མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་ཞིག་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་བ་སྐུ་ཞབས་ཝར་བྷ་དྷཱ་རཱ་ལགས་འདས་གྲོངས་སུ་ཕྱིན་པར་བརྟེན། དེ་རིང་ནས་རྩིས་པའི་ཉིན་གསུམ་རིང་མངའ་སྡེ་གཞུང་ནས་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་པ་རེད།

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༣།༣༠ སྟེང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་ཝར་བྷ་དྷཱ་རཱ་སིང་(Virbhadra Singh )​ ལགས་སྙིང་རྩ་འགག་པའི་རྒྱུ་རྐྱེན་འོག་སིམ་ལ་ཨིན་གྷི་ར་གྷན་དྷི་སྨན་སློབ་ཀྱི་སྨན་ཁང་དུ་དགུང་ལོ་ ༨༧ སྟེང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མངའ་སྡེ་གཞུང་གིས་དེ་རིང་ཕྱི་ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་འདུག

རྒྱ་གར་ཧིན་རྡུ་གསར་ཁང་གི་གནས་ཚུལ་ལྟར་ན། ཧི་མ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་ཟུར་བ་ཁོང་ལ་འདི་ལོའི་ཕྱི་ཟླ་བཞི་བ་དང་ཟླ་དྲུག་པའི་ཚེས་ ༡༡ བཅས་བསྟུད་མར་ཏོག་དབྱིབས་གཉན་རིམས་ཐེངས་གཉིས་རིང་འགོས་ཏེ། ཅན་དྷི་གྷར་དང་སིམ་ལར་སྨན་བསྟེན་བྱས་པ་བརྟེན་ནས་དྲག་སྐྱེས་བྱུང་སྟེ་སིམ་ལའི་རང་ཁྱིམ་དུ་ལོགས་ཐུབ་པ་བྱུང་ཡོད་ཀྱང་། དབུགས་གཏོང་ལེན་ཐད་དཀའ་ངལ་མུ་མཐུད་འཕྲད་ཀྱི་ཡོད་ཅིང་།  ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཁོང་ལ་གློ་བུར་དུ་སྙིང་ནད་བྱུང་སྟེ་སིམ་ལ་རུ་གྷན་དྷི་སྨན་སློབ་ཀྱི་སྨན་ཁང་དུ་ཛ་དྲག་མྱུར་སྐྱོབ་འོག་བཞག་ཡོད་ཅིང་། གྷན་དྷི་སྨན་སློབ་ཀྱི་སྨན་པ་ཇའེ་ནག་ར་ཇི་ (Janak Raj) ལགས་ཀྱིས། བློན་ཆེན་ཟུར་བ་ཁོང་གི་དབང་པོ་མང་པོར་སྐྱོན་ཤོར་ཡོད་སྟབས། དེ་རིང་འདས་གྲོངས་སུ་ཕྱིན་སོང་ཞེས་བརྗོད་ཡོད་པ་རེད།

སྐུ་ཞབས་ཝར་བྷ་དྷཱ་རཱ་སིང་ལགས་དབུས་ས་གཉིས་ཀྱི་ཆབ་སྲིད་ནང་ཞུགས་ཏེ་བཟང་ངན་གཉིས་ཀྱི་གནད་དོན་མང་པོ་བྱུང་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༠༩ ལོར་ཧི་མ་ཅལ་མངའ་སྡེའི་ལྐོག་ཟ་རུལ་སུངས་དོ་དམ་ཚན་པས། བློན་ཆེན་ཟུར་བ་ཁོང་དང་བཟའ་ཟླ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་བཙུགས་ཤིང་། ལྐོག་ཟའི་གྱོད་དོན་དེ་ས་གནས་ནས་གཙང་དག་ཅིག་བཟོ་མ་ཐུབ་པར་བརྟེན། དབུས་རྟོག་ཞིབ་ཚོགས་པས་འགན་ལེན་གྱིས། ད་ལྟའང་གྱོད་དོན་གཙང་སེལ་བྱེད་ཐུབ་མེད་ཅིང་། ལྐོག་ཟའི་གྱོད་དོན་འོག་བློན་ཆེན་ཁོང་དང་བཟའ་ཟླ་གཉིས་འཛིན་བཟུང་བྱས་ཏེ་གཏའ་དངུལ་འོག་ཀློད་གྲོལ་ཐོབ་པ་སོགས་དགའ་སྡུག་གི་ལོ་ཟླ་མང་པོ་བརྒྱུད་དགོས་བྱུང་ཡོད་པ་རེད།

སྐུ་ཞབས་ཝར་བྷ་དྷཱ་རཱ་སིང་ལགས་ཕྱི་ལོ་ ༡༩༦༢ ལོར་ཐོག་མར་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་སྟེ། ཕྱི་ལོ་ ༡༩༦༧ ནས་༢༠༠༩ བར་གྱི་ལོ་ངོ་བསྟུད་མ་བརྒྱུད་མངའ་སྡེའི་གྲོས་ཚོགས་འཐུས་མི་ཐེངས་ ༩ དང་དབུས་གྲོས་ཚོགས་འཐུས་མི་ཐེངས་ ༥། དེ་བཞིན། ལོ་རྒྱུུས་ནང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐབས་བཞི་དང་། ཧི་མ་ཅལ་གྱི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཐེངས་ ༦ རིང་གནང་མྱོང་བ་སོགས་དབུས་ས་གཉིས་ཀྱི་གྲོས་ཚོགས་འོག་མའི་གནད་ཡོད་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
སྐུ་ཞབས་ཝར་བྷ་དྷཱ་རཱ་སིང་ལགས་ཕྱི་ལོ་ ༡༩༣༤ ཟླ་ ༦ ཚེས་ ༢༣ ཉིན་ཧི་མ་ཅལ་གྱི་རྒྱལ་ས་སིམ་ལའི་བྷ་ཤཱར་(Bashahr) རྒྱལ་རྒྱུད་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ལྡེ་ར་རྡུན་དང་སིམ་ལ་སོགས་ནས་སློབ་ཆུང་དང་སློབ་འབྲིང་འགྲིམས་ཤིང་། ལྡི་ལི་སི་ཊེ་ཧྥི་མཐོ་སློབ་ནས་གཙུག་ལག་རམས་འབྱམས་པ་མཐར་ཕྱིན། ཁོང་མི་ཚེ་ཁོར་མོ་ཡུག་ལ་གཉེན་སྒྲིག་ཐེངས་གཉིས་རིང་བྱས་ཏེ་ཁྱོན་བྱིས་པ་ ༤ ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist