མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཟས་ཟ་ཁང་ཞིག་དབྱིན་ཡུལ་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ནང་ཚུད།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་དབྱིན་ཡུལ་གྱི་བྷི་བྷི་སིའི་ཟས་རིགས་དང་ཞིང་ལས་གཟེངས་རྟགས་ཀྱི་རྟིང་རྩོད་འགྲན་སྡུར་ནང་ཡུལ་དེར་ཡོད་པའི་བོད་ཟས་ཟ་ཁང་(Taste Tibet)ཞེས་པ་ཚུད་འདུག་ལ་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་མཐའ་མའི་ཐག་གཅོད་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

ཁ་སང་ཨོག་སི་ཧྥོར་ཌི་མེལ་(Oxford Mail) ཞེས་པའི་དྲ་རྒྱའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཡུལ་གྱི་གྲོང་ཁྱེར་ཨོག་སི་ཧྥོར་ཌིའི་མེག་ཌ་ལེན་རྒྱ་ལམ་ཟུར་དུ། བོད་མི་ཡེ་ཤེས་བྱམས་པ་ལགས་དང་ཁོང་གི་བཟའ་ཟླ་ཇུ་ལི་ཀི་ལི་མན་ (Julie Kleeman) གཉིས་ཀྱིས་གཉེར་བཞིན་པའི་བོད་ཟས་ཟ་ཁང་ Taste Tibet ཞེས་པ་དེ། འདི་ལོའི་དབྱིན་ཡུལ་བྷི་བྷི་སིའི་ཟས་རིགས་དང་ཞིང་ལས་གཟེངས་རྟགས་ཀྱི་རྟིང་རྩོད་འགྲན་སྡུར་ནང་ཚུད་ཡོད་འདུག

དེ་ཡང་ལོ་ལྟར་དབྱིན་ཡུལ་གྱི་གཞུང་འབྲེལ་བྷི་བྷི་སི་ (BBC) བརྒྱུད་ལམ་གྱིས་དབྱིན་ཡུལ་གྱི་རྒྱལ་ཡོངས་ནང་ཟ་ཁང་གཉེར་བ་དང་། ཞིང་ལས་ཐོན་སྐྱེད་བརྒྱུད་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གཏོང་མཁན་རྣམས་ལ་དམིགས་ཏེ། རིག་ཚན་མི་འདྲ་བའི་ཐོག་ལ་རྒྱལ་ཡོངས་འགྲན་སྡུར་ཞིག་ཚུགས་ཀྱི་ཡོད་པ་ལྟར། འདི་ལོར་བོད་མི་ཡེ་ཤེས་བྱམས་པ་ལགས་དང་ཀི་ལི་མན་ཁྱོ་ཤུག་གཉིས་ཀྱིས་གཉེར་བའི་བོད་ཟས་ཟ་ཁང་དེས་འགྲན་སྡུར་གྱི་རིམ་པ་མང་པོ་བརྒྱུད་རྗེས། སྲང་ལམ་ཁ་ཟས་དང་kkkkk་ཁ་ཟས་ཡག་ཤོས་ (Best Street Food and Takeaway) ཀྱི་ཚན་པའི་རྟིང་རྩོད་འགྲན་བསྡུར་ནང་སླེབས་ཐུབ་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཡེ་ཤེས་བྱམས་པ་ལགས་སུ་རྟིང་རྩོད་འགྲན་སྡུར་ནང་ཚུད་པར་སེམས་ཚོར་ཅི་བྱུང་དྲིས་པར་ཁོང་གིས། ད་ལན་གྱི་འགྲན་སྡུར་ནང་འོས་ཤོག་འཕེན་མཁན་དེ་མི་མང་རང་ཡིན་དུས། དབྱིན་ཡུལ་གྱི་ཟ་ཁང་སྟོང་ཕྲག་ནང་ནས་མཐའ་མའི་ཨང་གསུམ་པའི་ནང་བསླེབས་པ་དེར་ང་རང་དགའ་ཚོར་ཆེན་པོ་བྱུང། ངའི་ནང་མི་ལྟ་བུར་མཚོན་ན་མི་ཐོག་ནས་ཁ་ལག་བཟོ་མཁན་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་ཁ་ལག་དེས་སོ་སོའི་རིག་གཞུང་ཞིག་མཚོན་གྱི་ཡོད་པ་དང་། གཉིས་ནས་ང་ཚོའི་ཁ་ལག་དེ་ཚོ་བོད་པའི་ཁ་ལག་རེད་ཅེས་བོད་པའི་མིང་དེ་བསླེབས་ཡོང་དུས་དགའ་ཚོར་སྐྱེ་ཡི་འདུག ཅེས་དང་། ཡང་ཁོང་གིས། ད་ལྟའི་ཆར་ངས་བོད་པའི་ཁ་ལག་བཟོ་ཐབས་ཀྱི་དེབ་ཅིག་འབྲི་མུས་ཡིན་པས་མ་འོངས་པར་དངོས་སུ་འདོན་རྒྱུའི་དམིགས་ཡུལ་ཡོད། ཅེས་བརྗོད་བྱུང་།

ཡེ་ཤེས་བྱམས་པ་ལགས་ཀྱི་བཟའ་ཟླ་ཀི་ལི་མན་ལགས་ཀྱིས། ངོ་མ་བསམ་ཡུལ་ལས་འདས་སོང་། ང་ཚོས་གོ་ཐོས་བྱུང་བ་ལྟར་ན་ད་ལན་གྱི་འགྲན་སྡུར་ནང་མི་གྲངས་ཧ་ཅང་མང་པོས་ང་ཚོར་རྒྱབ་སྐྱོར་བྱས་ཡོད་འདུག གང་ལྟར་དུས་སྐབས་བཟང་པོ་ཞིག་ལ་ང་ཚོས་ངེད་ཅག་གི་འཛད་སྤྱོད་པ་དང་གྲོགས་འཁོར་ལྷན་དུ་རྟེན་འབྲེལ་ཞིག་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

བྷི་བྷི་སིའི་གནས་ཚུལ་ལྟར་ན། འདི་ལོའི་འགྲན་སྡུར་ནང་སྔར་དང་མི་འདྲ་བར་ཁ་ཟས་ཀྱི་སྤུས་ཚད་ཙམ་མ་ཟད། འདས་པའི་ལོ་གཅིག་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་ཟ་ཁང་ངོས་ནས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་གཉེར་ཡོད་མེད་ལའང་ལྟ་ཡི་ཡོད་འདུག་པ་ལྟར། ཡེ་ཤེས་བྱམས་པ་ལགས་ཀྱི་ཟ་ཁང་ངོས་ནས་དབྱིན་ཡུལ་ནང་སྒོ་རྒྱ་ཐོག་མ་དེ་བསྡམས་པ་ནས་བཟུང་དབྱིན་ཡུལ་གཞུང་གི་སྨན་བཅོས་ (NHS) ཚན་པའི་ལས་བྱེད་རྣམས་དང་། དེ་བཞིན་ས་གནས་ཀྱི་རོགས་སྐྱོར་ཚོགས་པ་ Oxford Mutual Aid ཞེས་པ་ཞིག་དང་མཉམ་འབྲེལ་ཐོག་གཉན་རིམས་ཀྱི་གཉན་འཕྲང་དུས་སྐབས་སུ་དགོས་མཁོ་ཅན་ལ་རིན་མེད་ཐོག་ཟས་རིགས་བགོ་འགྲེམ་བྱས་ཡོད་འདུག་ལ། བོད་ཟས་ཟ་ཁང་དེས་གཙོ་བོ་མོག་མོག་དང་ཤ་བག་ལེབ། བོད་ཇ། བག་ལེབ། ཐུག་པ་སོགས་འཚོང་གི་ཡོད་འདུག

ད་ལྟའི་ཆར་ཡེ་ཤེས་བྱམས་པ་ལགས་དང་ཀི་ལི་མན་ཁྱོ་ཤུག་གཉིས་ཀྱི་བོད་ཟས་ཟ་ཁང་དང་ལྷན་དུ་འགྲན་ཞུགས་པ་གཞན་གཉིས་ཡོད་ཅིང་། མི་རིང་བར་འགྲན་སྡུར་གྱི་དཔྱད་འདེམས་པས་ཟ་ཁང་རེ་རེར་སྐོར་ཞིབ་གནང་སྟེ། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡༣ ཉིན་བྷི་བྷི་སི་རླུང་འཕྲིན་ཁང་གིས་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་བྱ་གཏན་འཁེལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

མཆན། 1

  1. Sonam Gyaltsen says:
    ལོ་ 1 སྔོན།

    དབྱིན་ཇི་ལ་ཟབ་ཟབ་བྱེད་མ་གཏོགས། བོད་ཕུང་མཁན་ཞིག་རེད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist