མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་གཙོ་བོར་གྱུར་བའི་འཛམ་གླིང་གི་གནད་ཡོད་མི་སྣ་ཁག་ཅིག་གིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་རྒྱ་གར། ཐའེ་ཝན་སོགས་ཀྱི་ཆབ་སྲིད་དབུ་འཁྲིད་རྣམས་གཙོ་བོར་གྱུར་བའི་འཛམ་གླིང་གི་གནད་ཡོད་མི་སྣ་ཁག་ཅིག་དང་ནོ་སྦེལ་གཟེངས་རྟགས་ཚོགས་པ་སོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས་ཁོང་སྐུ་ཚེ་བརྟན་ཞིང་རླབས་ཆེན་གྱི་མཛད་པ་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུས་འདུག

Prime Minister Narendra Modi with Tibetan spiritual leader H.H The Dalai Lama.

དེ་ཡང་རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷར་མུ་དྷི་མཆོག་སྐུ་སྒེར་གྱི་ཊེ་ཝི་ཊུར་ (Twitter) དྲ་བར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་པར་བརྒྱུད་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པ་དང་། མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཞིང་སྐུ་གཟུགས་གསལ་ཐང་ཡོང་བའི་འཚམས་འདྲི་ཞུས་ཡོད་ཅེས་བྲིས་གནང་འདུག་ལ།  དེ་བཞིན་རྒྱ་གར་དབུས་གཞུང་གི་རྩེད་རིགས་བློན་ཆེན་ ( Kiren Rijiju)མཆོག་དང་། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཀེར་ཇི་རི་ཝལ་(Arvind Kejriwal)མཆོག ཨ་རུ་ཎ་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་སོགས་ནས་༧གོང་ས་མཆོག་སྐུ་ཚེ་བརྟན་ཞིང་། བྱམས་དང་སྙིང་རྗེའི་རླབས་ཆེན་གྱི་མཛད་པའི་འོད་སྣང་ཕྱོགས་བཞིར་རྒྱས་པའི་སྨོན་འདུན་ཞུས་འདུག

Antony Blinken, The United States secretary of state

དེ་བཞིན་ཨ་རིའི་ཕྱི་འབྲེལ་བློན་ཆེན་ཨན་ཐོ་ནི་བྷི་ལན་ཁིན་(Antony Blinken)མཆོག་དང་གྲོས་ཚོགས་འོག་མིའི་དབུ་འཁྲིད་ལྕམ་ནན་སི་པེ་ལོ་སི་མཆོག དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷོ་ཝིན་( Jim MC Govern )མཆོག་གི་དབུས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་འཚམས་འདྲི་ཞུས་པ་དང་སྦྲགས། ༧གོང་ས་མཆོག་ནས་ང་ཚོ་ཚང་མར་བྱམས་སྙིང་རྗེ་དང་བསམ་ཤེས། ཡ་རབས་བཟང་སྤྱོད་ལྡན་པའི་ཐོག་ནས་འཚོ་གནས་བྱེད་དགོས་པའི་ལམ་སྟོན་གནང་བཞིན་ཡོད་སྐོར་དང་། འཛམ་གླིང་མི་མང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་ཞུ་དོན་ནི། ཁོང་གིས་འཇིག་རྟེན་ཀུན་ཁྱབ་ཀྱི་བདེན་པ་དང་རིན་ཐང་སོགས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བ་ལ་བརྟེན་ནས་བྱུང་བ་ཡིན་ལ། ༧གོང་ས་མཆོག་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་དྲང་བདེན། འཚེ་མེད་ཞི་བདེའི་ཆེད་རླབས་ཆེན་གྱི་མཛད་པ་སྐྱོང་བཞིན་པར་ཡི་རང་བསྔགས་བརྗོད་ཞུས་འདུག

Nancy Pelosi, speaker of the United States House of Representatives

ཨ་རིའི་གྲོས་ཚོགས་འོག་མའི་དབུ་འཁྲིད་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་ནན་སི་པེ་ལོ་སི་མཆོག་གི་འཚམས་འདྲིའི་ནང་། ཨ་རིིའི་གྲོས་ཚོགས་འོག་མའི་དབུ་འཛིན་གྱི་ངོས་ཐོག་ནས། ཨ་རིའི་གྲོས་ཚོགས་འོག་མའི་མགྲིན་ཚབ་པ་བྱས་ཏེ།   བོད་མི་དང་བོད་ཀྱི་གྲོགས་པོ་ཚོ་དང་ལྷན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་།  འཁྲུངས་སྐར་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་དང་ཆོས་ཕྱོགས་ཀྱི་མཛད་པར་དྲན་གསོ་ཞུ་བའི་གོ་སྐབས་ཤིག་ཡིན་ལ།  དེ་ནི་ཞི་བདེ་ལ་དགའ་བའི་མི་རྣམས་ཀྱིས་རྒྱ་ནག་གཞུང་ནས་འཇིགས་སྐུལ་དང་དམ་དྲག་སོགས་གང་ཡང་མེད་པར། བོད་མི་ཚོས་རང་དབང་གི་ཐོག་ནས་ཆོས་ལུགས་བྱེད་སྒོ་ཁག་སྤེལ་ཆོག་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སུང་སྐྱོབ་བྱེད་པར་རྒྱབ་སྐྱོར་དང་རོགས་འདེགས་བྱ་རྒྱུའི་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན། དེ་འབྲེལ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབ་ཟིན་པ་བཞིན། ཨ་རིས་གྲོས་ཚོགས་གོང་འོག་གཉི་ཀས་མུ་མཐུད་དུ་ལས་འགུལ་མང་ཙམ་སྤེལ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

དེ་བཞིན་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་སྤྱི་ཚོགས་དྲ་ལམ་དུ་གོང་ས་མཆོག་ནས་འགྲོ་བ་མི་ཚང་མ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པའི་སྐོར་གྱི་བཀའ་སློབ་ཅིག་ལུང་འདྲེན་གནང་བ་དང་འབྲེལ་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག དེ་བཞིན་གྱི་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝུན་མཆོག་ནས་སྒེར་གྱི་སྤྱི་ཚོགས་དྲ་ལམ་བརྒྱུད་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་ནང་། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཞིང་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་པ་དང་སྦྲགས། ༧གོང་ས་མཆོག་ནས་ཏོག་དབྱིབས་གཉན་རིམས་རྒྱ་ཁབ་ཀྱི་དཀའ་ངལ་ཁྲོད་ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་གཅིག་ཕན་གཅིག་གྲོགས་བྱེད་དགོས་པའི་གལ་ཆེའི་རང་བཞིན་སྐོར་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་དུ། བོད་མི་གཙོས་༧གོང་ས་མཆོག་ལ་བློ་ཐག་ཉེ་བའི་མི་རྣམས་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་དགོས་མདོ་སྔགས་ཟུང་དུ་འབྲེལ་བའི་རྗེ་ཙོང་ཁ་བའི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སློབ་དགོས་སྐོར་དང་། དེ་ནི་ཁོང་ནས་མི་མང་ལ་གནང་བའི་སྐྱེས་སྐར་གྱི་ལེགས་སྐྱེས་ཡིན་སྐོར་གསུངས་འདུག་ལ། དེེ་བཞིན་མགོན་པོ་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་མང་པོས་དགའ་མོས་དང་བརྩེ་བ་ཆེན་པོ་གནང་གི་ཡོད་པ་དང་། ལྷག་པར་དུ་མགོན་པོ་གང་གི་དགྱེས་པའི་བཞད་མོ་ལ་དགའ་མོས་ཆེན་པོ་གནང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་། ཁོང་གི་༸སྐུ་ཚེ་ཧྲིལ་པོ་འགྲོ་བ་སྤྱི་དང་ཁོར་ཡུག་སྲུང་སྐྱོབ་ཆེད་གཏོང་གནང་རྒྱུ་དང་། དེ་བཞིན་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཡོད་ཀྱང་རང་དབང་ལུང་པ་འདིའི་རང་དབང་རྣམས་སྤྱད་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་དང་ཆོས་ལུགས་མཐུན་སྒྲིལ་སོགས་གོང་སྤེལ་མཛད་བཞིན་པ་ནི། ༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡིན་སྐོར་གསུངས་འདུག་པ་མ་ཟད། འཛམ་གླིང་མི་མང་གིས་ཁོང་གི་རླབས་ཆེན་གྱི་མཛད་པར་ངོས་འཛིན་དང་ཡི་རང་བསྔགས་བརྗོད་ཞུ་བཞིན་པ་དེས་དགུང་གྲངས་ ༡༡༠ ལ་བཞུགས་པར་སྐུལ་མ་ཆགས་ཀྱི་ཡོད་སྐོར་གསུངས་འདུག

 

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    དུས་བབ་གསར་ཁང་ཧང་སང་མདོག་ཁ་པོ་ རྒྱ་གར་གྱི་དཔོན་རིགས་དང་། ཨ་རིའི་དཔོན་རིགས་ཚོས་ ༧གོང་ས་མཆོག་ལ་ Happy Birthday ? འཚམས་འདྲི་ཞུ་བཞིན་འདུག་ཟེར། Happy Birthday To You ད་ ཨ་ཁུ་ནེ་ཙོ་ཡང་ལབ་ཤེས་ཀྱི་རེད། ༧གོང་ས་མཆོག་ནས་སྔ་མོ་ནས་ ང་ལ་ སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་དེ་་་ ༼ཁྱེད་ཚོ་སེམས་པ་བཟང་པོ་བྱེད་རོགས་བྱེད།༽ རྒྱ་གར་བོད་དོན་ཐོག་་་ གོ་རྒྱུ་ཚོར་རྒྱུ་ནི་མེད། བོད་རྒྱ་ཁོངས་ཡིན་པ་བཅའ་ཁྲིམས་འགྱུར་བ་མེད་པ་གནས་མུས་ཡིན། ཨ་རི་ནི་རྒྱ་དམར་ལ་ཁ་གཏད་དང་མར་ཕབ་དགོས་ཀྱི་ཡོད། འཚམས་འདྲི་དེ་ནི་ བོད་རྒྱ་གྲོས་མོལ་ Viruse? ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese