུ་ཕུགས་ལ་ཕན་གྱི་ཡོད་མེད་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་རེད། བཟང་པོའི་ལས་ཡིན་རུང་ལས་ཀ་གང་འདྲ་བྱེད་དགོས་མིན་སོ་སོས་དཔྱད་པ་བྱེད་དགོས་ཀྱི་ཡོད་པ་རེད། བྱམས་སྙིང་རྗེ་ཉམས་ལེན་གང་འདྲ་བྱས་རུང་རིག་པས་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese